དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-28 09:54:25   |   550

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་མངོན་འགྱུར་བྱུང་བའི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར16960.4ཡིན་པ་དང་། དུས་མཚུངས་ལས15.5%འཕར་ཡོད། 

  • ཞིང་ལས་བཅའ་ཁྲིམས་ཀྱི་དག་བཅོས་གཏན་འཁེལ་འཆར་ཟིན27ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་ཕུལ་ནས་གྲོས་ཞིབ་ཐེངས་དང་པོ་བྱས། 

  • 2026ལོའི་ལོ་འཁོར་གྱི་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་མིང་ཐོ་ཁྱབ་བསྒྲགས་བྱས། 

  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དེ་རིང་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ3024སྤྲོད་རྩིས་ཡོད་པ་རེད། 

6e80827353a5381cb6a981dc803b82df.jpg

  • རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞུས་མོང་ཐའོ་དང་ཝང་ཡུའེ། ཝང་མོང་། ཀྲང་ཝུན་ཅིང་སོགས་བུད་མེད་ལུས་རྩལ་པ4ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་མཚན་སྙན་སྤྲོད་རྒྱུའི་ཐག་བཅད་པ་རེད། 

  • ད་ལོའི་ཟླ3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན་བསྡོམས21274ཞིབ་བཤེར་ཐག་གཅོད་བྱས་ཡོད། 

  • ཚེས27ཉིན། དམངས་སྲིད་པུ་སོགས་སྡེ་ཁག་གསུམ་གྱིས་དགེ་སྒྲུབ་རྩ་འཛུགས་ཀྱི་ལོ་འཁོར་གྱི་ཞལ་འདེབས་བསྡུ་བའི་མ་གནས་དེ་ལོ་གོང་མ་གསུམ་གྱི་ཞལ་འདེབས་ཡོང་འབབ་ཀྱི་ཆ་སྙོམས་གྲངས་འབོར་གྱི3%ལས་མཐོ་བ་བྱེད་མི་ཆོག་པའི་ཡིག་ཆ་བཏང་བ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁྲིམས་དང་གཏན་འབེབས་གཞིར་བཟུང་། ཕྱི་རྒྱལ་གྱི་མ་དངུལ་གྱིསManusརྣམ་གྲངས་ཉོ་སྒྲུབ་བྱས་པར་མ་རྩ་འཇོག་པ་གཏན་འགོག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། དོ་བདག་ལ་ཉོ་སྒྲུབ་ཉོ་ཚོང་དེ་རྩིས་མེད་བྱ་རྒྱུའི་བླང་བྱ་བཏོན།  

  • ཚེས26ཉིན། འཇར་པན་མང་ཚོགས་ཀྱིས་ཏ་པན་གྲོང་ཁྱེར་ལྟེ་གནས་སུ་གཞི་ཁྱོན་ཆེན་མོའི་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་ནས། འཇར་པན་སྲིད་གཞུང་གིས་གནོད་འཚེ་ཅན་གྱི་མཚོན་ཆ་ཕྱིར་གཏོང་གི་བཀག་རྒྱ་སེལ་འགྲོལ་དང་རྩ་ཁྲིམས་བཟོ་བཅོས་རྒྱག་རྩིས་བྱེད་པ་སོགས་འཕེལ་ཕྱོགས་རབ་དང་རིམ་པར་རྒོལ་གཏམ་བཏང་བ་དང་། ཞི་བདེའི་རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་རེ་བ་བཏོན། 

    སྤྱི་ཚོགས།  

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུའི་ཚེས27ཉིན“ལྔ་གཅིག”གུང་གསེང་བདེ་འཇགས་འགོག་ཟོན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ནས། ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དང་གནས་སྐོར་ལྗོངས་ཁུལ་སོགས་མི་སྣ་འདུས་ཆེ་བའི་གནས་ཡུལ་གྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་ཉེན་ཁ་ཚབས་ཆེན་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་ནན་བཤད་བྱས། 

  • 2026ལོའི་ཟླ3པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གློག་གསོག་རྨང་གཞིའི་སྒྲིག་བཀོད་བསྡོམས་འབོར་ཁྲི2148.1ཡིན་པ་དང་། དུས་མཚུངས་ལས46.9%འཕར་ཡོད། 

  • རིག་གནས་གནས་སྐོར་པུས་ཉེ་བའི་ལོ་ཤས་རིང་གི5Aརིམ་གནས་སྐོར་ལྗོངས་ཁུལ་གྱི་ལྡོག་ཕྱོགས་གླེང་ཚུལ་དང་གནས་སྐོར་བའི་ཞུ་སྦྱོར། དྲ་རྒྱའི་གདེང་འཇོག་གསེད་བཀྲོལ་བྱས་ནས། གནད་དོན་ཐོན་མང་བའི་མཛེས་ལྗོངས་ཁུལ་ཁག་གཅིག་དང་མཛེས་ལྗོངས་ཁུལ་ཁག་གཅིག་གི་བར་སྐྱེལ་རླངས་འཁོར་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད། 

