དེ་རིང་ནི2026ལོའི་ཟླ04པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-24 09:16:30   |   36

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་མཛུབ་སྟོན་གལ་ཆེན་གནང་སྟེ། དབྱི་ཝུའུ་ཡི་ཚོང་ཟོག་ཁྲོམ་ར་ཆེན་པོར་བསྐྱོད་པ་དང་། ཐོན་ལས་ཆེན་པོ་ཆགས་པར་བྱས་ཏེ། “དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང”ཆགས་པ་དེ་ནི་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད་ཅེས་བཤད།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་ཕྱོགས་བསྡུས་གདེང་འཇོག་དཔྱད་ཞིབ་བྱ་ཐབས》པར་འགྲེམ་བྱས།

1.jpg

  • ཁག་བཅུ་གསུམ་པའི་ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་དུར་འཇུག་མཛད་སྒོ་དེ་ཚེས23ཉིན་གྱི་སྔ་དྲོར་ཧྲེན་དབྱང་མེ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཚོགས།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་གསུམ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར39.6ཟིན་པ་དེ་དུས་མཚུངས་ལས15.5%འཕར་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉེ་དུས་བརྡ་ཐོ་བཏང་ནས་དུས་ཡུན་ལོ་ཕྱེད་རིང་གི་དྲ་སྦྲེལ་བརྡ་ཁྱབ་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་རེད།

  • ཚེས23ཉིན་ཚོང་དོན་པུས་ཡོ་རོབ་མནའ་འབྲེལ་གྱིས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གནད་དོན་ལ་བཟོ་བཅོས་བརྒྱབ་པའི་སྐོར་ལ་ལན་འདེབས་སྐབས། ཀྲུང་གོའི་ཁེ་ལས་ལ་དེའི་རྐྱེན་གྱིས་མཐོང་ཆུང་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

  • ཨ་རི་ཕྱོགས་ཀྱིས་ལའེ་ཆིང་ཏེར་སུའེ་ཙི་ལན་ལ་འཚམས་འདྲིར་འགྲོ་བ་ཕྱིར་འགྱངས་བྱས་པའི་གནད་དོན་ཐད་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་བ་ལ་དམིགས་ནས། ཚེས23ཉིན་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ་དང་།“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གཏོང་མཚམས་འཇོག་པའི་སྐུལ་མ་བྱས།

  • དབྱི་རན་ཐ་སི་ཉི་མུའུ་འཕྲིན་གཏོང་ཁང་གིས་ཚེས23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་ལ་ཧོར་མུའུ་ཙེ་མཚོ་འགག་གི་ཤར་གཏོང་གྲོན་དངུལ་ཐོག་མ་དེ་འབྱོར་ཡོད།

  • ཚེས23ཉིན་འཇར་པན་ཀའོ་ཧྲི་ཙའོ་མིའོ་ནང་བློན་ཁང་གིས་སྐུལ་འདེད་བཏང་བའི“རྒྱལ་ཁབ་གསང་འཕྲིན་ཅུ”འཛུགས་རྒྱུའི་འབྲེལ་ཡོད་ཁྲིམས་གཞི་དེ་གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། གྲོས་ཁང་གོང་མར་བསྐྱལ་ནས་བརྡས་ཐག་གཅོད་རྒྱུ་རེད།

    སྤྱི་ཚོགས།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས5.4%འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་བརྒྱ་ཆའི་གྲངས2.2ཀྱིས་མགྱོགས།

  • ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་ཁྲི24.5ཐོ་འགོད་བྱས་པ་དང་། མི་ཁྲི18.3ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ56ཚུད་ཡོད།

  • འཕྲལ་སྡོམ་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ལོ་གཅིག་གི་ཤོག་སྦག་གི་སྦྲེལ་ཐག་ཧྲིལ་པོར“ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་དེ་སྔའི་ཙུའུ་ཀྲང་ཝང་ཧུའེ་མིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་དབྱི་ལི་ཞ་ཐ་མཛེས་ལྗོངས་ཁུལ་གྱི“8·6”དཔྱང་ཟམ་ལྷུང་བའི་ལས་འཛོལ་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས།

2.jpg

  • ཚེས23ཉིན། སྐབས་དྲུག་པའི་ཨེ་ཤ་ཡའི་བྱེ་ཐང་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་རྣམ་གྲངས་གཉིས་ཀྱི་སྐྱེས་པའི་མི་སྒེར་གྱི་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧྥན་ཅུན་ཅེ་ལ་ཨང་དང་པོ་ཐོབ་པ་དང་། སྐབས་འདིའི་འགྲན་བསྡུར་དང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་ཐོབ་པ་དང་པོ་རེད།

