དེ་རིང་ནི2025ལོའི་ཟླ07པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར།

2024-05-24 15:34:53   |   2225

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསྟུད་མར་འགྲིམ་འགྲུལ་ཁྲིམས་སྐྱོང་འཛུགས་སྐྲུན་ལེགས་པོར་སྤེལ་ཏེ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ཞབས་ཕྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་གཉིས་ཀྱིས་གཙོ་སྒྲུབ་དང་། མགོ་ལོག་ཁུལ་རྨ་ཆེན་རྫོང་རྨ་གཡང་རླངས་འཁོར་ཁ་ལོ་བའི་སློབ་གྲྭས་རོགས་སྒྲུབ་བྱས་པའི“རྨ་གཡང་རྟགས་མའི”རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་ཞིག་སྤེལ་འཆར་ཡོད་པས་ནང་དོན་དང་ཆ་རྐྱེན་གཤམ་གསལ་ལྟར།

གཅིག ད་ལོ་ནི《འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་དང་། བདེ་འཇགས་ཡར་སྐུལ་ཐད་ནུས་པ་འདོན་པ། འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པར་མཐུན་རྐྱེན་བསྐྲུན་པར་དམིགས་ཏེ། ཐེངས་འདིའི་ལྷུག་རྩོམ་གྱི་བརྗོད་བྱ་ནི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱོགས་ཡིན་དགོས།

གཉིས། བརྗོད་བྱ་འབུར་དུ་ཐོན་པ་དང་ནང་དོན་གྱི་ཐད་ནས་ཏང་གི་ལམ་ཕྱོགས་དང་སྲིད་ཇུས། བྱེད་ཕྱོགས་བཅས་དང་མཐུན་དགོས་ཤིང་། བརྗོད་བྱེད་གནད་ལ་འཁེལ་བ། ཚིག་སྦྱོར་བབ་ཆགས་ཤིང་། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ། འཚོ་བའི་མྱོངས་པ་ཟབ་མོ་དང་བསྟུན་ཏེ། དངོས་ཡོད་གཏམ་རྒྱུད་གཞིར་བཟུང་ནས་བྲི་དགོས་ཤིང་། ཡིག་འབྲུ800ལས་བརྒལ་མི་ཆོག

གསུམ། འགྲན་སྡུར་གྱི་ཁ་གཏད་ཡུལ། སྤྱི་ཚོགས་ལས་རིགས་སོ་སོའི་རྩོམ་རིག་ལ་མོས་པ་ཡོད་པའི་རྩོམ་པ་པོ།

བཞི། བྱེད་སྒོ་སྤེལ་བའི་དུས་ཚོད། 2024ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་། 2024ལོའི་ཟླ12པའི་ཚེས2ཉིན་གྱི་བར་དུ་ཡིན།

ལྔ། བྱ་དགའི་རྣམ་གྲངས།

ཨང་དང་པོ་གཅིག

གཟི་བརྗིད་དཔང་ཡིག་དང་སྒོར3000ཡིན།

ཨང་གཉིས་པ་གཉིས།

གཟི་བརྗིད་དཔང་ཡིག་དང་སྒོར2000རེ་ཡིན།

ཨང་གསུམ་པ་གསུམ།

གཟི་བརྗིད་དཔང་ཡིག་དང་སྒོར1000རེ་ཡིན།

ཕུལ་བྱུང་བརྩམས་ཆོས་ལྔ་ཡོད།

བྱ་དགའ་ལ་གཟི་བརྗིད་དཔང་ཡིག་རེ་ཡོད།

དྲུག ཐོག་མའི་བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་དག་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི《འགྲུལ་བཞུད་ལམ་སྟོན》གྱི་གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་མོའི་ལེ་ཚན་དུ་གྱེར་ཀློག་བྱེད་པ་དང《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》སྟེང་དུ་གཟའ་འཁོར་རེའི་གཟའ་པ་སངས་ཉིན་དགོད་རྒྱུ་ཡིན། དེ་མིན་ལས་ཁུངས་གཉིས་ཀྱི་སྐད་འཕྲིན་སྤྱི་སྟེགས་སྟེང་དུའང་དགོད་རྒྱུ་ཡིན།

བདུན། བརྩམས་ཆོས་སྐུར་ཡུལ།

རྩོམ་སྒྲིག་པའི་སྐད་འཕྲིན་སྦྲེལ་ནས་རྩོམ་ཡིག་བསྐུར་དགོས། བརྩམས་ཆོས་ཀྱི་མཇུག་ཏུ་རུས་མིང་དང་། འབྲེལ་གཏུགས་ཨང་གྲངས། ལས་ཁུངས་སོགས་ཀྱི་མིང་གསལ་པོར་དགོད་དགོས།
འབྲེལ་གཏུག་བྱ་ཡུལ།
སྟོབས་ལྡན་རྒྱལ། 18797366383  
སྐད་འཕྲིན། 610117993
ནམ་མཁའ་ཚེ་རིང་། 18897143623 
སྐད་འཕྲིན། 18897143623
མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་ནས།
2024ལོའི་ཟླ5པའི་ཚེས24ཉིན།


མཉམ་སྤྱོད།