དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དུ་དྲག་ཆར་འབབ་པའི་ཉེན་བརྡ་སེར་པོ་བཏང་འདུག

2024-09-03 16:41:31   |   96

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་ཟླ9པའི་ཚེས3ཉིན་གྱི་ཆུ་ཚོད15དང་སྐར་མ20སྟེང་དྲག་ཆར་འབབ་པའི་ཉེན་བརྡ་སེར་པོ་བཏང་པ་སྟེ། 

སྔོན་དཔག་བྱས་པ་ལྟར་ན། ཟླ9པའི་ཚེས3ཉིན་གྱི་ཆུ་ཚོད16ནས་ཚེས4ཉིན་གྱི་ཆུ་ཚོད16བར། མདའ་བཞི་དང་འཇུ་ལག མདོ་ལ། རྐང་ཚ་བཅས་ལ་དྲག་ཆར་འབབ་རྒྱུ་ཡིན་ཞིང་། རིམ་རྩིས་བྱས་ན་ཆར་འབབ་ཚད་ཧའོ་སྨི50ཡན་ཟིན་རྒྱུ་རེད། དྲག་ཆར་གཙོ་བོ་ཚེས3ཉིན་གྱི་དགོང་མོ་ནས་ཚེས4ཉིན་གྱི་ཉིན་དཀར་བར་འབབ་རྒྱུ་ཡིན་པ་དང་། ཆེས་འབབ་དུས་ཆུ་ཚོད་རེའི་ནང་ཧའོ་སྨི30ནས་ཧའོ་སྨི40བར་འབབ་རྒྱུ་རེད། བརྒྱུད་རིམ་འདིའི་ནང་དུས་ཐུང་རང་བཞིན་གྱི་དྲག་ཆར་དང་སེར་བ་འབབ་པ། གློག་འཁྱུག་ཐོག་རྒྱག་རླུང་ལྡང་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་འབྱུང་རྒྱུ་ཡིན་ལ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། ཆུ་བོ་ཆུང་འབྲིང་བྲུག་པ་དང་། ཆུ་ལོག་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཆུ་འཁྱིལ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་འབྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་བས་མཉམ་འཇོག་བྱ་དགོས། 

འགོག་སྲུང་ཕྱོགས་སྟོན།

1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལས་འགན་ལྟར་དྲག་ཆར་འགོག་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།

2.སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བགྲོད་ལམ་གྱི་གནས་ཚུལ་ལ་གཞིགས་ནས་དྲག་ཆར་འབབ་པའི་ལམ་དུམ་དུ་འགྲིམ་འགྲུལ་བཀག་སྡོམ་གྱི་བྱ་ཐབས་སྤྱོད་དགོས།   

3.སློབ་གྲྭ་ཆུང་འབྲིང་དང་བྱིས་བཅོལ་ཁང་གིས་འགོག་སྲུང་བྱེད་ཐབས་སྤྱད་དེ་སློབ་མ་དང་བྱིས་པའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་དགོས།   

4.གཤོང་ས་དང་སྦངས་སླ་བའི་ས་ཁུལ་གྱི་དངོས་ཟོག་སྤོ་སྒྱུར་བྱེད་པ་དང་། གཤོང་སའི་ཉེན་ཁ་ཡོད་པའི་ཁང་ཕྱིའི་གློག་ཁུངས་གཅོད་དགོས།


མཉམ་སྤྱོད།