3.jpg

  • ཧུའུ་པེ་ཞན་ཉིང་གི་རླངས་འཁོར་ཆུང་ཆུང་ཞིག་ལ་རླངས་འཁོར་དོན་རྐྱེན་བྱུང་ནས་ཁ་ལོ་བ་རླངས་འཁོར་དུ་ལུས་པ་དང་། ལམ་འགྲོ་བ་ལིན་དབྱི་ཡིས་སྒེའུ་ཁུང་བཅག་ནས་ཁ་ལོ་བ་བདེ་འཇགས་ངང་བསྐྱབས།

    དོ་སྣང་།

4.jpg

  • ཉེ་ཆར་བརྙན་ལམ་ལས་སྟེགས་ཤིག་གིས“AIསྒྱུ་རྩལ་མི་སྣའི་མཛོད”ཀྱི་འཆར་གཞི་སྤེལ་བ་མ་ཟད་སྒྱུ་རྩལ་པ100ལྷག་ཙམ་བཅའ་སྡོད་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས། སྒྱུ་རྩལ་པ་མང་པོ་ཞིག་གིས་དབང་ཆ་སྤྲད་མེད་ཅེས་གསལ་བསྒྲགས་སྤེལ། དོན་རྐྱེན་དེར་གླེང་མོལ་བྱེད་མཁན་མང་པོ་བྱུང་། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། འཁྲབ་སྟོན་ངོ་མ་ནི་ཚེ་སྲོག་གིས་ཚེ་སྲོག་ལ་མྱོང་ཚོར་དང་མཉམ་འུར་བྱེད་པ་ཞིག་རེད། རྩིས་ཐབས་ལ་བརྟེན་ནས་བྱུང་བའི་མིག་ཆུ་དང་། གྲངས་གཞི་ལ་བརྟེན་ནས་བྱུང་བའི་བརྩེ་བ། AIལས་གྲུབ་པའི“འཁྲབ་སྟོན”བཅས་ཀྱི་བཟོ་ལས་གཏན་ཚིགས་ནི་ཚད་གཞི་ཅན་དང་ལས་ཕྱོད་ཆེ་བས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་སྨོས་མེད་ཡིན་མོད། འོན་ཀྱང་འཁྲབ་སྟོན་ཁྲོད་ཀྱི་ཆེས་རྩ་ཆེ་བའི་ཚེ་སྲོག་གི་ཉམས་ལེན་དང་བརྩེ་དུང་ངོ་མ་དང་ཁ་བྲལ་ཡོད། AIཡིས་རིག་རྩལ་གསར་རྩོམ་ལ་ཞབས་འདེགས་ཞུ་ཆོག་མོད། འོན་ཀྱང་གསར་གཏོད་པ་རང་ཉིད་ཀྱི་ཚབ་གཏན་ནས་བྱེད་མི་རུང་། AIལAIཡི་ལེགས་ཆ་ལྡན་པ་དང་འཁྲབ་སྟོན་ལ་འཁྲབ་སྟོན་གྱི་ཡིད་དབང་འཕྲོག་ཤུགས་ལྡན། འབྱུང་འགྱུར་གྱི་རིག་རྩལ་གསར་རྩོམ་ནིAIདང་མི་གཉིས་ཀྱི་གར་སྟེགས་ཡིན་པ་ལས་ལག་རྩལ་གྱིས་མི་ངོ་མའི་འཁྲབ་སྟོན་གྱི་ཚབ་བྱེད་མི་རུང་།

    འཚོ་བའི་ཞབས་ཞུ།

5.jpg

  • གནམ་གཤིས། དེ་རིང་ཀོང་ཏུང་དང་། ཀོང་ཞིའི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་སུ་ཆར་པ་ཆེན་པོ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་མ་ཟད། གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱང་ཡོད། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའམ (ཁ་བ་)ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་ཆག་ལྷུང་རྒྱུ་རེད། 

  • ཐེན་ཅིན། ཅིན་ཝན་ཟློས་གར་ཁང་ཆེ་མོའི་རིམ་སྤོར་སྒྱུར་བཀོད་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཟིན་པ་དང་། ཟླ5ཚེས1ཉིན་གཉེར་སྐྱོང་སླར་གསོ་བྱ་རྒྱུའི་འཆར་གཞི་ཡོད།


མཉམ་སྤྱོད།