དེ་རིང་ནི2026ལོའི་ཟླ04པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-20 09:18:52   |   137

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྤེལ་ཏེ། ཚེས18ཉིན་བར་ཆར་ཆུ་འབབ་ཚད་ཏུན་དུང་ཕྱུར1.06ཙམ་མང་དུ་ཕྱིན་པ་དང་། བྱང་ཕྱོགས་ཀྱི་ས་གཞི་ཆེ་མོར་ཆུ་ཁ་གསབ་བྱས་ཏེ་དཔྱིད་རྨོད་དཔྱིད་འདེབས་ལ་རོགས་རམ་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས2026ལོའི“གལ་ཆེན་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་གཉིས་པའི་གསལ་ཐོ་གཤམ་སྤྲོད་བྱས་པ་དང་། ཡུན་རིང་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར2168བཀོད་སྒྲིག་བྱས་ནས་རྣམ་གྲངས་གལ་ཆེན336ལ་རྒྱབ་སྐྱོར་བྱས།

  • 《སྨན་བཅོས་འགན་བཅོལ་གྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཉེ་ཆར་པར་འགྲེམ་བྱས་ཤིང་། དེའི་ཁྲོད་ཞིབ་ཕྲའི་བྱེད་ཐབས་ཁག14བཏོན་ཡོད།

  • ད་ལོའི་དུས་ཚིགས་དང་པོར་སྔོན་ཐོན་རྒྱུ་ཆ་དང་། ཆ་འཕྲིན་ལག་རྩལ་རབས་གསར་པ། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཀྱིས་མཚོན་པའི་ཐོན་སྐྱེད་ནུས་ཤུགས་གསར་པའི་ལས་རིགས་ཀྱི་གདན་ཞུའི་དགོས་མཁོ་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་ཞིབ་འཇུག་གསར་སྤེལ་ལག་རྩལ་ལས་གནས་ཀྱི་དགོས་མཁོ་མངོན་གསལ་དོད་པོས་འཕར་ཡོད།

  • རང་རྒྱལ་གྱི་སྐྲན་ནད་འགོག་བཅོས་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། ཞིབ་འཇུག་གསར་གཏོད་ཀྱི་སྨན་རྫས་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་གསུམ་ཆ་གཅིག་ཙམ་བཟུང་ཡོད་ལ། ཁུང་རྐྱང་གཤགས་བཅོས་འཕྲུལ་མི་སོགས་སྨན་བཅོས་ལག་རྩལ་“0ནས1བར”ཚད་བརྒལ་བྱུང་ཡོད།

  • སྐབས139པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོའི་དྲ་ཐོག་འགྲེམ་སྟོན་ཚེས19ཉིན་མཇུག་སྒྲིལ་བ་དང་། ཚོང་འདུས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་གྲངས་འབོར་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་ལས་བརྒལ་ཡོད།

  • ཤར་རྒྱུད་གཡུལ་ཁུལ་གྱིས་དམག་གྲུའི་རུ་དཔུང133པ་སྒྲིག་འཛུགས་བྱས་ཏེ་ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་སུ་སྦྱོང་བརྡར་བྱ་འགུལ་སྤེལ།

  • འཇར་པན་གྱིས་ཐུན་མོང་ཐོག་གསར་སྤེལ་བྱས་པའི་མིང་ཐོག་ནས་ཨོ་སི་ཁྲུ་ལི་ཡར་སྲུང་སྐྱེལ་དམག་གྲུ་ཕྱིར་གཏོང་བྱ་རྒྱུ་རེད།

  • པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་ཨ་རིས་ཁྲིམས་འགལ་ངང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་བྱས། ལུའུ་ལ་ཡིས“ང་ཚོས་ཉིན་ལྟར་ཞོགས་པར་གཉིད་སད་པ་ནས་མཚན་མོར་གཉིད་ཁུག་པའི་བར་ཙུང་ཐུང་ཞིག་གིས་སྦྱར་ཡིག་ཐོག་ནས་འཛམ་གླིང་ལ་འཇིགས་སྐུལ་དང་དམག་འཁྲུག་སློང་བ་མཐོང་རྒྱུ་ཡོད་ན་མི་འགྲིག”ཅེས་བཤད།

