དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱིས་ཡང་བསྐྱར་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུའི་གསང་མྱུལ་གྱོད་གཞི་ཞིག་རྩད་ཆོད་པ།

2023-08-21 15:04:25   |   3334

ཡིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


000.jpg

ཉེ་ཆར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུའི་གསང་མྱུལ་གྱོད་གཞི་ཞིག་རྩད་ཆོད། ཉེས་གསོག་དོགས་ཅན་ཧོ་ཆེ་གེ་མོ་ནི1984ལོའི་ཟླ1པོར་སྐྱེས། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་པུ་ཨུ་ག་གེ་མོའི་ལས་བྱེད་པ་ཡིན། ཧོ་ཆེ་གེ་མོ་འཇར་པན་དུ་སློབ་སྦྱོང་བྱེད་རིང་། ཨ་རིའི་འཐུས་མཆན་ལག་ཁྱེར་སྒྲུབ་སྐབས་འཇར་པན་དུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་དཔོན་རིགས་ཐའེ་ཏེ་ངོ་ཤེས་པར་གྱུར། ཐའེ་ཏེ་ཡིས་མགྲོན་བསུ་བྱེད་པ་དང་། ལག་སྐྱེས་འབུལ་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཧོ་ཆེ་གེ་མོ་དང་འབྲེལ་བ་དམ་ཟབ་བྱས་པ་མ་ཟད། དཔྱད་རྩོམ་འབྲི་རོགས་བྱེད་དུ་བཅུག་པ་དང་། “རྩོམ་ཡོན”སྤྲོད་རྒྱུའི་ཁས་བླངས། ཧོ་ཆེ་གེ་མོས་ཀྱང་དེ་ལྟར་སྒྲུབ་རྒྱུའི་ཁས་འཆེས། ཐའེ་ཏེ་ཡིས་འཇར་པན་དུ་བཅའ་སྡོད་བྱེད་པའི་འགན་ཡུན་མ་ལོན་པའི་སྔོན་ཙམ་ལ་རང་གི་ལས་གྲོགས་ལི་ཅུན་ཀྱང་ཧོ་ཆེ་གེ་མོར་ངོ་སྤྲད། ཕྱོགས་གཉིས་པོས་མུ་མཐུད་དུ་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས།

ཧོ་ཆེ་གེ་མོའི་ཕྱི་འགྲིམ་སློབ་སྦྱོང་གི་དུས་ཚོད་ལོན་ལ་རན་པའི་དུས་སུ། ལི་ཅུན་གྱིས་ཁོ་ཉིད་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུའི་ཏུང་ཅིང་ས་ཚིགས་ཀྱི་མི་སྣ་ཡིན་པའི་ཐོབ་ཐང་བཤད་པ་དང་། ཁོ་རང་ངོ་ལོག་ཏུ་ཞུགས་པའི་སྐུལ་མ་བྱས་ཏེ་རྒྱལ་ནང་དུ་ལོག་རྗེས་རང་རེའི་ལྟེ་བའི་ལས་ཁུངས་སུ་ལས་ཀ་བྱེད་པར་འགྲོ་དགོས་པའི་རེ་བ་བཏོན། ཧོ་ཆེ་གེ་མོ་དེ་ལ་མོས་མཐུན་བྱུང་བ་དང་། ཨ་རི་ཕྱོགས་ཀྱི་གསང་མྱུལ་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་དཔྱད་ཞིབ་དང་གསོ་སྦྱོང་དང་ལེན་བྱས།

ཧོ་ཆེ་གེ་མོ་ཕྱིར་རྒྱལ་ནང་དུ་ལོག་རྗེས། ཀྲུང་དབྱང་གསང་འཕྲིན་ཅུའི་རེ་བ་ལྟར་རང་རེའི་རྒྱལ་ཁབ་ཀྱི་པུ་ཨུ་ག་གེ་མོར་བྱ་བ་སྒྲུབ་པ་དང་། རྒྱལ་ཁོངས་སུ་ཀྲུང་དབྱང་གསང་འཕྲིན་ཅུའི་མི་སྣ་དང་ཐེངས་མང་པོར་གསང་བའི་འབྲེལ་གཏུག་བྱས་ཤིང་། གསང་འཕྲིན་འདོན་སྤྲོད་བྱས་པ་མ་ཟད་གསང་མྱུལ་གྱི་རིན་པ་བླངས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མྱུལ་ཞིབ་བྱས་པ་བརྒྱུད་ཧོ་ཆེ་གེ་མོའི་གསང་མྱུལ་བྱ་འགུལ་ཤེས་རྗེས་ཁྲིམས་ལྟར་ཞིབ་བཤེར་བྱས། མིག་སྔར་གྱོད་གཞི་དེ་མྱུལ་ཞིབ་བྱེད་བཞིན་ཡོད། 

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རང་རྒྱལ་གྱི་སྤྱི་དམངས་ཀྱིས་ཕྱི་རྒྱལ་དུ་དོགས་ཟོན་གྱི་འདུ་ཤེས་ཧ་ཅང་ཇེ་ཟབ་ཏུ་གཏོང་དགོས་པ་དང་། དོགས་ཡོད་མི་སྣའི་ཁེ་ཕན་གྱི་བསླུ་བྲིད་རང་རྟོགས་སྒོས་བཀག་འགོག་བྱས་ཏེ། ཐང་གི་རྡོ་བཏུས་ཏེ་རུམ་གྱི་བྲོ་ལྷུང་བའི་བྱ་སྤྱོད་ལས་གཡོལ་དགོས་པའི་དྲན་སྐུལ་བྱས།


མཉམ་སྤྱོད།