དེ་རིང་ནི2026ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-22 09:22:40   |   107

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་དུས་རབས་གསར་པའི་ཀྲུང་མོའི་ལས་དབང་གཅིག་མཐུན་ཚོགས་པར་མཐོ་རུ་གཏོང་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་གནང་།

2.jpg

  • ཟླ4ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་དམིགས་བསལ་མངགས་ཏེ་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་དང་མཇལ་འཛོམས་གནང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུ་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས་ཏེ། 2030ལོར་སླེབས་སྐབས་ཞབས་ཞུ་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི100ཡི་སྐས་རིམ་དུ་སླེབས་རྒྱུ་ཁ་གསལ་བཏོན།

  • དུས་ཚིགས་དང་པོར་རང་རྒྱལ་གྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱི་མགོ་ཡག་པོ་ཞིག་བཙུགས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས6.1%འཕར་བ་དང་ཞིང་ཆེན31ཚང་མ་འཕར་བཞིན་ཡོད།

  • ཚེས20ཉིན་གྱི་དགོང་མོའི་བར། མ་རྐངAརུ་ཁྲོམ་ཞུགས་བྱས་པའི་སྤྱི་གཉེར2285ཡིས2025ལོའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་གཉེར1745ཡིས2025ལོའི་ལོ་འཁོར་གྱི་དངུལ་སྨར་ཁེ་སྤོགས་བགོ་བཤའ་རྒྱག་རྩིས་ཡོད་པ་དེའི་བསྡུར་ཚད་བརྒྱ་ཆ་བདུན་ལས་བརྒལ་ཡོད།

  • ཁག་བཅུ་གསུམ་པའི་ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས12དང་འབྲེལ་ཡོད་ཤུལ་བཞག་དངོས་རྫས་དེ་རིང་རྒྱལ་ནང་དུ་ལོག་རྒྱུ་རེད།

  • ཚེས21ཉིན་འཇར་པན་སྲིད་གཞུང་གིས་ནང་བློན་ཁང་གི་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ཤི་རྨས་རང་བཞིན་གྱི་མཚོན་ཆ་ཕྱི་ཕྱོགས་སུ་ཕྱིར་གཏོང་བྱེད་ཆོག་པའི་ཆོག་མཆན་སྤྲད། རང་རྒྱལ་ཕྱི་འབྲེལ་པུས་ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོགས་ཟོན་ཆེན་པོ་བྱས་ཏེ“འཇར་པན་དམག་རྒྱལ་རིང་ལུགས་གསར་པ”ཡི་ཧམ་རྒྱུག་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ལན་བཏབ།

  • དབྱི་རན་མཁའ་འགྲུལ་སྤྱི་གཉེར་གྱིས་ཉིན50ལ་འཕུར་མཚམས་བཞག་རྗེས་རྒྱལ་ནང་གི་དུས་གཏན་གནམ་གྲུ་ཚེས22ཉིན་སླར་གསོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • ཚེས21ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་སིལ་ཚོང་རིན་གོང་ཏུན་རེར་སོ་སོར་སྒོར555དང་སྒོར530བཅག་ཡོད།

  • ཀྲུང་གོའི་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས2027ལོའི་ཀྲུང་གོའི་རླངས་འཁོར་གསར་པའི་གདེང་འཇོག་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་ཏེ། ནུས་ཁུངས་གསར་པའི་གློག་གི་བདེ་འཇགས་དང་འགྲུལ་པ་སྲུང་སྐྱོབ་སོགས་ཀྱི་ཚོད་ལྟ་མང་པོ་ཁ་སྣོན་བྱས།

  • གསར་དུ་བཟོ་བཅོས་བརྒྱབ་པའི《ཚོང་ཟོག་གི་ཨང་རྟགས་དོ་དམ་བྱ་ཐབས》ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། ཁེ་ལས་ཀྱིས་ཨང་རྟགས་ལ་བརྟེན་ནས་སྤུས་ཚད་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་འཛད་སྤྱོད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་རེད།