    སྤྱི་ཚོགས།

  • 2026ལོའི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”དེ་རིང་མགོ་ཚུགས་པ་དང་། ད་ཐེངས་ཀྱི་བྱེད་སྒོའི་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་དཔེ་ཀློག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཐོས་བསམ་གྱི་སྤྱི་ཚོགས་མཉམ་དུ་སྐྲུན་དགོས”ཞེས་པ་དེ་རེད།

1.jpg

  • ཚེས19ཉིན་ནི་ལུགས་རྙིང་གི་ཟླ་གསུམ་པའི་ཚེས་གསུམ་ཡིན་ཞིང་། རང་རྒྱལ་གྱི་ས་ཆ་མང་པོས་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོ་སྤེལ་ནས“ཟླ་གསུམ་པའི་ཚེས་གསུམ”གྱི་སྲོལ་རྒྱུན་དུས་ཆེན་ལ་རོལ།

  • ད་ལྟ་གཉེར་བཞིན་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཉིན་ཤས་གོང་གྲོང་ཁྱེར་གྱི་ལྟེ་བའི་ཚོང་རར་ཕྱིན་ཏེ་མཐོངས་ཡངས་གློག་བརྙན་ཐེངས20ཙམ་བསྟན་པ་དང་། གྲོང་མིའི་གློག་བརྙན་ལྟ་བའི་མྱོང་ཚོར་ཕུན་སུམ་ཚོགས་སུ་བཏང་ཡོད།

  • 2026གསེར་བྱའི་སྒྱུ་རྩལ་གློག་བརྙན་འགྲེམ་སྟོན་དེ་ཧྲང་ཧའེ་རུ་གཉེར་བ་དང་། གློག་བརྙན10གཅིག་སྡུད་ཐོག་བསྟན།

  • རང་རྒྱལ་གྱི་དུད་ཚང་ཁྲི10རིམ་པའི་རླངས་ཆིང་བསྲེས་མའི་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་རྣམ་གྲངས་ཐོག་མ་དེ་ཚེས19ཉིན་ཧྲན་ཏུང་ཝུའེ་ཧྥང་དུ་དངོས་སུ་སྤེལ་མགོ་ཚུགས། རླངས་ཆིང་བསྲེས་མ་ཡིས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཉུང་དུ་གཏོང་ཐུབ་པ་དང་། གྲོང་མིས་སྔར་ཡོད་ཀྱི་འབར་རླངས་སྒྲིག་ཆས་བརྗེ་མི་དགོས།

  • ཧྲན་ཞི་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་སྤྱི་བདེ་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་ནས་ཨ་རག་རྫུས་མའི་དྲ་རྒྱ་ཧ་ཅང་ཆེན་པོ་ཞིག་བདེ་བླག་ངང་མེད་པར་བཟོས་པ་དང་། དབང་ཆར་བཙན་གནོད་དང་ཨ་རག་དཀར་པོའི་དོགས་ཡོད་སྒམ་ཁྲི2ཙམ་རྩད་ཆོད་ལ། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར2.6རྩད་ཆོད།

2.jpg

  • སྐབས43པའི་ཝུའེ་ཧྥང་རྒྱལ་སྤྱིའི་ཤོག་བྱའི་རྒྱས་འཛོམས་མགོ་ཚུགས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ57ནས་ཡོང་བའི་ཤོག་བྱ2300ལྷག་ཙམ་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་ཡོད།

3.jpg


  • ཉེ་ཆར་ཞིན་ཅང་ཁུན་ཡུས་གྲོང་ཁྱེར་ཐ་ཁེ་ལ་མ་ཀན་བྱེ་ཐང་འགྲམ་གྱི་གྲོ་མུའུ8000ནི་ས་ཆེན་བརྒྱན་པའི་ཨ་ལོང་དང་ཀུན་ནས་མཚུངས།

