དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས།

2022-11-17 13:03:58   |   126

ཟླ11པའི་ཚེས15ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འབྲེལ་ཡོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེའུ་རྩོམ་རྒྱུའི་སྐོར་གྱི་འགུལ་སྐྱོད་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོ་བྱང་གི་གསོན་ཉམས་ལྡན་པའི་ལག་ལེན་དུ་ཏན་ཏིག་བསྒྱུར་དགོས་པའི་བླང་བྱ་བཏོན།

1.jpg

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་ཡིས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་གནང་། ཁུལ་ཨུའི་རྒྱུན་ཨུ་དབྱང་ཧེ་ལུང་དང་གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། ཨ་ཁྱུང་།  སངས་འབུམ་བཅས་གྲོས་ཚོགས་ལ་ཞུགས།

2.jpg

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ལ། ཚོགས་ཆེན་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་སོ་སོ་དང་གྲུབ་འབྲས་སོ་སོས་དུས་རབས་གསར་བ་དང་འཐབ་ལམ་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་བ་བཏོད་དེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་གཞི་བཀོད་ཡོད་པའི་ངོས་འཛིན་བྱས།

 3.jpg

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གསར་གཏོད་རང་བཞིན་དང་མཚོན་རྟགས་རང་བཞིན་ལྡན་པའི་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་རབ་དང་རིམ་པ་བཏོན་ཡོད་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གཙོ་བོར་གོ་བ་གཏིང་ཟབ་བླངས་ནས་ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཤེས་དད་སྦྱོར་གསུམ་གཅིག་གྱུར་དང་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་ཐུབ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་ཐོག་མཐར་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐོག་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་བརྗོན་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དུས་རབས་གསར་བ་དང་རྒྱང་བསྐྱོད་གསར་བའི་ཏང་གི་ལྟེ་བའི་ལས་འགན་དམ་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕོ་འགྱུར་རླབས་པོ་ཆེ་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཐབ་ཇུས་ཀྱི་བརྟན་ཤུགས་མཐའ་འཁྱོངས་དང་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་རང་འགུལ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཁྱབ་ཁོངས་གསར་བ་གསར་གཏོད་བྱེད་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་རྩ་བའི་རིགས་པ། ཆོས་ཉིད་བཅས་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། དུས་རབས་གསར་བ་དང་རྒྱང་སྐྱོད་གྱི་ལམ་བུ་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་སྔར་ལས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། མ་འོངས་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རླབས་ཆེན་གྱི་རང་ངོས་གསར་བརྗེས་རླབས་ཆེན་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས“མཚམས་མེད་རྒྱུན་སྒྲུབ་གཉིས”ཀྱི་བློ་རྩ་བརྟན་པོ་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་གཏིང་ཟབ་སྐུལ་སྤེལ་གཏོང་དགོས། མཐུན་སྒྲིལ་འབད་བརྩོན་རྒྱུན་འཁྱོངས་བྱེད་པའི་དུས་རབས་ཀྱི་བླང་བྱར་གོ་བ་ཟབ་མོ་བླངས་ཏེ་ཐོག་མཐའ་བར་གསུམ་དུ་ངེས་བར་བྱེད་དགོས་པ་གསུམ་གྱི་སློབ་སྟོན་ནན་ཏན་བློ་ལ་འཛིན་པ་དང་ངེས་བར་བརྒྱུད་དགོས་པའི་ལམ་བུ་ལྔའི་ཆོས་ཉིད་གལ་ཆེན་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་སེམས་ཤུགས་གཅིག་སྒྲིལ་གྱིས་རླབས་ཆེའི་བྱ་གཞག་གསར་གཏོད་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པར་བསྟན།