  • སྐབས་གཉིས་པའི་འཛམ་གླིང་མིའི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ཟླ8པར་པེ་ཅིན་ནས་སྤེལ་རྒྱུ་རེད། འགྲན་བསྡུར་ནང་འཕྲུལ་མིའི་ཐག་འཐེན་སོགས་འགྲན་བསྡུར་རྣམ་གྲངས30ལྷག་ཙམ་བཀོད་སྒྲིག་བྱས་ཡོད་ཅིང་། “དེ་བས་རང་བརྟེན”དང“དེ་བས་བདེ་ལྕག་འཁྱུག་པོ”“དེ་བས་སྤྱོད་གོ་ཆོད་པ”བཅས་འབུར་དུ་མངོན་རྒྱུ་རེད།

3.jpg

  • ཧྲང་ཧའེ་ཡི་འབྲི་ཆུ་བརྒལ་བའི་ལྕགས་ལམ་འགྲིམ་འགྲུལ་ལས་གྲྭ་ཐོག་མ་སྟེ། ཧྲང་ཧའེ་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག22པའི་འཁོར་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། དེས་ཁྲུང་མིང་ཁུལ་དང་ཧྲང་ཧའེ་གྲོང་ཁྱེར་དབར་གྱི་བར་ཐག་ཉེ་རུ་གཏོང་རྒྱུ་རེད།

4.jpg

  • ཡུན་ནན་རུའེ་ལི་དགུང་སྔོན་རོགས་སྐྱོབ་རུ་ཁག་གི་རུ་མི་ཁྲེན་ཡན་ཧྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧོ་པ་གངས་རིའི་རོགས་སྐྱོབ་ལས་འགན་སྒྲུབ་རིང་སྟབས་མི་ལེགས་པར་གཞུང་དོན་དུ་སྐུ་གཤེགས་པ་དང་ལོ39ཡིན།

  • མིག་སྔར་སི་ཁྲོན་གྱིས་རིམ་རྩིས་བྱས་ན་ཕྱི་ཕྱོགས་སུ་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་ཁྲི2ལས་བརྒལ་བ་དང་། གཞི་ཁྱོན་དེ་ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱི2025ལོའི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྡོམ་འབོར་དང་ཧ་ལམ་མཚུངས།

5.jpg

  • རང་རྒྱལ་གྱི་ཚན་རིག་པས་ལོ་ངོ་དུང་ཕྱུར5.35སྔོན་གྱི་ལྷུ་ཚིགས་སྲོག་ཆགས་ཀྱི་དངོས་གཞིའི་འགྱུར་རྡོ་རྙེད་པ་དང་། ཆེས་སྔ་བའི་ལྷུ་ཚིགས་སྲོག་ཆགས་ཀྱི་དངོས་གཞིའི་འགྱུར་རྡོའི་ཟིན་ཐོ་མདུན་ཕྱོགས་སུ་ལོ་ངོ་ཁྲི1000ལས་བརྒལ་བར་སྐུལ་འདེད་བཏང་ཡོད།