    དོ་སྣང་།

4.jpg

  • ཟླ4པའི་ཚེས19ཉིན། 2026ལོའི་པེ་ཅིང་དབྱི་ཀྲོང་མི་དབྱིབས་འཕྲུལ་མིའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་གི་མགོ་བརྩམས། ཆི་ཐེན་ཏ་ཧྲེང་རུ་ཁག་གི་རང་བརྟེན་ཕྱོགས་སྟོན་འཕྲུལ་མི་སྟེ“གློག་ཞགས”ཀྱིས་སྐར་མ50དང་སྐར་ཆ26གི་སྐར་འབྲས་ལ་བརྟེན་ནས་ཨང་དང་པོ་བླངས། སྐར་འབྲས་དེ་མིག་སྔའི་སྐར་མ57དང་སྐར་ཆ20ཡི་མིའི་རིགས་ཀྱི་སྐྱེས་པའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་གི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཡོད། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། “འགྲན་བསྡུར་ལ་བརྟེན་ནས་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ”བཅས་བྱེད་དགོས་ལ། རྒྱུག་ལམ་རིང་མོ་འདི་ལས་ཐོན་ལས་ཀྱི་འཕོ་འགྱུར་ཆེན་པོ་མཐོང་ཐུབ། མི་དབྱིབས་འཕྲུལ་མི་མཱ་ལ་སུང་རྒྱང་རྒྱུག་གི་མཐའ་སྣེར་སླེབས་སྐབས། ཁོང་ཚོའི་གོམ་སྟབས་དེ་མཐར་དེ་བས་རིང་བའི་འབྱུང་འགྱུར་དུ་སླེབས་ཐུབ་ངེས་རེད། ཀྲུང་གོའི་རིག་ནུས་བཟོ་སྐྲུན་ལ་རེ་སྒུག་བྱེད་རིན་ཡོད།

    འཚོ་བའི་ཞབས་ཞུ།

5.png

  • གནམ་གཤིས། ཚེས19ཉིན་གྱི་དགོང་མོ་ནས་ཚེས23ཉིན་བར་དྲོད་གྲང་གཉིས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་ཁྱབ་ཁོངས་ཆེ་ཙམ་གྱི་ཆར་པ་འབབ་རྒྱུ་དང་། བྱང་ཕྱོགས་ས་ཁུལ་དུ་མཁའ་དབུགས་གྲང་མོའི་ཤུགས་རྐྱེན་གྱིས་ས་རྡུལ་འཚུབ་རྒྱུ་རེད། ཀྲུང་གོ་གནམ་གཤིས་ཅུས་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས།

  • གནམ་དཔྱད། ཚེས21ཉིན། ལྷག་པ་དང་མིག་དམར། སྤེན་པ་བཅས་ཀྱི་བར་ཐག་ཆེས་ཉེ་ཞིང་། གནམ་གཤིས་ལེགས་ཚེ་སྤྱི་དམངས་ཀྱིས་མཐོང་དཀོན་པའི་སྐར་མ་དེ་དག་གི་འདུ་འཛོམས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ།

  • འགྲོ་སྐྱོད། ལྕགས་ལམ12306གྱིས་ངན་སེམས་བཅངས་ནས་སྤ་སེ་འཕྲོག་རེས་བྱེད་པའི་བྱ་སྤྱོད་ལ་རྒྱུན་མཐུད་ངང་དབྱེ་འབྱེད་བྱས། འགྲུལ་པས་ངེས་པར་དུ12306གཞུང་ཕྱོགས་ལས་སྟེགས་སྤྱད་དེ་སྤ་སེ་ཉོ་དགོས་པ་དང་། “སྤ་སེ་འཕྲོག་བྱེད་ཀྱི་མཉེན་ཆས”བརྒྱུད་སྤ་སེ་ཉོས་ན་ལེགས་གྲུབ་བྱུང་ཚད་མང་དུ་འགྲོ་མི་སྲིད་པ་མ་ཟད། དེ་ལས་ལྡོག་སྟེ་དུས་ཡུན་རིང་བོ་འགོར་བའམ་ཡང་ན་སྤ་སེ་ཉོ་མི་ཐུབ་པའི་དཔེ་སྲིད་ཅེས་བཤད།


མཉམ་སྤྱོད།