དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-07 18:09:42   |   516

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

1.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་བའམ་གནམ་ཐང་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཐོལ་ཆར་རམ་ཐོག་ཆར(སྨི་སྟོང་ཤས1ནས80བར)འབབ་རྒྱུ་རེད། དེའི་ནང་ཟི་ལིང་དང་མཚོ་ཤར། མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོ། ཐེམ་ཆེན། གདང་ལ་རུ་ཁུལ་བཅས་སུ་ཆར་འབྲིང་ནས་ཆར་ཆེན(སྨི་སྟོང་ཤས10ནས45བར)འབབ་རྒྱུ་རེད། རྟ་ཐང་དང་། སྟོང་སྐོར། སྐུ་འབུམ། ཧོར་གྲོང་། དམར་གཙང་། དཔའ་ལུང་། ཡ་རྫི། གཞོང་ཐང་། གསེར་ཆེན། བྲག་དཀར། འབའ་རྫོང་། ཁྲི་ཀ མང་རྫོང་། གཅན་ཚ། རེབ་གོང་། རྩེ་ཁོག རྨ་ཆེན། རྨ་སྟོད། འབྲི་སྟོད་བཅས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར(སྨི་སྟོང་ཤས50ནས60བར་དང་ས་ཁུལ་ཁ་ཤས་སུ་སྨི་སྟོང་ཤས70ནས80བར་སླེབས་རྒྱུ)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་བའམ་གནམ་ཐང་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཐོལ་ཆར་རམ་ཐོག་ཆར(སྨི་སྟོང་ཤས1ནས60བར)འབབ་རྒྱུ་རེད། དེའི་ནང་ཟི་ལིང་གི་ལྷོ་རྒྱུད་དང་མཚོ་ཤར་གྱི་ལྷོ་རྒྱུད། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་གི་ལྷོ་རྒྱུད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག རྨ་ལྷོའི་ས་ཆ་མང་ཆེ་བ་བཅས་སུ་ཆར་འབྲིང་ནས་ཆར་ཆེན(སྨི་སྟོང་ཤས10ནས45བར)འབབ་རྒྱུ་རེད། སོག་རྫོང་དང་ཆུ་དམར་ལེབ། ཁྲི་འདུ། རྫ་སྟོད། རྨ་ཆེན། དགའ་བདེ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར(སྨི་སྟོང་ཤས50ནས60བར)འབབ་རྒྱུ་རེད།

1.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།