དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-07-23 18:05:29   |   296

སྒྲིག་སྒྱུར། ཀླུ་མཁར་རྒྱལ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

d8ecd3df6faaf9a269cb4cbaf7cfb1a.png

སང་ཉིན་གྱི་གནམ་གཤིས། 

སྔོན་དཔག་བྱས་ན་དེ་རིང་དགོང་མོར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་ཆུང་ངམ་དེའི་ཡན་གྱི་ཆར་ཆུ་(སྨི་སྟོང་ཤས1.0~65.0)འབབ་རྒྱུ་ཡིན་པ་དང་། དེའི་ནང་ཟི་ལིང་དང་། མཚོ་བྱང་། མཚོ་ལྷོ། མཚོ་ནུབ་ཤར་རྒྱུད། མགོ་ལོག་བྱང་རྒྱུད། དེ་བཞིན་ཧོར་གྲོང་དང་དཔའ་ལུང་། ཆུ་དམར་ལེབ། ཁྲི་འདུ། འབྲི་སྟོད་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་འབྲིང་ནས་ཆར་ཆེན་(སྨི་སྟོང་ཤས10.0~49.0)འབབ་རྒྱུ་ཡིན་ཞིང་། སྟོང་སྐོར་དང་སྐུ་འབུམ། མདའ་བཞི། རྐང་ཚ། མདོ་ལ། གསེར་ཆེན། བྲག་དཀར། འབའ་རྫོང་། མང་རྫོང་། ཐེམ་ཆེན། དབུས་ལམ། གཏེར་ལམ་གྱི་ས་ཁུལ་ཁག་ཅིག་ལ་དྲག་ཆར་(སྨི་སྟོང་ཤས50.0~65.0)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་ཆར་འབྲིང་ངམ་དེ་བཞིན་དེའི་ཡན་གྱི་ཆར་ཆུ་(སྨི་སྟོང་ཤས1.0~61.0)འབབ་རྒྱུ་ཡིན་ཞིང་། དེའི་ནང་སྐུ་འབུམ་དང་སྟོང་སྐོར། བདེ་ཁམས། དཔའ་ལུང་། ཧོར་གྲོང་། གྲོ་ཚང་། ཞུན་ཧྭ། གསེར་ཆེན། ཁྲི་ཀ བྲག་དཀར། འབའ་རྫོང་། གཅན་ཚ། རེབ་གོང་། རྩེ་ཁོག སོག་རྫོང་གི་ས་ཁུལ་ཁག་ཅིག་ལ་ཆར་ཆེན་ནས་དྲག་ཆར་(སྨི་སྟོང་ཤས25.0~61.0)འབབ་རྒྱུ་རེད། 

94f80191cf0672cd266e911cb64d7de.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།