དེ་རིང་ནི2025ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-03 17:50:59   |   369

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

1.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ལྷོའི་ལྷོ་རྒྱུད་དང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོ། ན་གོར་མོ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ངམ་ཐོལ་ཆར(ཧའོ་སྨི1ནས7.5བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཐོལ་ཆར་ཡང་ན་དེའི་ཡན་གྱི་ཆར(ཧའོ་སྨི1ནས23.5བར)འབབ་རྒྱུ་དང་། དེའི་ནང་མཚོ་ལྷོའི་ས་ཆ་མང་ཆེ་བ་དང་། མཚོ་བྱང་གི་ས་ཆ་མང་ཆེ་བ། རྨ་ལྷོའི་ས་ཆ་མང་ཆེ་བ། རྟ་ཐང་། སྐུ་འབུམ། སྟོང་སྐོར། ཧོར་གྲོང་། དམར་གཙང་། གྲོ་ཚང་། དཔའ་ལུང་། ཡ་རྫི། ཆུ་དམར་ལེབ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང(ཧའོ་སྨི10ནས23.5བར)འབབ་རྒྱུ་རེད། ཚེས4ཉིན། མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ་དང་། མཚོ་བྱང་གི་ས་ཆ་མང་ཆེ་བའི་ཉིན་གྱི་ཆེས་མཐོ་བའི་དྲོད་ཚད2~4℃མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ6℃ཡན་ལ་སླེབས་རྒྱུ་རེད། མཚོ་སྔོན་པོའི་མཐའ་སྐོར་དུ་རིམ་པ5ནས6བར་གྱི་ནུབ་ཡའོ་རླུང་གཡུག་རྒྱུ་ཡིན་ལ། ཐོལ་རླུང་རིམ་པ7ནས8བར་ལ་སླེབས་རྒྱུ་རེད། ཚྭ་འདམ་གཤོངས་སར་རིམ་པ6ནས7བར་གྱི་ནུབ་ཡའོ་རླུང་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ8ནས9བར་ལ་སླེབས་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ད་དུང་བྱེ་རླུང་འཚུབ་རྒྱུ་རེད།

微信图片_20250903175036_39_180.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།