དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-06 17:58:55   |   547

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

1.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཟི་ལིང་གི་ལྷོ་རྒྱུད་དང་། མཚོ་ཤར་གྱི་དབུས་རྒྱུད། མཚོ་ནུབ་ཀྱི་ནུབ་རྒྱུད། མཚོ་ལྷོའི་བྱང་རྒྱུད་བཅས་སུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་ཐོལ་ཆར(སྨི་སྟོང་ཤས0.1ནས23.3བར)འབབ་རྒྱུ་དང་། ཚྭ་འདམ་ཆེ་བ་དང་ན་གོར་མོ་གྲོང་ཁྱེར། རྨ་སྟོད། རྨ་ཆེན་བཅས་སུ་ཆར་འབྲིང(སྨི་སྟོང་ཤས10.0ནས23.3བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཐོལ་ཆར་རམ་ཐོག་ཆར(སྨི་སྟོང་ཤས0.1ནས26.3བར)འབབ་རྒྱུ་ཡིན་ལ། མཚོ་ལྷོའི་ས་ཆ་མང་ཆེ་བ་དང་། མཚོ་བྱང་གི་ས་ཆ་མང་ཆེ་བ། རྨ་ལྷོའི་བྱང་རྒྱུད། དེ་བཞིན་སྐུ་འབུམ། སྟོང་སྐོར། རྟ་ཐང་། ཧོར་གྲོང་། ཡ་རྫི། ཐེམ་ཆེན། དར་ལག རྨ་སྟོད། ཁྲི་འདུ་བཅས་སུ་ཆར་འབྲིང་ནས་ཆར་ཆེན(སྨི་སྟོང་ཤས10.0ནས26.3བར)འབབ་རྒྱུ་རེད།

微信图片_2025-08-06_175807_987.png



སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།