དེ་རིང་ནི2026ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-27 09:17:36   |   252

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་ལ་མིས་བཟོས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་གོ་ལ་ཧྲིལ་པོའི60%ཙམ་དང་འཕྲུལ་མིའི་འབྲེལ་ཡོད་ཁེ་བེད་བདག་ཐོབ་གསུམ་ཆ་གཉིས་ཙམ་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་སློབ་གསོ་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་རྒན་གདན་ཞུའི་ལོ་ཚད་ཀྱི་ཆ་རྐྱེན་ལོ38(ཚུད་པ)མན་ཡིན་ན་ཆོག་པར་བྱས།

  • རང་རྒྱལ་གྱི་རྒྱུ་སྐར་འཚོལ་ཞིབ་ལས་གྲྭའི་ཐེན་ཝུན་ཨང་གསུམ་པའི་ལས་འགན2028ལོའི་སྔ་རྗེས་སུ་འཕེན་གཏོང་ལག་བསྟར་བྱ་རྒྱུ་དང་། 2031ལོའི་སྔ་རྗེས་སུ་སྐར་མ་མིག་དམར་གྱི་དངོས་དཔེ་ཁྱེར་ནས་སའི་གོ་ལར་ཕྱིར་ལོག་བྱ་རྒྱུ་རེད།

1.jpg

  • ཚེས26ཉིན།“ཞི་མཐུན་འགན་འཁྲི—2025”ཡི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པའི་མཚོ་དམག “དར་གོས་ལམ་བུའི་གྲུ་གཟིངས”རྟགས་ཅན་གྱི་སྨན་གྲུ་རྒྱལ་ཁའི་ངང་ཕྱིར་ལོག་པ་དང་། དེས་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི2.6ལྷག་ཙམ་ལ་སྨན་བཅོས་བྱས།

  • ས་གནས་དེ་གའི་ཚེས25ཉིན། ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་པའི་དགོང་མོའི་གསོལ་སྟོན་ཚོམས་ཆེན་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་པ་དང་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཛ་དྲག་ངང་ཕྱིར་འཐེན་བྱས།

2.jpg

  • ས་གནས་དེ་གའི་ཚེས26ཉིན། ཁེན་ནི་ཡའི་བདམས་ཐོན་པ་ས་པ་སི་ཏི་ཨན·ས་ཝུའེ་ཡིས་ཆུ་ཚོད1དང་སྐར་མ59དང་སྐར་ཆ30ཡི་ཐོག་ནས་ལོན་ཏོན་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་ཨང་དང་པོ་བླངས། དེ་ནི་སྐྱེས་པའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་འཛམ་གླིང་ཟིན་ཐོ་ཆུ་ཚོད2ནང་ཚུན་དུ་ཐོག་མར་བསྣུར་བ་ཡིན།

    སྤྱི་ཚོགས།

  • ཚེས26ཉིན་གྱི་ཆུ་ཚོད12:23སྟེང་། མོང་གོལ་དུ་ས་ཡོམ་རིམ་པ6.0བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ15ཟིན། རང་རྒྱལ་གྱི་ཤིན་ཅང་གི་ས་ཆ་མང་པོར་ཡོམ་ཚོར་མངོན་གསལ་དོད་པོ་ཡོད།

  • འཛམ་གླིང་བྱ་སྒྲོ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས2027ལོའི་ཟླ1པོའི་ཚེས4ཉིན་ནས་བཟུང་བྱ་སྒྲོའི་སྤོ་ལོའི་འགྲན་སྡུར་ལམ་ལུགས་གསར་པ་སྤྱོད་རྒྱུའི་ཐག་བཅད།

3.jpg

  • ཚེས26ཉིན། ལྷོ་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱི་དུས་གཏན་གནམ་གྲུ CZ3813ཀོང་ཀྲོའུ་ནས་འཕུར་རྗེས་ཧོ་ཧྥེ་རུ་བབས་པ་དང་། ཧོ་ཧྥེ་དེC919ཚོང་ལས་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར23པར་གྱུར།

  • སྐབས་བཅུ་དྲུག་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཚེས25ཉིན་མཇུག་གྲིལ་བ་དང་།“ཐེན་ཐན་བྱ་དགའི”རྣམ་གྲངས་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པའི་ནང་།《ཉེན་ཁའི་འབུ་བླ་མ་མ་ཎི》ལ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ཡུས་ཧོ་ཝུའེ་ལ་སྐྱེས་པའི་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ།

4.jpg

  • ཚེས25ནས་ཚེས26ཉིན་བར། ཐེ་ལན་ནས་ཐོན་པའི་ལིའུ་ལེན་སོས་པ་ཀོང་ཀྲོའུ་ནན་ཧྲ་འགག་སྒོར་འབྱོར་ཞིང་རྒྱལ་ནང་གི་ཁྲོམ་རར་རིམ་བཞིན་སྤྲོད་རྒྱུ་རེད།

5.gif

  • ཀྲེ་ཅང་ལེ་ཆིང་གི་བུད་མེད་ཅིག་གི་མིད་པ་ཟས་ཀྱིས་བཀག་པ་དང་། ཉེན་ཁ་ཆེ་བའི་སྐབས་སུ་གུང་གསེང་གཏོང་བཞིན་པའི་མི་དམངས་ཉེན་རྟོག་པ་ཧྲའོ་ཧྲོའུ་ཧྥུང་གིས་འཕྲལ་དུ་ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་ཐབས་སྤྱད་དེ་བུད་མེད་ཉེན་ཁ་ལས་སྒྲོལ་རོགས་བྱས།

