དེ་རིང་ནི2025ལོའི་ཟླ04པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-02-28 19:22:05   |   665

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

11.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཡུལ་ཤུལ་གྱི་ནུབ་རྒྱུད་དང་ན་གོར་མོ། ཚ་འདམ། དབུས་ལམ། ཝུའུ་ལན། མང་ཡ། རྨ་སྟོད། རྨ་ཆེན། སོག་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང(སྨི་སྟོང་ཤས0.1~0.8)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། 

སང་ཉིན་ཉིན་དཀར། ཐེམ་ཆེན། གཏེར་ལེན་ཁ། ཚ་འདམ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང(སྨི་སྟོང་ཤས2.5~3.3)འབབ་རྒྱུ་རེད། མགོ་ལོག་གི་ནུབ་རྒྱུད་ལ་སྤྲིན་མང་བའམ་གནམ་རུབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཁངས་ཆུང(སྨི་སྟོང་ཤས0.1~2.4)འབབ་རྒྱུ་རེད། ཚེས1ཉིན་གྱི་ཉིན་དཀར། ཚ་འདམ་གཤོང་སར་རིམ་པ6ནས7བར་གྱི་ནུབ་རླུང་གཡུག་རྒྱུ་རེད་ལ་ས་རྡུལ་འཚུབ་པའི་གནམ་གཤིས་ཀྱང་འདུག མཚོ་ཤར་ལ་རིམ་པ4~5ཅན་གྱི་ཤར་རླུང་གཡུག་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་ཆེས་མཐོ་བའི་དྲོད་ཚད4℃ནས6℃མར་ཆག་རྒྱུ་རེད། ས་ཁུལ་ལ་ལའི་ཆེས་མཐོ་བའི་དྲོད་ཚད8℃ཡན་མར་ཆག་རྒྱུ་རེད།

1.1.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།