སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།
སང་ཉིན་གྱི་ཚེས་ཆ།
སང་ཉིན་གྱི་གནམ་གཤིས།
དེ་རིང་དགོང་མོར། དར་ལག་དང་། གཅིག་སྒྲིལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ(སྨི་སྟོང་ཤས་2.5ནས3.0བར)འབབ་པ་དང་། བྲག་དཀར་དང་། འབའ་རྫོང་། རྨ་ཆེན། རྨ་སྟོད། དགའ་བདེ། པད་མ། སོག་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང་ཆུང(སྨི་སྟོང་ཤས་0.1ནས2.4བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།
སང་ཉིན་ཉིན་མོར། པད་མ་དང་། གཅིག་སྒྲིལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ(སྨི་སྟོང་ཤས་2.5ནས3.0བར)འབབ་པ་དང་། མཚོ་བྱང་གི་བྱང་རྒྱུད་དང་། མགོ་ལོག་གི་དབུས་བྱང་རྒྱུད། ཐེམ་ཆེན་དང་སོག་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་ལ་ཁངས་ཆུང་ཆུང(སྨི་སྟོང་ཤས0.1ནས2.4བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།