དེ་རིང་ནི2025ལོའི་ཟླ08པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-24 21:51:18   |   253

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250823213243_25_3.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཡུལ་ཤུལ་གྱི་ནུབ་རྒྱུད་དང་། མང་ཨེ། ན་གོར་མོ་གྲོང་ཁྱེར། དཔའ་ལུང་། ཡ་རྫི། གཅན་ཚ། རེབ་གོང་། སོག་རྫོང་། པད་མ་བཅས་ཀྱི་ས་ཁུལ་ཁ་ཤས་ལ་ཐོལ་ཆར་རམ་ཐོག་ཆར(ཧའོ་སྨི0.1ནས15)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་(ཧའོ་སྨི0.1ནས16)འབབ་རྒྱུ་རེད། ཐེམ་ཆེན་དང་། རྐང་ཚ། གསེར་ཆེན། བྲག་དཀར་བཅས་ལ་ཆར་འབྲིང་(ཧའོ་སྨི10ནས16)འབབ་རྒྱུ་རེད། ཚྭ་འདམ་གཤོང་སར་རིམ་པ6ནས7གྱི་ནུབ་ཡོའི་རླུང་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ8ནས9བར་གཡུག་རྒྱུ་རེད། ས་ཁུལ་ཁ་ཤས་ལ་བྱེ་རླུང་གཡུག་པའི་གནམ་གཤིས་ཡོད་པ་དང་། ཉིན་གྱི་ཆེས་མཐོ་བའི་དྲོད་ཚད་ཏུའུ4ནས6མར་ཆག་རྒྱུ་ཡིན་ལ། ས་ཁུལ་ཁ་ཤས་སུ་ཏུའུ8མར་ཆག་རྒྱུ་རེད།

微信图片_20250824215021_27_3.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།