དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-23 09:10:47   |   51

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས22ཉིན་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་བསྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས།

  • སློབ་གསོ་པུས2026ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། རྒྱུགས་ཤོག་གི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ནན་མོ་བྱས་ཏེ་ཚན་རྩལ་མཐོ་བའི་གཡོ་ལས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་དགོས་པའི་བླང་བྱ་བཏོན།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར177.7ཟིན་པ་དེ་དུས་མཚུངས་ལས2.2%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་འབོར་ཚད་རིམ་རྩིས་བྱས་ན་དུང་ཕྱུར477.3ཟིན་པ་དེ་དུས་མཚུངས་ལས5.8%འཕར་ཡོད།

  • གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་སྡེ་ཚན15ཡིས་མཉམ་འབྲེལ་ཐོག་བསམ་འཆར་པར་འགྲེམ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་མལ་ཁང་རྣམ་པ་དང་དུད་ཚང་ཆུང་གྲས་ཀྱི་གཞོན་ནུའི་ལས་ཤག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་ཁག18བཏོན་ཞིང་། གཞོན་ནུ་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཁག་ཏུ་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་།

333.jpg

  • ཚེས22ཉིན། ཁག་བཅུ་གསུམ་པའི་ལྷོ་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས12དང་འབྲེལ་ཡོད་ཤུལ་བཞག་དངོས་རྫས་ཀྲུང་གོ་མཁའ་དམག--20Bསྐྱེལ་འདྲེན་གནམ་གྲུས་ལྷོ་ཁོ་རེ་ཡ་ནས་ལེའོ་ཉིང་ཧྲེན་དབྱང་དུ་བསྐྱལ་ཏེ་མེས་རྒྱལ་གྱི་པང་དུ་ལོག

  • ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་ཁག་དང་པོ་འདེམས་སྒྲུག་གི་ལས་དོན་མཇུག་འགྲིལ་བ་དང་། ཕ་ཁི་སི་ཐན་གྱི་འོས་མི་མུའུ་ཧན་མོ་ཏེ·ཆི་ཧྲང་·ཨ་ལི་དང་ཧུའུ་ལ་མུའུ·ཏ་ཝུའུ་ཏེ་གཉིས་མཐར་བདམས་ཐོན་བྱུང་།

  • ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་ལའེ་ཆིན་ཏེ་ཡིས་ཝེ་ཧྲི་སི་ལན་ལ་འཚམས་འདྲི་བྱེད་རྒྱུ་གནས་སྐབས་ཕྱིར་འགྱངས་བྱས་པ་ཡིན་ཟེར། ཕྱི་འབྲེལ་པུས་འཛམ་གླིང་ཐོག“ཀྲུང་ཧྭ་མིན་གོའི་ཙུང་ཐུང”ཟེར་བ་སྔ་ས་ནས་མེད། ཀྲུང་གོ་གཅིག་གི་རྩ་དོན་ནི་མི་སེམས་འཁོར་ཕྱོགས་དང་། དུས་ཀྱི་འཁོར་ཕྱོགས། བདེན་དོན་གནས་ས་བཅས་ཡིན་ཟེར།

  • ཚེས21ཉིན། དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་གྲོས་ཚོགས་ཁང་གཉིས་ཀྱིས《ཐ་མག་དང་གློག་རྡུལ་ཐ་མག་གི་ཁྲིམས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལོ17དང་དེའི་མན་གྱི་གཞོན་ནུ་ལོ་ཆུང་གིས་ཚེ་གང་ཐ་མག་ཉོ་རྒྱུ་བཀག་འགོག་བྱས།

    སྤྱི་ཚོགས།

  • རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པ་ནས་བཟུང་རང་རྒྱལ་དུ་དབུགས་ལམ་གྱི་རིམས་ནད་བྱུང་བ་མང་ཞིང་། ཆམ་རིམས་ནད་དུག་དང་སྣའི་ནད་དུག་བྱུང་ཚད་མཐོ་རུ་འགྲོ་བཞིན་འདུག

