དེ་རིང་ནི2025ལོའི་ཟླ08པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-06-18 18:12:47   |   896

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

c1414439a3b350d0ca5423e62d1a87b.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དང་ཡུལ་ཤུལ་གྱི་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་རྒྱུ་ཡིན་ཞིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཡང་ན་ཐོལ་ཆར(སྨི་སྟོང་ཤས0.1ནས27.4བར)ཡོད་པ་དང་། དེའི་ནང་མཚོ་ལྷོའི་ལྷོ་རྒྱུད་དང་མཚོ་བྱང་གི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྩེ་ཁོག རྨ་ལྷོ་སོག་རྫོང་། ཁྲི་འདུ། ནང་ཆེན་གྱི་ས་ཁུལ་ཁག་གཅིག་བཅས་ལ་ཆར་འབྲིང(སྨི་སྟོང་ཤས10.0ནས་24.9བར)འབབ་ལ། འབའ་རྫོང་དང་རྨ་ཆེན་གྱི་ས་ཁུལ་ཁག་གཅིག་ལ་ཆར་ཆེན (སྨི་སྟོང་ཤས25.0ནས་27.4བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ་དང་ཆུ་དམར་ལེབ། ཁྲི་འདུ། རྨ་སྟོད་ཀྱི་ས་ཁུལ་ཁག་གཅིག་བཅས་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་ཡིན་ཞིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཡང་ན་ཐོལ་ཆར(སྨི་སྟོང་ཤས0.1ནས5.2བར)འབབ་རྒྱུ་རེད།

059908474d071c7c2429fbc90e30a58.jpg



སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།