དེ་རིང་ནི2026ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-29 09:38:22   |   348

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ4ཚེས28ཉིན་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

bbdce77dd7271c12d2ba74277252cda2.jpg

  • ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2026ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ནས། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཁྱོན་བསྡོམས3024ལ་གཟེངས་བསྟོད་བྱ་རྒྱུ་རེད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་ནས་གནས་ཚུལ་འབྱོར་བ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར177.7ཡིན་པ་དང་། དུས་མཚུངས་ལས2.2%འཕར་ཡོད་པ་རེད། 

  • སློབ་གསོ་པུས《མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(2026ལོ)》ཁྱབ་བསྒྲགས་བྱས་ནས། མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་གསར་པ་ཁྱོན38གསར་དུ་བསྣན་ཡོད་པ་རེད། 

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་སྔོན་དཔག་བྱས་པ་ལྟར་ན། “ལྔ་གཅིག”གུང་གསེང་ཐུང་ཐུང་ནང་རྒྱལ་ཡོངས་ཀྱི་འགག་སྒོ་རུ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་འགྲུལ་པ་ཆེས་མང་ཤོས་ཀྱི་དུས་སུ་སླེབས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཉིན་རེར་ཆ་སྙོམས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མི་སྣ་མི་ཐེངས་ཁྲི225ལ་སླེབས་རྒྱུ་རེད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཁྲི299གསར་དུ་འཕར་ནས་ལས་ཞུགས་ཀྱི་དུས་བབ་རྒྱུན་ལྡན་རྒྱུན་འཁྱོངས་བྱས་ཡོད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཟླ4ཚེས28ཉིན་ཕྱི་ཕྱོགས་ལ་སྤྱི་བསྒྲགས་སྤེལ་ནས། 2026ལོའི་ཟླ5ཚེས1ཉིན་ནས2028ལོའི་ཟླ4ཚེས30ཉིན་ཉིན་བར། ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་ཆེས་དར་རྒྱས་མི་ཆེ་བའི་རྒྱལ་ཁབ་མིན་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ20ལ་དམིགས་ཕན་ཀྱི་ཁྲལ་ཚད་རྣམ་པའི་ཐོག་ནས་སྒོ་ཁྲལ་མེད་པ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

  • ཟླ4ཚེས28ཉིན། འཇར་པན་གྱི“ཧོ་དབྱིན”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་ཀྲུང་གོའི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས་པ་རེད། 

  • མིག་སྔར། དབུས་ཤར་ས་ཁུལ་གྱི་དམག་དོན་གདོང་ཐུག་ནར་འགྱངས་བྱུང་བ་དང་དབྱི་རན་གྱི་བདེ་འཇགས་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད། ཕྱི་འབྲེལ་པུ་དང་དབྱི་རན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གིས་གནས་སྐབས་ཀྲུང་གོའི་སྤྱི་དམངས་དབྱི་རན་དུ་མི་བསྐྱོད་པའི་དྲན་སྐུལ་སླར་ཡང་གནང་བ་རེད། 

  • འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་ཀོང་ཏའོ་རྫོང་སན་ཚི་གྲོང་ཁྱེར་གྱི་སྨན་བཟོ་བཟོ་གྲྭ་ཞིག་གི་གསོག་ཀྲིན་ཚེས28ཉིན་འབར་གས་བྱུང་ནས། མི5ལ་རྨས་སྐྱོན་ཕོག་པ་རེད། 

    སྤྱི་ཚོགས། 

  • ད་ལོའི“ལྔ་གཅིག”གི་གུང་གསེང་ནང་མི་བདུན་སྡོད་མན་ཆད(བདུན་ཚུད་པ)ཀྱི་འགྲུལ་སྐྱེལ་རླངས་འཁོར་ལ་གཞུང་ལམ་གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་རེད། 

