དེ་རིང་ནི2025ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-04 17:29:28   |   381

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

1.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག རྨ་ལྷོ་བཅས་སུ་ཆར་ཆུང་ངམ་ཐོལ་ཆར་ཡང་ན་དེའི་ཡན་གྱི་ཆར(ཧའོ་སྨི1ནས55བར)འབབ་རྒྱུ་རེད། ཟི་ལིང་གི་ས་ཆ་མང་ཆེ་བ། མཚོ་ཤར་གྱི་ས་ཆ་མང་ཆེ་བ། རྨ་ལྷོའི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་ལྷོ་རྒྱུད། ཁྲི་ཀ མང་རྫོང་། འབའ་རྫོང་། འཇུ་ལག ཡུལ་ཤུལ་གྲོང་ཁྱེར། ནང་ཆེན། ཁྲི་འདུ་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན(ཧའོ་སྨི10ནས55བར)འབབ་རྒྱུ་རེད། སྐུ་འབུམ་དང་། དཔའ་ལུང་། ཡ་རྫི། གཞོང་ཐང་། སོག་རྫོང་། རྩེ་ཁོག་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར(ཧའོ་སྨི50ནས55བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་ཆུང་ནས་ཁངས་འབྲིང(ཧའོ་སྨི1ནས4བར)འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན(ཧའོ་སྨི5ནས8བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བདང་། མགོ་ལོག་གི་དབུས་ལྷོ་རྒྱུད། རྟ་ཐང་། སྐུ་འབུམ། ཧོར་གྲོང་། དཔའ་ལུང་། དམར་གཙང་། འཇུ་ལག་བཅས་སུ་ཆར་ཆུང་ངམ་ཐོལ་ཆར(ཧའོ་སྨི1ནས6བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཚེས5ཉིན་གྱི་ཉིན་དཀར། ས་ཁུལ་མང་ཆེ་བའི་ཉིན་གྱི་ཆེས་མཐོ་བའི་དྲོད་ཚད4~6℃མར་ཆག་རྒྱུ་རེད།

2.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།