དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-26 17:36:19   |   60

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

8.27.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས60)འབབ་རྒྱུ་རེད། དེའི་ཁྲོད་ཟི་ལིང་གི་ས་ཁུལ་མང་ཆེ་བ། མགོ་ལོག་གི་ས་ཁུལ་མང་ཆེ་བ། རྨ་ལྷོའི་ས་ཁུལ་མང་ཆེ་བ། དགོན་ལུང་། དཔའ་ལུང་། དུར་ལམ་བཅས་སུ་ཆར་འབྲིང་ནས་ཆར་ཆེན(ཧའོ་སྨི10ནས49)འབབ་རྒྱུ་རེད། རྟ་ཐང་དང་སྟོང་སྐོར། སོག་རྫོང་། རྩེ་ཁོག་གི་ས་ཁུལ་ཁ་ཤས་བཅས་སུ་དྲག་ཆར(ཧའོ་སྨི50ནས60)འབབ་རྒྱུ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན(ཧའོ་སྨི3ནས9)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས55)འབབ་རྒྱུ་རེད། དེའི་ཁྲོད་ཟི་ལིང་གི་ས་ཁུལ་མང་ཆེ་བ། མཚོ་ཤར་གྱི་ས་ཁུལ་མང་ཆེ་བ། མཚོ་ལྷོའི་ས་ཁུལ་མང་ཆེ་བ། རྨ་ལྷོའི་ས་ཁུལ་མང་ཆེ་བ། མགོ་ལོག་གི་དབུས་ལྷོའི་རྒྱུད། གཏེར་ལེན་ཁ། རྫ་སྟོད་བཅས་སུ་ཆར་འབྲིང་ནས་ཆར་ཆེན(ཧའོ་སྨི10ནས45)འབབ་རྒྱུ་རེད། གྲོ་ཚང་གི་ས་ཁུལ་ལ་ལར་དྲག་ཆར(ཧའོ་སྨི50ནས55)འབབ་རྒྱུ་རེད། ཤར་རྒྱུད་ས་ཁུལ་གྱི་ཉིན་གྱི་ཆེས་མཐོ་བའི་དྲོད་ཚད6~8℃མར་ཆག་རྒྱུ་རེད། ས་ཁུལ་ལ་ལར་དྲོད་ཚད10℃ཡན་མར་ཆག་རྒྱུ་རེད།

827.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།