སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།
སང་ཉིན་གྱི་ཚེས་ཆ།
སང་ཉིན་གྱི་གནམ་གཤིས།
དེ་རིང་དགོང་མོར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་རིམ་པ6ནས7བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་རེད།
སང་ཉིན་ཉིན་མོར། གཏེར་ལེན་ཁ་དང་ཐེམ་ཆེན། མདོ་ལ། འཇུ་ལག་བཅས་སུ་ཁ་ཐོར་རྣམ་པའི་ཐོལ་ཁངས(སྨི་སྟོང་ཤས0.1ནས་0.5བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། མཚོ་ནུབ་ཀྱི་ནུབ་རྒྱུད། མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ་གྱི་ཤར་རྒྱུད། མགོ་ལོག་གི་བྱང་རྒྱུད་བཅས་སུ་རིམ་པ6ནས7བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་རེད། ཐོལ་རླུང་རིམ་པ8ཡན་ལ་སླེབས་རྒྱུ་རེད། ས་ཁུལ་ལ་ལར་ས་རྡུལ་འཐིབ་པའི་གནམ་གཤིས་འདུག ཟི་ལིང་དང་མཚོ་ཤར་ལ་རིམ་པ4ནས5བར་གྱི་ཤར་ཡོའི་རླུང་གཡུག་རྒྱུ་རེད། ཐོལ་རླུང་རིམ་པ6ཡན་ལ་སླེབས་རྒྱུ་རེད། ས་ཁུལ་ལ་ལར་ཡུན་ཐུང་གི་ས་རྡུལ་འཐིབ་པའི་གནམ་གཤིས་འདུག