 4.jpg

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུའི་གནད་འགག་ནི་འགུལ་སྐྱོད་དང་རྩ་བ་ནི་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་འབེན་དང་ལས་འགན་སྔར་བས་ཞིབ་ཕྲ་དང་དངོས་གནས། དམིགས་འབེན་ཅན་བཅས་སུ་བསྒྱུར་ནས་མཚོ་བྱང་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་བ་ཡོང་བ་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་། ལེགས་ཆ་ཆེ་རུ་གཏོང་བ། སྟོང་ཆ་སྐོང་བ། ཞན་ཆ་གསབ་པ་བཅས་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་མི་སྣའི་ཚན་རྩལ་དང་། བཅོས་སྒྱུར་སྒོ་འབྱེད། དངུལ་རྩའི་འདེགས་སྐྱོར་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་ལེན་རྒྱུ་རྐྱེན་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ཆགས་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གཏོད་པའི་མཐོ་ཚད་ཐོག་ནས་བྱས་རྗེས་གསར་བ་མངོན་པར་བྱེད་པ་དང“རྒྱལ་དོན་གྱི་ཆེ་ཕྱོགས”ཞེས་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མདོ་ལ་རིང་མོ་དང་མཚོ་སྔོན་པོ་སོགས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པའི་ཐད་ཡར་རྒྱས་གསར་བ་ཡོང་བར་བྱས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་བཅས་བྱས་ནས་མཚོ་བྱང་གི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་འཇགས་བཅས་ལ་འགན་ལེན་བྱེད་དགོས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་གྲུབ་འབྲས་གསར་བ་ཐོབ་པར་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་ཐབས་སོ་སོ་དོན་འཁྱོལ་ཡག་པོ་བྱས་ནས་སློབ་གསོ་དང་སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་གཞི་རྩའི་སྤྱི་བའི་ཞབས་ཞུ་དེ་བས་ཀུན་ཕན་དང་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཐད་རྣམ་པ་གསར་བ་གཏོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བརྗོད་དོན་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཐད་རྒྱུགས་ལན་གསར་བ་ཕུལ་ནས་ཐོག་མཐའ་བར་གསུམ་དུ“ངེས་པར་བྱེད་དགོས་པ་གསུམ”བློ་ལ་བརྟན་པོ་ངེས་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱེད་པ། མི་བཀོལ་སྤྱོད་ཐད་ཡང་དག་པའི་སྟོན་ཕྱོགས་གཏོད་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པ་ནན་གྱིས་བསྟན།

 5.jpg

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། དོན་དངོས་ཟུང་འབྲེལ་དང་གཙོ་གནད་ཁོང་དུ་ཆུད་པ་བྱས་ཏེ་བསམ་པའི་འཁྱེར་སོ་བཟང་པོ་དང་བྱ་བའི་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིམ་པ་དང་ཁྱབ་ཁོངས་སོ་སོའི་བརྒྱུད་སྒྲོག་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་མ་རྩོམ་སློབ་སྦྱོང་དང་རྩ་བའི་རིགས་པ་ཤེས་རྟོགས་བྱེད་པར་ཁྲིད་སྟོན་བྱས་ཡོད། སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཡག་པོ་གཉེར་བ། ཡོངས་སུ་ཁྱབ་པ་དང་བརྒྱུད་རིམ་ལྡན་པའི་རེས་སྐོར་གསོ་སྦྱོང་བྱེད་པ། ཞིབ་བསྡུར་བརྗེ་རེས་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱད་དེ་བྱ་བར་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞི་རིམ་ལ་ཕྱོགས་པའི་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས“ཚགས་པར་དང་སྟེགས་བུ། དྲ་བ། སྐད་འཕྲིན། སྤྱོད་སྣེ་བཅས”ཀྱི་སྨྱན་སྦྱོར་ཡོངས་ཀྱིས་མཉམ་འགུལ་མཉམ་འདྲེས་བྱས་ཏེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རྣམ་པ་བཟང་པོ་ཞིག་སྐྲུན་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་ལ་དམ་འཛིན་བྱེད་པ་དང་དོན་འཁྱོལ་དམ་འཛིན་ལ་སྣེ་ཁྲིད་དེ་དང་། དོན་འཁྱོལ་དམ་འཛིན་བྱེད་མཁས་པ། རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འབྲེལ་ཡོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེའུ་རྩོམ་རྒྱུའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི》དེ་ཕྱོགས་ལྔའི་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས།

ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དྲང་སྲུང་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་།

གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།


མཉམ་སྤྱོད།