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་རྒྱལ་ཁབ་ལྕགས་ལམ་ཅུའི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅིའམ་ཅུ་ཀྲང་ཧྥེ་ཏུང་པིན་གྱིས་ལྐོག་རྔན་བླངས་བའི་གྱོད་དོན་ལ་གཞུང་གཏུག་བྱས་པ་རེད། 

  • ཚེས27ཉིན། ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཝང་ཀྲུང་ཧོ་ཡིས་ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲད་པའི་གྱོད་དོན་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཝང་ཀྲུང་ཧོ་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བདུན་གྱི་ཁྲིམས་ཐག་བཅད། 

  • “ལྔ་གཅིག”གི་འཛད་སྤྱོད་གཟའ་འཁོར་རིང་ས་གནས་ཁག་གིས་སྔོ་གསོལ་གྱི་མེ་ཏོག་ལ་ལྟ་བ་དང་བསྐྱེད་བུ་རོལ་རྩེད། ཞིབ་འཇུག་སློབ་སྦྱོང་གནས་སྐོར་སོགས་དར་སོ་ཆེ་བའི་འཛད་སྤྱོད་ཆེ་རིགས་ལ་དམིགས་ནས་དུས་ཚིགས་དང་འཚམ་པའི་རིག་གནས་གནས་སྐོར་ཐོན་རྫས་དང་བྱེད་སྒོ་སྤེལ་བ་དང་། འཛད་སྤྱོད་དངུལ་འཛིན་སོགས་འཛད་སྤྱོད་ཁ་གསབ་སྒོར་དུང་ཕྱུར2.84ལྷག་སྤྲོད་རྒྱུ་ཡིན་པ་རེད། 

  • རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མཚམས་བྲལ་ཁྲལ་སློག་གི“ཉོ་མ་ཐག་ཕྱིར་སློག་པའི”ཞབས་ཞུའི་བྱེད་ཐབས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བའི་ལོ་གཅིག་རིང་། དཔྱ་ཁྲལ་སློག་གི་བཙོང་འབོར་དང་དཔྱ་ཁྲལ་སློག་པའི་གྲངས་འབོར་གཉིས་ཀ་དུས་མཚུངས་ལས་ལྡབ9.35འཕར་ཡོད། 

  • སྐབས139པའི་ཀོང་ཀྲོའུ་ཚོང་འདུས་དུས་ཐེངས་གཉིས་པ་ཚེས27ཉིན་འགྲེམས་སྟོན་མཇུག་བསྒྲིལ་ཞིང་། ཁྱོན་རྒྱལ་ཁབ་དང་ས་ཁུལ219ནས་ཡོང་བའི་རྒྱལ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཁྲི24.5ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་བརྟན་པོའི་ངང་འཕར་ཡོད་པ་རེད། 

e98238b20c51ec9c256fa8a7496f57a5.jpg

  • ཉིན་ཤས་གོང་རང་རྒྱལ་གྱི་ཁེ་ལོང་གནག་ཕྱུགས་མགོ་གྲངས10ཐོག་མར་འབོར་ཆེན་ངང་མངོན་འགྱུར་བྱུང་། 

