སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།
སང་ཉིན་གྱི་ཚེས་ཆ།
སང་ཉིན་གྱི་གནམ་གཤིས།
དེ་རིང་དགོང་མོར། སོག་རྫོང་དང་། གཅིག་སྒྲིལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆེན(སྨི་སྟོང་ཤས5ནས6བར)འབབ་རྒྱུ་དང་། འབའ་རྫོང་དང་། རྨ་ཆེན། དགའ་བདེ། དར་ལག རྩེ་ཁོག་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ(སྨི་སྟོང་ཤས2.5ནས4.9བར)འབབ་རྒྱུ་རེད། མཚོ་ལྷོའི་ལྷོ་རྒྱུད་དང་། ཡུལ་ཤུལ་གྱི་ཤར་རྒྱུད། མགོ་ལོག རྨ་ལྷོའི་ས་ཁུལ་མང་ཆེ་བའམ་ཡ་རྫི་དང་། གཏེར་ལེན་བཅས་ལ་ཁངས་ཆུང་ཆུང(སྨི་སྟོང་ཤས0.1ནས2.4བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བའམ་གནམ་རིབ་རྒྱུ་རེད།
སང་ཉིན་ཉིན་མོར། མགོ་ལོག་གི་ལྷོ་རྒྱུད་ལ་ཁངས་ཆུང་ཆུང(སྨི་སྟོང་ཤས0.1ནས1.0བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།