དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-04-16 17:05:06   |   414

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

1.0~1.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།  

སང་ཉིན་ཉིན་མོར། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཐེམ་ཆེན། མང་ཡ། མདོ་ལ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1~0.5བར་)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཟི་ལིང་དང་མཚོ་ཤར། རྨ་ལྷོའི་བྱང་རྒྱུད་བཅས་སུ་རིམ་པ4ནས5བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་དང་ས་རྡུལ་འཚུབ་པའི་གནམ་གཤིས་འདུག མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ། མཚོ་ལྷོའི་ས་ཆ་མང་ཆེ་བ། ཡུལ་ཤུལ་གྱི་ནུབ་རྒྱུད། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོའི་ལྷོ་རྒྱུད་བཅས་སུ་རིམ་པ6ནས7བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་རེད།

416.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།