    དོ་སྣང་།

7a2c58f1799dcf48574c291a08393282.jpg

  • ཉེ་ཆར་ཡུན་ནན་གྱི་སློབ་གྲྭ་ཞིག་གི་སློབ་མའི“ལྷུག་བརྗོད་གྱང”ལ་དོ་ཁུར་བྱུང་ཞིང་།  གྱང་དེའི་ཐོག་སློབ་མས་འབྲི་འདོད་ན་བྲིས་ཡོད་པ་དང་སློབ་གྲྭའི་མགོ་ཁྲིད་ཀྱིས་གཟའ་འཁོར་རེའི་གཟའ་ཟླ་བར་གྱང་འགྲམ་དུ་ཡུལ་དངོས་ཚོགས་འདུ་འཚོགས་ནས། དོན་ཚན་རེ་རེ་བཞིན་ཀློག་པ་དང་ཐག་གཅོད་བྱེད་ཀྱི་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། སློབ་མའི“ལྷུག་བརྗོད་གྱང”ཐོག་ནས་བསམ་བློ་གཏིང་ཟབ་གཏོང་རིན་ཡོད་པའི་སློབ་གསོའི་འདུ་ཤེས་ཤིག་མཚོན་པ་དང་། སློབ་མའི་འཚར་ལོངས་ནི་གཞན་དབང་དུ་དོ་དམ་དང་ལེན་བྱེད་པའི་བརྒྱུད་རིམ་ཞིག་མིན། གཞོན་ནུ་ལོ་ཆུང་ཚོགས་ལ་རང་ཉིད་ཀྱི་རང་ཚུགས་བསམ་གཞིག་དང་དགོས་མཁོ་དངོས། འདུན་པ་མཚོན་འདོད་བཅས་ཡོད་པ་རེད། “ལྷུག་བརྗོད”ནང་གི་རྩ་ཆེའི་གྲོས་འཆར་དེ་རིམ་བཞིན་སློབ་གྲྭའི་ཁོར་ཡུག་དང་མཁའ་དབུགས་སྔར་བས་འཆམ་མཐུན་ཡོང་བའི་རོགས་རམ་ནུས་ལྡན་ཞིག་ཏུ་འགྱུར་ངེས། དེའི་རྒྱབ་ཀྱི་ལེགས་འགྲུབ་ཀྱི་གསང་གྲངས་ནི་རྙོག་འཛིང་ཆེ་བ་ཞིག་མིན་པ་སྟེ། སློབ་མ་རྩ་བར་འཛིན་པ་དང་སྒུར་རུང་བ། གནས་བརྗེ་བསམ་གཞིགས། ཕ་རོལ་པོར་བརྩི་འཇོག་བཅས་བྱས་ན་ལེགས་པར་བསྒྲུབ་མི་ཐུབ་པའི་བྱ་བ་མེད། 

    འཚོ་བའི་ཞབས་ཞུ།  

d389378110efa8120d9d2f31de311c52.jpg

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ཤིང་། དེ་རིང་ཧུའུ་པེ་དང་ཅང་ཞི། ཀོང་ཞི་སོགས་ས་ཁུལ་གྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་པ་དང་། ས་གནས་ཁག་གཅིག་ཏུ་ཐོག་རྒོད་རླུང་ཆེན་ནམ་ཡང་ན་སེར་བ་སོགས་རླུང་འཐབ་དྲག་པོའི་གནམ་གཤིས་ཡོད་པ་རེད། 

  • ཧོ་ནན།  “ལྔ་གཅིག”རིང་རྟེན་མཛོད་ཁང་མང་པོ་ཞིག་སྒོ་མི་བརྒྱབ་པ་དང་སྒོ་ཕྱེ་ཡུན་ཕྱིར་འགྱངས་བྱ་རྒྱུ་ཡིན་ཞིང་། ཏ་ཧོ་སྡེ་བའི་གནའ་ཤུལ་རྟེན་མཛོད་ཁང་དང་ལུའོ་དབྱང་གནའ་བོའི་བང་སོའི་རྟེན་མཛོད་ཁང་ཟླ5པའི་ཚེས1ཉིན་ནས་ཚེས5ཉིན་བར་ཆུ་ཚོད18:00བར་ཕྱིར་འགྱངས་ནས་སྒོ་འབྱེད་པ་དང་། ལུའོ་དབྱང་རྟེན་མཛོད་ཁང་ཟླ4ཚེས27ཉིན་ཉིན་ནས་ཟླ5ཚེས5ཉིན་བར་གཟའ་ཟླ་བའི་འཆར་ཅན་སྒོ་རྒྱག་རྒྱུ་མེད་པ་བཟོ་བ་དང་ཉིན་རེའི་སྒོ་འབྱེད་དུས་ཚོད9:00ནས19:00བར་ཡིན་པ་རེད། 

  • ལེའོ་ཉིང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དཔྱིད་ཀའི་གུང་གསེང་གི་གནས་སྐོར་དང་སློབ་སྦྱོང་གི་དགོས་མཁོ་སྐོང་ཆེད། ཚེས28ཉིན་ནས་བཟུང་། ལེའོ་ཉིང་ཞིང་ཆེན་རྟེན་མཛོད་ཁང་དང་ཞིང་ཆེན་ཚན་རྩལ་ཁང་གི་སྒོ་འབྱེད་དུས་ཚོད་ཆུ་ཚོད1ཕྱིར་འགྱངས་བྱ་རྒྱུ་དང་སྒོ་འབྱེད་དུས་ཚོད་ནི་ཆུ་ཚོད9:00ནས18:00བར(ཆུ་ཚོད17:30ནས་འགྲེམས་སྟོན་ཁང་དུ་འཛུལ་མཚམས་འཇོག་རྒྱུ)ཡིན་པ་རེད།     


མཉམ་སྤྱོད།