  • 2025ལོར་རང་རྒྱལ་གྱི་རྒྱུད་འབྲེལ་མགྲོན་ཁང་གི་ཁྲོམ་ར་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། རྒྱུད་འབྲེལ་མགྲོན་ཁང་གི་གྲངས་འབོར་དུས་མཚུངས་ལས་ཁྲི76འཕར་བ་དང་། འཕར་ཚད་ནི10.74%ཡིན།

  • འཕྲལ་སྡོམ་དོ་དམ་པུས་ངོ་སྤྲོད་བྱས་པར་གཞིགས་ན། བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་སྟེ།《ཤོག་སྦག་གི་བདེ་འཇགས་དང་སྤུས་ཚད》ད་ལོའི་ཟླ5ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

2.png

  • རང་རྒྱལ་གྱི་རང་ས་རང་ཐོག་ནས་རྙེད་པའི་ཟླ་བའི་གོ་ལའི་སྐར་རྡོ་ཐོག་མ་དེ་ལས་ཟླ་བའི་གོ་ལའི་འགག་རྩའི་ས་གཤིས་དོན་རྐྱེན་ཐེངས་གཉིས་གསལ་སྟོན་བྱས་ཡོད་པ་མ་ཟད། ཟླ་བའི་གོ་ལའི་གཏེར་རྫས་གསར་པ་ཞིག་ཀྱང་རྙེད།

  • དུས་ཚིགས་དང་པོར་ཧྲང་ཧའེ་ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར13526.91ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.9%འཕར་ཡོད།

3.jpg

  • ཧོ་པེ་པའོ་ཏིང་གིས་ལི་རྫོང་གི“ཞིང་ཆུ་འདྲེན་པའི་ཁྲོན་པ་ཁག་གཅིག་ལས་ཆུ་དམར་ཐོན་པའི”བརྡ་ཁྱབ་བཏང་བ་སྟེ། དེ་ནི་ཚོས་རྒྱུ་དང་འབྲེལ་བ་ཡོད་པ་དང་། རྫས་འགྱུར་བཟོ་ལས་ཁེ་ལས་གཉིས་ནི་ད་ཐེངས་ཀྱི་ས་འོག་ཆུའི་སྦགས་བཙོག་གི་འབྱུང་ཁུངས་རེད།

  • དྲ་བའི་ཐོག“ཟླ5ཚེས1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པ་དང་དེའི་ཡན་གྱི་གཞུང་བཙུགས་སྨན་ཁང་གིས་ཆུ་ཚོད24ཡི་ལས་རེས་མེད་པར་བཟོས”ཞེས་སྒྲོག་བཞིན་ཡོད། ཞིབ་དཔྱད་བྱས་པ་བརྒྱུད་དེ་ནི་དཀྲོག་གཏམ་ཁོ་ན་ཞིག་རེད།

  • ཚེས22ཉིན་ཟོག་འདྲེན་དུས་གཏན་གནམ་གྲུCZ2544ཉིའུ་ཡོ་ནས་ཀོང་ཀྲོའུ་རུ་འབྱོར། དེ་ནི་ཀྲུང་གོའི་སྐམ་ས་ཆེ་མོའི་གླིང་སྣེའི་ས་ཁུལ་དུ་འཁོར་སྐྱོད་བྱེད་པའི་ཟོག་འདྲེན་མཁའ་ལམ་ཐོག་མ་རེད།

  • ཚེས22ཉིན་ཅང་སུའུ་ནན་ཅིང་དང་ཨན་ཧུའེ་མཱ་ཨན་ཧྲན་འབྲེལ་མཐུད་བྱེད་པའི་ཞིང་ཆེན་སྒྲོལ་བའི་ས་འོག་ལྕགས་ལམ་སྟེ། ཉིང་མ་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་པ་དང་། ལམ་ཐག་ཧྲིལ་པོའི་འཁོར་སྐྱོད་དུས་ཚོད་ཐུང་ཤོས་སྐར་མ37ཡིན།

