དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-27 17:23:45   |   45

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

877.jpg

སང་ཉིན་གྱི་གནམ་གཤིས། 

སྔོན་དཔག་བྱས་པ་ལྟར་ན། དེ་རིང་དགོང་མོར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས48)འབབ་རྒྱུ་རེད། དེའི་ཁྲོད་མགོ་ལོག་གི་དབུས་ལྷོ་རྒྱུད་དང་རྐང་ཚ། ཞོན་ཧྭ། ཐུན་རིན། རྩེ་ཁོག སོག་རྫོང་། ཡུལ་ཤུལ་གྲོང་ཁྱེར། ནང་ཆེན། རྫ་སྟོད་བཅས་སུ་ཆར་འབྲིང(ཧའོ་སྨི10ནས24)འབབ་རྒྱུ་རེད། པད་མ་དང་གཅིག་སྒྲིལ། དར་ལག ནང་ཆེན། ཡུལ་ཤུལ་གྱི་ས་ཁུལ་ཁག་ཅིག་བཅས་ལ་ཆར་ཆེན(ཧའོ་སྨི25ནས48)འབབ་རྒྱུ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན(ཧའོ་སྨི3ནས9)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བ། ཡུལ་ཤུལ་གྱི་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས20)འབབ་རྒྱུ་རེད། དེའི་ཁྲོད་པད་མ་དང་གཅིག་སྒྲིལ། སོག་རྫོང་གི་ས་ཁུལ་ཁག་ཅིག་བཅས་ལ་ཆར་འབྲིང(ཧའོ་སྨི10ནས20)འབབ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་ཉིན་གྱི་ཆེས་མཐོ་བའི་དྲོད་ཚད2~4℃མར་ཆག་རྒྱུ་རེད། ས་ཁུལ་ཁག་ཅིག་གི་དྲོད་ཚད6℃ཡན་མར་ཆག་རྒྱུ་རེད།

444444.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། མེད།
མཉམ་སྤྱོད།