དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-07-22 14:58:30   |   269

སྒྲིག་སྒྱུར། ཀླུ་མཁར་རྒྱལ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

23.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར། མཚོ་ནུབ་མང་ཆེ་བ་དང་། ཡུལ་ཤུལ་ནུབ་རྒྱུད། མགོ་ལོག་ལྷོ་རྒྱུད། དེ་བཞིན་རྟ་ཐང་དང་། སྟོང་སྐོར། མདོ་ལ། རྐང་ཚ། མདའ་བཞི། རྨ་སྟོད་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་ངམ་ཐོལ་ཆར་དང་དེ་བཞིན་དེའི་ཡན་གྱི་ཆར་ཆུ་(སྨི་སྟོང་ཤས1~15)འབབ་རྒྱུ་ཡིན་པ་དང་། དེའི་ནང་ན་གོར་མོ་གྲོང་ཁྱེར་གྱི་ས་ཁུལ་ཁག་ཅིག་ལ་ཆར་འབྲིང་(སྨི་སྟོང་ཤས10~15)འབབ་རྒྱུ་རེད། 

སང་ཉིན་ཉིན་མོར། ཟི་ལིང་དང་། མཚོ་ནུབ་མང་ཆེ་བ། མཚོ་ལྷོའི་མང་ཆེ་བ། མཚོ་བྱང་། ཡུལ་ཤུལ་མང་ཆེ་བ། མགོ་ལོག་གི་དབུས་བྱང་རྒྱུད། དེ་བཞིན་ཧོར་གྲོང་དང་བདེ་ཁམས་ལ་ཆར་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ་(སྨི་སྟོང་ཤས1~32)འབབ་རྒྱུ་ཡིན་པ་དང་། དེའི་ནང་མཚོ་ནུབ་ཤར་རྒྱུད་དང་། མཚོ་བྱང་མང་ཆེ་བ། དེ་བཞིན་གསེར་ཆེན་དང་། ཆུ་དམར་ལེབ། འབྲི་སྟོད་ཀྱི་ས་ཁུལ་མང་ཆེ་བར་ཆར་འབྲིང་ནས་ཆར་ཆེན་(སྨི་སྟོང་ཤས10~32)འབབ་རྒྱུ་ཡིན་ཞིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། 

2d57d68a95439b0890154831781f3a6.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།