4.jpg

  • ཀྲེ་ཅང་ཝུན་ལིང་གི་གཞོགས་འདེགས་ཉེན་རྟོག་པ་དབྱིན་ཅིན་ཁང་གིས་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་སྐབས་བོགས་གཏོང་ཁང་པ་ཞིག་ཏུ་དུ་བ་ནག་པོ་ཐོན་པ་མཐོང་། ཉེན་ཁ་ཆེ་བའི་སྐབས་སུ་ཁོང་ཐོག་ཁང་དུ་འཛུལ་ནས་གློག་ཁུངས་བཅད་ཅིང་། རིམ་པ་བཞིན་འགྲུལ་པ་ཁ་འགྲེམ་བྱས་པ་དང་མེ་གསོད་འཕྲུལ་ཆས8སྤྱད་དེ་མེ་བསད།

    དོ་སྣང་།

5.png

  • “གཙོ་ཤུགས་ནང་དུ་འཛུལ་ཟིན་པས་གཟའ་འཁོར་རྗེས་མར་ཕན་ཁེ་ཆེ། ཚོགས་པའི་ནང་འཛུལ་ནས་ནང་འཕྲིན་ལ་བལྟ།”“ནང་ཁུལ་གྱི་མིས་ཁྱོད་རང་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱེད”དྲ་རྒྱའི་ལས་སྟེགས་ཐོག་མ་འཇོག་བྱེད་མཁན་མི་ཉུང་བ་ཞིག་གིས“ནོར་དཔལ་གྱི་མི་སྣ་གལ་ཆེན”གྱིས་མི་སེམས་འགུག་པའི་ཆ་འཕྲིན་དེ་འདྲ་སྤེལ་བ་མཐོང་ཐུབ། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། “སྒོར་མོ་བཙལ་ཏེ་ཕྱུག་པོ་ཆགས་པའི”ཁས་ལེན་དེ་དག་གི་རྒྱག་འོག་ཏུ་སྒོར་མོ་ལེན་པའི་རྒྱ་རྙི་ཡོད་ཅིང་། ལྟས་ཚོད་ཀྱིས་ཆེད་ལས་རང་བཞིན་གྱི་དབྱེ་ཞིབ་ཡིན་མོད། དོན་ངོ་མ་ནི་ཁེ་ཕན་གྱི་བསླུ་བྲིད་ཅིག་རེད། “ནོར་དཔལ་གྱི་མི་སྣ་གལ་ཆེན”དེ་རིགས་ཀྱིས་མི་རྣམས་བསླུ་བྲིད་འོག་ཏུ་ཚུད་དུ་འཇུག་ཐུབ་པའི་འགག་རྩ་ནི་མ་འཇོག་བྱེད་མཁན་གྱི་འཕྲལ་མྱུར་ཕྱུག་པོ་ཆགས་པའི་སེམས་ཁམས་དང་ངོས་འཛིན་གྱི་ཞན་ཆ་སྤྱད་པ་རེད། དངུལ་རྩའི་བྱང་ཚད་མཐོ་རུ་གཏོང་བ་དང་ཚུལ་མཐུན་གྱི་མ་འཇོག་མཐའ་འཁྱོངས་བྱ་རྒྱུ་ནི་འབོད་ཚིག་ཅིག་མིན་པར་མ་འཇོག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན། ངེས་པར་དུ་ཤེས་དགོས་པ་ཞིག་ནི། གནམ་ནས་བག་ལེབ་ལྷུང་ན། ཕལ་ཆེར་རྒྱ་རྙི་ཡིན། རང་ཉིད་མཐོར་འདེགས་བཏང་ན་གཞི་ནས་ངོས་འཛིན་ནང་ཚུན་གྱི་སྒོར་མོ་ལེན་ཐུབ།

    འཚོ་བའི་ཞབས་ཞུ།

6.jpg

  • གནམ་གཤིས། ཚེས22ཉིན་གྱི་ཆུ་ཚོད20ནས་ཚེས23ཉིན་གྱི་ཆུ་ཚོད20བར། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་རྒྱུད། ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད་དང་། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་དབུས་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • ཧེ་ལུང་ཅང་། ཧེ་ལུང་ཅང་ཞིང་ཆེན་ནགས་ཚལ་རྩི་ཤིང་གླིང་ཚེས25ཉིན་ནས་བཟུང་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་རྒྱུ་དང་། སྒོ་དབྱེའི་དུས་ཚོད་ནི་ཆུ་ཚོད8:00-16:30ཡི་བར་ཡིན།


མཉམ་སྤྱོད།