    དོ་སྣང་།

6.jpg

  • “ཀྲང་ཞུའེ་མོ་ཊ”དམག་འཐབ་དང་པོའི་ནང་རྣམ་པར་རྒྱལ། ཀྲང་ཞུའེ་ལོ14ལ་སླེབས་སྐབས་སློབ་གྲྭར་མ་སོང་། མོ་ཊ་ཞིག་གསོ་མཁན་ནས་མོ་ཊ་ཨང་དང་པོའི་སྤུས་རྟགས་གསར་སྐྲུན་བྱེད་མཁན་དུ་གྱུར་བའི་གཏམ་རྒྱུད་དེ་མི་རྣམས་ཀྱི་ངག་ནང་གི་ལྷ་སྒྲུང་དུ་གྱུར་ཡོད། ད་དུང་དྲ་གྲོགས་ཁག་གཅིག་གིས་དེ་དང་ལོ30ཡི་རིང་སྒུལ་བྱེད་འཕྲུལ་འཁོར་ལ་ཞིབ་འཇུག་བྱས་ཀྱང་འཕྲུལ་འཁོར་ངོ་མ་ཞིག་བཟོས་མེད་པའི་རིགས་གཅིག་མཁས་ཅན་དང་བསྡུར་བ་བྱས་ཏེ། དཔེ་ཀློག་ལ་དགེ་བ་མེད་པའི་སྐོར་ཡང་བསྐྱར་མང་བོ་གླེང་བཞིན་ཡོད། མི་དམངས་ཉིན་རེའི་ཚགས་པར་གྱི་ས་གཞི་ཆེན་པོའི་དཔེ་ཐོ་ཡིས་དཔྱད་གཏམ་སྤེལ་བ་སྟེ། དཔེ་ཀློག་གིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཤོས་དེ་དམིགས་ཡུལ་མིན་པར་བརྒྱུད་རིམ་ཡིན། ནུས་ཤུགས་ཡོད་རྒུས་སློབ་སྦྱོང་བྱས་ཏེ། བློ་གྲོས་དང་ཉིང་བཅུད་ཁོང་དུ་ཆུད་པ་མ་ཟད། བློ་སྟོབས་ཆེ་ཤོས་ལ་བརྟེན་ནས་ཀློག་ཐུབ་པ་དང་། བློ་སྟོབས་ཆེན་པོས་ལག་ལེན་བྱས་ཏེ། གནམ་འོག་གསར་པ་ཞིག་བསྐྲུན། འདི་ལྟ་བུའི་དཔེ་ཀློག་འཚོ་བ་ནི་ནམ་ཡང་ང་ཚོར་མཁོ་བ་ཡིན།

    འཚོ་བའི་ཞབས་ཞུ།

7.jpg

  • གནམ་གཤིས། ཚེས21ཉིན་གྱི་ཆུ་ཚོད20ནས་ཚེས22ཉིན་གྱི་ཆུ་ཚོད20བར་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་དབུས་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཧུའུ་ནན་གྱི་དབུས་རྒྱུད་དང་། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད། 

  • དཔེ་ཀློག རྒྱལ་ཁབ་དཔེ་མཛོད་ཁང་གིས་གཙོ་ཁྲིད་བྱས་ནས་བསྐྲུན་པའི“སྤུས་ལེགས་དཔེ་དེབ་ཐོན་ཁུངས་དམངས་ཡོངས་ཀྱི་དཔེ་ཀློག་ཞབས་ཞུའི་ལས་སྟེགས”ཚེས21ཉིན་དྲ་ཐོག་ཏུ་བཏོན་པ་དང་། དཔེ་དེབ་ཐོན་ཁུངས་ཁྲི་ཉི་ཤུ་ཙམ་གཅིག་སྡུད་བྱས་པ་དང་ཉེ་རབས་ཀྱི་ཚད་ལྡན་ཡིག་ཆ་ཁྲི་ལྔ་ཙམ་ཡོད།

  • སྤྱི་ཚོགས་འགན་བཅོལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཐོབ་ཐང་ལག་ཁྱེར་གྱི་དུས་ཚད་ཐོན་ཏེ་བརྗེ་དགོས་པ་ན། སྤྱི་ཚོགས་འགན་སྲུང་གཱ་ངེས་པར་དུ་མཉམ་དུ་བརྗེ་དགོས་པ་ཞིག་མིན། སྤྱི་ཚོགས་འགན་སྲུང་བྱང་བུའི་ཐོག་བཀོད་པའི་མིང་དང་། སྤྱི་ཚོགས་འགན་སྲུང་ཨང་གྲངས། འདྲ་པར། ཞབས་ཞུའི་དངུལ་ཁང་སོགས་འགག་རྩའི་ཆ་འཕྲིན་ལ་འགྱུར་ལྡོག་བྱུང་ཚེ། ད་གཟོད་བརྗེ་ལེན་གྱི་བརྒྱུད་རིམ་ལྟར་བྱང་བུ་གསར་པ་བཟོ་དགོས།


མཉམ་སྤྱོད།