  • དྲ་འཕྲིན་སྡེ་ཁག་གིས“ཅན་དབྱིན”appསོགས་མི་ཐབས་རིག་ནུས་ལས་གྲུབ་པའི་འདྲེས་སྦྱོར་ནང་དོན་ངོ་རྟགས་ཀྱི་ཁྲིམས་འགལ་གནད་དོན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས། 

  • ཟླ5པའི་ཚེས1ཉིན་གྱི་དུས་ཚོད12པར། ཧྥུའུ་ཅན་མཚོ་ཁོངས་ཁྱོན་ཡོངས་ནས་ཉ་འཛིན་མཚམས་འཇོག་པའི་དུས་སུ་སླེབས་རྒྱུ་ཡིན་པ་དང་། ཉ་འཛིན་མཚམས་འཇོག་པའི་དུས་ཚོད་རིང་ཤོས་དེ་ཟླ9པའི་ཚེས16ཉིན་གྱི་དུས་ཚོད12བར་ཡིན་པ་རེད། 

  • ཚེས28ཉིན། ཅང་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཧུང་ལི་ཧོ་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པ། བཙོག་དངུལ་གཙང་སྒྱུར་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཧུང་ལི་ཧོ་དུས་བཀག་བཙོན་འཇུག་ལོ་ཉི་ཤུ་བྱ་རྒྱུ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཕེང་ཞའོ་ཁྲུན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད། 

  • ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དཔྱ་ཁྲལ་གྱི་གཞི་གྲངས་དབྱེ་ཞིབ་ཆེན་པོར་གཞིགས་ནས། “ཚོང་ཁང་བརྟག་ཞིབ”བྱེད་པའི་དྲ་གྲགས་པའེ་པིང་གི་ཁྲལ་གཡོལ་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེར་གསབ་འཇལ་བདའ་འདེད་དང་ཆད་པ་ཁྱོན་སྒོར་ཁྲི1891བཅད་པ་རེད། 

1a6502aa299ca38fc95eee1fff3f532f.jpg

  • ཚེས27ཉིན་གྱི་དགོང་མོ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྐུ་བླ་རི་བོའི་ས་གཤིས་སྤྱི་གླིང་ལ་འཛམ་གླིང་ས་གཤིས་སྤྱི་གླིང་གི་ངོས་བཅད་ལག་ཁྱེར་དངོས་སུ་སྤྲད་པ་རེད། 

  • ཚེས28ཉིན། ལོ14ཅན་གྱི་ཞི་ལིས་སློབ་གྲོགས་བུ་མོར་བཙན་གཡེམ་བྱས་ཤིང་བསད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཅང་ག་གེ་མོར་ཚེ་བཙོན་བཅད་པ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་བླངས། 

  • ཚེས28ཉིན་ཡུན་ནན་ཞིང་ཆེན་ཡུས་ཞི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཤམ་ལ་སྤྲད་པའི་སྲོག་ཁྲིམས་ལག་བསྟར་བཀའ་འབེབས་བཀའ་རྒྱ་ལ་བརྩི་སྲུང་བྱས་ཏེ། བཙོན་གྲོལ་བྱས་རྗེས་སླར་ཡང་མི་བསད་པའི་ཐེན་ཡུང་མིང་ལ་སྲོག་ཁྲིམས་ལག་བསྟར་བྱས། 

5deefa5707442f774f7b6aa5bb975f4c.jpg

  • ཚེས28ཉིན་ཧའེ་ནན་སན་ཡར་འཚོགས་པའི་སྐབས་དྲུག་པའི་ཡ་ཧྲ་འགྲན་སྡུར་གྱི་སྐྱེས་པའི་མྱུར་ཚད་བྲག་འཛེག་གི་གྲ་སྒྲིག་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཀྲའོ་དབྱི་ཁྲེང་གིས་སྐར་ཆ4.58ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་མྱུར་ཚད་བྲག་འཛེག་གི་འཛམ་གླིང་ཟིན་ཐོ་ལས་བརྒལ་བ་རེད། 

