དེ་རིང་ནི2026ལོའི་ཟླ04པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-21 09:11:14   |   56

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་སུ་བཞེས་མཁན་མུའུ་ཧན་མོ་ཏེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་།

  • དུས་ཚིགས་དང་པོར་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད། གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས8.9%འཕར་ཡོད། དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་བསྡུར་ཚད་ཀྱི་བཅུ་ཆ་གསུམ་ལས་བརྒལ་ནས་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ལྡན་ཡོད།

  • དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ཞབས་ཞུའི་སིལ་ཚོང་སྡོམ་འབོར་དུས་མཚུངས་ལས5.5%འཕར་བ་དང་འཕར་ཚད་དུས་མཚུངས་ཀྱི་ཚོང་ཟོག་སིལ་ཚོང་སྡོམ་འབོར་ལས་བརྒྱ་ཆའི་གྲངས3.3གྱིས་མཐོ།

000.jpg

  • ཚེས20ཉིན། ཀྲུང་གོའི་མཁའ་དམག་སྐྱེལ་འདྲེན—20Bདམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཤིག་ཧྭ་ཀྲུང་གནམ་ཐང་ཞིག་ནས་འཕུར་ཏེ་ལྷོ་ཁོ་རེ་ཡར་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་ཁག་བཅུ་གསུམ་པ་བསུ་བའི་བླ་ན་མེད་པའི་ལས་འགན་སྒྲུབ་ཏུ་སོང་།

  • ཉེ་ཆར་ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་དོན་ཁང་གིས་ཀྲུང་དབྱང་སྒྲིག་ཨུ་གཞུང་དོན་ཐིང་དང་མཉམ་དུ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན་བཞིའི་བརྡ་ཁྱབ་བཏང་།

  • ཀྲུང་གོ་མཁའ་འགྲུལ་ཡོ་བྱད་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་རེན་ཡུས་དང་ཀྲའོ་པའོ་ཧུའེ་སོགས་ཀྱི་སྲིད་འབྲས་ལྟ་བ་ནོར་འཁྲུལ་ཤོར་བ་དང་། རྩ་འཛུགས་ལ་མགོ་སྐོར་བཏང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་སོགས་ཀྱི་གནད་དོན་ཐད་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་།

2.jpg

  • ཚེས20ཉིན་རླངས་འཁོར་གྱི་ལྷུ་ལག་དང་འཕྲུལ་ཆས་སྒྲིག་ཆས་སོགས་དངོས་ཟོག་བླུགས་པའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཞིག་པེ་ཅིང་ནས་ཨ་ལ་མུའུ་ཐུའུ་རུ་བསྐྱོད། དེ་ནི་པེ་ཅིང་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་བཏང་བའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན།

  • ཕྱི་འབྲེལ་པུས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས《ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་མི་གཏོང་བའི་ཆིངས་ཡིག》ལག་བསྟར་བྱས་ཚུལ་སྐོར་གྱི་རྒྱལ་ཁབ་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས།

  • ས་གནས་དེ་གའི་ཚེས20ཉིན། འཇར་པན་གནམ་གཤིས་ཐིང་གི་ཆ་འཕྲིན་གསར་ཤོས་ལ་གཞིགས་ན། འཇར་པན་པིན་ཀྲོའུ་ཤར་རྒྱུད་ཀྱི་ཉེ་འགྲམ་མཚོ་ཁོངས་སུ་ཉིན་དེའི་ཕྱི་དྲོར་བྱུང་བའི་ས་ཡོམ་གྱི་རིམ་པ7.7དུ་བཟོ་བཅོས་བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ20ལ་བཟོ་བཅོས་བརྒྱབ།

    སྤྱི་ཚོགས།

  • སྙན་ཞུ་ལས་མངོན་པ་ལྟར་ན། 2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་བརྩམས་ཆོས་ཀྱི་སྡོམ་འབོར་ཁྲི7055.92ཟིན་པ་དེ་དུས་མཚུངས་ལས11.87%འཕར་ཡོད།

  • 2025ལོའི་ལོ་མཇུག་བར་རང་རྒྱལ་གྱིས་ཐོ་འགོད་བྱས་པའི་མི་མེད་གནམ་གྲུ་ཁྱོན་ཁྲི328.7ཟིན་པ་དེ་དུས་མཚུངས་ལས51.0%འཕར་ཡོད།

  • ཟླ་གསུམ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར8595ཟིན་པ་དེ་དུས་མཚུངས་ལས3.5%འཕར་ཡོད།

  • མིག་སྔར་རང་རྒྱལ་གྱིས་ཞིང་ཆེན་དང་གྲོང་ཁྱེར17དུ་གྲངས་གཞིའི་ཤེས་བྱའི་བདག་དབང་གི་ཚོད་ལྟའི་ལས་དོན་སྤེལ་བ་དང་། རིམ་རྩིས་བྱས་ན་གྲངས་གཞིའི་ཤེས་བྱའི་བདག་དབང་ཐོ་འགོད་རེ་ཞུ་བདག་སྤྲོད་བྱེད་ཚད་ཁྲི10ལས་བརྒལ་ཡོད། 

  • ཚེས20ཉིན་པེ་ཅིང་དང་ཐེན་ཅིན་གྱི་ཞིང་ཆེན་བརྒལ་བའི་སྤྱི་སྤྱོད་རླངས་འཁོར་དང་པོ་སྟེ“ཝུའུ་ཆིང་ཆེད་སྤྱོད་ལམ་ཐིག་དང་པོ”དངོས་སུ་ཤར་གཏོང་ཐུབ་ནས་ཚོད་ལྟའི་འཁོར་སྐྱོད་བྱས།

