དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-25 17:43:45   |   47

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

8.26.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས45)འབབ་རྒྱུ་རེད། དེའི་ཁྲོད་ཟི་ལིང་དང་མཚོ་ཤར། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོ། མཚོ་བྱང་གི་ས་ཁུལ་མང་ཆེ་བ། ཡུལ་ཤུལ་གྱི་ཤར་རྒྱུད། མགོ་ལོག་གི་དབུས་བྱང་རྒྱུད། རྨ་ལྷོའི་ས་ཁུལ་མང་ཆེ་བ་བཅས་སུ་ཆར་འབྲིང(ཧའོ་སྨི10ནས24)འབབ་རྒྱུ་རེད། རྟ་ཐང་དང་སྟོང་སྐོར། སྐུ་འབུམ། དགོན་ལུང་། དཔའ་ལུང་། འཇུ་ལག གཅན་ཚ། གསེར་ཆེན། ཁྲི་ཀ སོག་རྫོང་གྱི་ས་ཁུལ་ཁ་ཤས་བཅས་སུ་ཆར་ཆེན(ཧའོ་སྨི25ནས45)འབབ་རྒྱུ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན(ཧའོ་སྨི3ནས9)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས34)འབབ་རྒྱུ་རེད། དེའི་ཁྲོད་ཟི་ལིང་དང་མཚོ་ཤར། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོ་དང་ཡུལ་ཤུལ་གྲོང་ཁྱེར། འབྲི་སྟོད་ཀྱི་ས་ཁུལ་ཁ་ཤས་བཅས་སུ་ཆར་འབྲིང(ཧའོ་སྨི10ནས24)འབབ་རྒྱུ་རེད། རྟ་ཐང་དང་དགོན་ལུང་། གྲོ་ཚང་གི་ས་ཁུལ་ཁ་ཤས་སུ་ཆར་ཆེན(ཧའོ་སྨི25ནས34)འབབ་རྒྱུ་རེད།

826..jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། མེད།
མཉམ་སྤྱོད།