དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-04-10 17:56:43   |   388

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


ང་ཉིན་གྱི་ཚེས་ཆ།

9ab99e2d07ef74bda30234bff80b6c2.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ། དར་ལག་གི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་སུ་ཁངས་འབྲིང་ནས་ཁངས་ཆེན(སྨི་སྟོང་ཤས2.5~5.2)འབབ་པ་དང་།  ཡུལ་ཤུལ་ནུབ་རྒྱུད་དང་མགོ་ལོག་གི་ས་ཆ་མང་ཆེ་བ། མཚོ་བྱང་བྱང་རྒྱུད། རྟ་ཐང་། ཧོར་གྲོང་བཅས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1~2.3)འབབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། 

སང་ཉིན་ཉིན་མོར། ཡུལ་ཤུལ་གྲོང་ཁྱེར་དང་ནང་ཆེན། རྫ་སྟོད་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་སུ་ཁངས་ཆུང་ཆུང་ནས་ཁངས་འབྲིང(སྨི་སྟོང་ཤས0.5~3.5)ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། མཚོ་ཤར་དང་མཚོ་བྱང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཆེ་བ། རྟ་ཐང་། སྐུ་འབུམ། སྟོང་སྐོར། དབུས་ལམ། གཏེར་ལམ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1~2.4)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ཉིན་གྱི་ཆེས་མཐོའི་དྲོད་ཚད4~6℃མར་ཆག་པ་དང་། ཟི་ལིང་དང་མཚོ་ཤར8℃ཡན་དུ་སླེབས་རྒྱུ་རེད། ཟི་ལིང་དང་མཚོ་ཤར། རྨ་ལྷོ་བཅས་སུ་རིམ་པ4~5བྱང་ཡོའི་རླུང་གཡུག་པ་དང་། ཤར་རྒྱུད་ཀྱི་གྲོག་རོང་ཁུལ་དུ་ཐལ་རྡུལ་འཚུབ་པའི་གནམ་གཤིས་ཡོད། མཚོ་ནུབ་ཤར་རྒྱུད་དང་མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ་བྱང་རྒྱུད། མགོ་ལོག་གི་བྱང་རྒྱུད་བཅས་སུ་རིམ་པ6~7བྱང་ཡོའི་རླུང་གཡུག་རྒྱུ་རེད།

470498e64afaab114b4bd172769544f.jpg



སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།