3.png

  • ནང་སོག་ཀྲེང་ལན་ཆི་རུ་སྟོན་ཁའི་བྱ་གག་ཁྲ་ཁྲའི་གཟུགས་བརྙན་ཐོག་མར་གསལ་པོར་བརྙན་རིས་སུ་བཀོད།

4.jpg

  • ནང་སོག་གི་མང་ཚོགས་ཀྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་ཁྱིམ་མི་བཞི་ཉེན་ཁར་འཕྲད། ཉེན་ཁའི་དུས་སུ་རེས་སྐོར་ངལ་གསོ་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་པ་ཅང་ལེ་ཐོག་ཁང་དུ་འཛེགས་ནས་མི་བཞི་སྐྱོབ་ཐུབ་པ་བྱུང་།

    དོ་སྣང་།

5.jpg

  • ཉེ་ཆར། རིན་མེད་ཁྲག་འབུལ་ལག་ཁྱེར་ལྐོག་ཚོང་བྱས་པའི་དོན་རྐྱེན་ལ་དོ་ཁུར་ཆེན་པོ་ཐོབ་ཡོད། ནག་སྤྱོད་བར་ཁེ་ཁ་ཤས་ཀྱིས“བརྩེ་སེམས་རོགས་སྐྱོར”དང“སྤྱི་ཕན་བྱེད་སྒོ”ཡི“ཞོར་ལས”ཀྱི་མིང་ཐོག་ནས་ཁྲག་འབུལ་མཁན་བསྡུས་ཏེ་རིན་མེད་ཁྲག་འབུལ་ལག་ཁྱེར་ཐོབ་རྗེས་ནད་པའི་ནང་མིར་འཚོང་གི་ཡོད། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། རིན་མེད་ཁྲག་འབུལ་ལག་ཁྱེར་ལྐོག་ཚོང་བྱེད་པ་ནི་སྲོག་སྐྱོབ་པའི་བརྩེ་སེམས་དེ་རིན་གོང་གསལ་པོར་བཀོད་པའི་ཚོང་ཟོག་ཏུ་བརྩིས་པ་ཞིག་ཡིན་ལ། སྔོན་ལ་ཁྲག་སྤྱོད་པའི་ལྗང་མདོག་བགྲོད་ལམ་དེ་དངུལ་ལོའི་ཉོ་ཚོང་གི་ལྐོག་ལམ་དུ་བསྒྱུར་ནས་སྤྱི་ཚོགས་ལ་གནོད་པ་གང་འདྲ་བཟོ་བཞིན་པར་མཐོང་ཆུང་བྱེད་མི་རུང་། ཐོན་ལས་སྦྲེལ་ཐག་ནག་པོ་འདི་མེད་པར་བཟོ་བར་ངེས་པར་དུ་མཉམ་དུ་རྡུང་རྡེག་གཏོང་དགོས། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་ཕུད། འབྲེལ་ཡོད་སྡེ་ཚན་གྱིས་གྲངས་གཞི་ཆེན་པོར་བརྟེན་ནས་རྒྱལ་ཡོངས་ཀྱི་ཁྲག་རྒྱུན་དོ་དམ་གྱི“དྲ་བ་གཅིག”བཙུགས་ཏེ་ཁྲག་ཁུག་མ་རེ་རེ་ཁུངས་འདེད་ཐུབ་པ་དང་ལག་ཁྱེར་ཚང་མར་ཞིབ་བཤེར་བྱེད་ཐུབ་པ་བྱེད་དགོས།

    འཚོ་བའི་ཞབས་ཞུ།

6.jpg

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་སེར་པོ་བཏང་བ་སྟེ། དེ་རིང་། ཀོང་ཞི་དང་ཧུའུ་ནན། ཅང་ཞི། ཧྲའན་ཞི་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་ཡོད་པ་དང་ས་ཆ་ཁག་ཅིག་ཏུ་ཐོག་ཆར་རླུང་འཚུབ་དང་སེར་བ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་འདུག

  • གནམ་དཔྱད། ད་ལོའི་ཆེས་ཆེ་བའི་མེ་ལྕེབ་སྨིན་མའི་ཟླ་བ་དེ་རིང་ནམ་མཁར་འཆར་རྒྱུ་དང་། གལ་ཏེ་གནམ་གཤིས་བཟང་ན། མང་ཚོགས་ཀྱིས་རྒྱུན་ལྡན་ལས་ཆེ་ཞིང་དཀར་ཆ་དོད་པའི་མེ་ལྕེབ་སྨིན་མའི་ཟླ་བ་ཞིག་མཐོང་བའི་གོ་སྐབས་ཡོད། སྐབས་དེར་ཟླ་བའི་གོ་ལའི་སྟེང་དུ་ད་དུང“ཟླ་བ་གསར་པས་ཟླ་བ་རྙིང་པ་བཏུམ་པའི” ངོ་མཚར་ཆེ་བའི་རྣམ་པ་མངོན་རྒྱུ་རེད།

  • ཧྲང་ཧེ། འབྲེལ་ཡོད་བྱེད་སྒོའི་དགོས་མཁོའི་དབང་གིས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། ཚེས21ནས26ཉིན་བར་གྱི་ཉིན་རེའི་ཆུ་ཚོད9:30ནས་ཆུ་ཚོད20:30བར་སུའུ་ཀྲོའུ་བྱང་མའི་ལམ(ཝུའུ་སུང་ལམ-ཆ་ཕུའུ་ལམ)དུ་རླངས་འཁོར་ཚང་མ་འགྲོ་སྐྱོད་བྱེད་མི་ཆོག


མཉམ་སྤྱོད།