    དོ་སྣང་།

9abeb4374ebb6c0d3e3662776eb2eb2a.jpg

  • ཉེ་ཆར་པོད་བདག་ཞིག་གིས“ཨན་ཧུའེ་ཡི་དམངས་སྲོལ་གནས་ཚང་ཞིག་གི་ནང་དུ་ཁབ་ཁུང་བརྙན་མིག་གིས་སློབ་ཆེན་སློབ་མའི་གསང་དོན་ཐད་གཏོང་བྱེད་ཀྱི་ཡོད”པ་ཐེར་འདོན་བྱས་པར་དོ་ཁུར་རྒྱ་ཁྱབ་ངང་བྱུང་། ཧོ་ཧྥེ་ཉེན་རྟོག་ཕྱོགས་ཀྱི་བརྡ་ཁྱབ་ཁྱབ་བསྒྲགས་ལ་གཞིགས་ན། ཉེ་གསོག་དོགས་ཅན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་འདི་ལྟ་སྟེ། གལ་ཏེ་ཁང་པ་ལྐོག་ཏུ་པར་ལེན་པ་དང་ཐད་གཏོང་བྱས་ཚེ་སུ་ཞིག་སྡོད་ཕོད་དམ། དམངས་སྲོལ་གནས་ཚང་ལས་རིགས་ལྐོག་ཏུ་པར་ལེན་པས་གཏོར་བརླག་གཏོང་འདོད་མེད་ཚེ། ངེས་པར་དུ་གསང་དོན་བདེ་འཇགས་དེ་དགོས་ངེས་དམིགས་ཚད་ནང་བཅུག་ནས། མཐའ་ཐིག་འགན་འཁྲི་འཁུར་དགོས། ལྐོག་པར་རྒྱག་པའི་ངན་སྤྱོད་ཐོན་སྐྱེད་མཚམས་འཇོག་བྱེད་པར་ཕྱོགས་མང་པོས་ཤུགས་རྒྱག་དགོས། 

    འཚོ་བའི་ཞབས་ཞུ།

9e60e1e76222fb968833e909165a259c.jpg


  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས28ཉིན་གྱི་ཆུ་ཚོད20ནས་ཚེས29ཉིནགྱི་ཆུ་ཚོད20བར། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་། ཧྭ་ལྷོའི་དབུས་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་གྱི་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།  

  • ཧྲན་ཞི། པེ་ཡུའེ་ཧེང་ཧྲན་དང་ཤན་ཁུང་དགོན་མཛེས་ལྗོངས་ཁུལ་གྱི་ཉམས་གསོའི་ཨར་ལས་ཚང་མ་ལེགས་གྲུབ་ཟིན་པ་དང་། ཟླ5ཚེས1ཉིན་ནས་བཟུང་རྒྱུན་གཏན་ངང་སྒོ་འབྱེད་རྒྱུ་ཡིན་པ་རེད། 

  • ཅང་སུའུ། 2026ལོའི་སློབ་ཐོན་སློབ་མའི་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་དེ་ཟླ5ཚེས1ཉིན་ནས་བཟུང་མཐའ་མའི་ཁ་གསབ་ཞུ་འབུལ་ཡིག་ཐོག་སྙན་ཞུ་སྒོ་འབྱེད་རྒྱུ་དང་། ཚད་གཞི་དེ་མི་རེར་སྒོར1500ཡིན་པ་དང་ཆ་རྐྱེན་འཛོམས་མཁན་གྱིས“ཅང་སུའུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་དྲ་རྒྱའི་གཞུང་ལས་ཚོམས་ཆེན”གྱི་དྲ་ཚིགས་ལ་ཐོ་འཇུག་བྱས་ནས་ཡིག་ཐོག་སྙན་ཞུ་བྱེད་ཆོག་གི་ཡོད་པ་རེད། 


མཉམ་སྤྱོད།