    དོ་སྣང་།

6.jpg

  • ཉེ་ཆར། དྲ་གྲོགས་ཤིག་གིས་ཀོང་ཏུང་ཧྲེན་ཀྲེན་གྱི་ཟ་ཁང་ཞིག་ཏུ་པར་བླངས་པ་འདི་ལྟ་སྟེ། མགྲོན་པོས་ཁྱི་དང་མཉམ་དུ་ཅོག་ཙེའི་ཐོག་ཟ་མ་ཟ་བ་དང་། ཁྱི་དེས་སྤྱོད་པའི་དཀར་ཡོལ་ནི་ཐེངས་གཅིག་རང་བཞིན་མིན། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། ཁྱི་སོགས་ལ་བརྩེ་བ་བྱེད་པར་མཐའ་མཚམས་མེད་མི་རུང་བ་དང་། མི་སྒེར་གྱི་ཁྱབ་ཁོངས་དང་སྤྱི་པའི་བར་མཐོངས་ངེས་པར་དུ་གསལ་པོར་འབྱེད་དགོས། ཁྱི་སོགས་དང་མཉམ་དུ་ཅོག་ཙེ་གཅིག་ཏུ་ཟ་མ་ཟ་བ་ནི་ངོ་བོའི་སྟེང་ནས་བཤད་ན་མི་སྒེར་གྱི་བརྩེ་དུང་གི་དགོས་མཁོ་དེ་མགྲོན་པོ་གཞན་པའི་བདེ་ཐང་ཁེ་དབང་གི་སྟེང་དུ་བཞག་པ་ཞིག་ཡིན། ཁྱི་ཟ་ཁང་དུ་ཁྲིད་པ་དང་མི་རྣམས་དང་མཉམ་དུ་ཟ་མ་ཟ་བ་སོགས་ཀྱི་བྱ་སྤྱོད་ལ་གཉེར་སྐྱོང་བྱེད་མཁན་ནི་ཡུལ་དངོས་དོ་དམ་གྱི་འགན་འཁྲི་འཁུར་མཁན་ཨང་དང་པོ་ཡིན་པའི་ངོས་ནས་ངེས་པར་དུ་བཀག་འགོག་བྱེད་ཕོད་དགོས། དེ་ནི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱས་པ་ཞིག་ཡིན་ལ་འཛད་སྤྱོད་པ་ཡོངས་ཀྱི་བདེ་འཇགས་འཕྲོད་བསྟེན་ལ་འགན་ལེན་བྱས་པ་ཞིག་ཀྱང་ཡིན།

    འཚོ་བའི་ཞབས་ཞུ།

7.png

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་སྟེ། ཚེས26ཉིན་གྱི་མཚན་མོ་ནས་ཚེས27ཉིན་བར། བྱང་ཕྱོགས་ས་ཁུལ་དུ་རླུང་ཆེན་གཡུག་པའི་གནམ་གཤིས་མང་བ་དང་། ཤིན་ཅང་གི་ཤར་རྒྱུད་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ནང་སོག ཧྭ་བྱང་། ཧོང་ཧུའེ། བྱང་ཤར་ས་ཁུལ། མཚོ་བོད་ས་མཐོ་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་རླུང་རིམ་པ4ནས6ཅན་གཡུག་རྒྱུ་དང་། ཐོལ་རླུང་གི་རིམ་པ7ནས8ལ་སླེབས་རྒྱུ་རེད།

  • ཐེན་ཅིན། ཟླ5ཚེས1ཉིན་ནས་ཟླ5ཚེས5ཉིན་བར། ཉིན་རེའི་ཆུ་ཚོད9པ་ནས་ཆུ་ཚོད22པའི་བར། གནའ་བོའི་རིག་གནས་ཁྲོམ་གཞུང་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་འགྲོ་ལམ་ལ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད། ཀྲང་ཙི་ཀྲུང་ལམ་གྱི་ཟུར་ལམ(བྱང་ལམ་ནས་ཧྲུའེ་ཀེ་ཁྲོམ་གཞུང་བར)དང་། ཧྲུའེ་ཀེ་ཁྲོམ་ཆེན(ཤར་ནས་ནུབ་ཕྱོགས)བཅས་སུ་འཕྲུལ་སྒུལ་འཁོར་རིགས་འགྲོ་མི་ཆོག

  • ཀོང་ཏུང་ཀྲུའུ་ཧའེ། ཀང་ཀྲུའུ་ཐད་གཏོང་འགྲུལ་སྐྱེལ་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་ཤར་གཏོང་བྱས་པ་དང་། ཆེད་སྤྱོད་ལམ་ཐིག་ཕྱོགས་གཉིས་སུ་གཏོང་བའི་རྣམ་པ་སྤྱད་ཡོད་ཅིང་། ལམ་ཐག་ཧྲིལ་པོར་འགྲོ་སྐྱོད་བྱེད་པའི་དུས་ཚོད་ཆུ་ཚོད2.5ཙམ་ཡིན་པ་དང་། ཉིན་རེར་ཐེངས་གྲངས2ལ་རླངས་འཁོར་གཏོང་རྒྱུ་རེད།


མཉམ་སྤྱོད།