དེ་རིང་ནི2025ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-19 18:12:30   |   492

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250919181133_282_2.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ་དང་། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་། ཡུལ་ཤུལ། མགོ་ལོག རྨ་ལྷོ་བཅས་དང་། སྟོང་སྐོར་དང་། ཡ་རྫི་ཡི་ས་ཁུལ་ཁག་ཅིག་བཅས་ལ་ཆར་ཆུང་ངམ་ཡང་ན་ཐོལ་ཆར་དང་དེའི་ཡན་གྱི་ཆར་འབབ་རྒྱུ་རེད། དེའི་ནང་། འབྲི་སྟོད་དང་། ཆུ་དམར་ལེབ། རྫ་སྟོད། རྨ་སྟོད་བཅས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་འབབ་རྒྱུ་རེད། མཚོ་སྔོན་ལྷོ་རྒྱུད་ཀྱི་མཚོ་འཕགས་མཐོ་བའི་ས་ཁུལ་དུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། ཟི་ལིང་དང་། མཚོ་ཤར། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་། ཡུལ་ཤུལ། མགོ་ལོག རྨ་ལྷོའི་ས་ཆ་མང་ཆེ་བ་བཅས་དང་། ཐེམ་ཆེན་དང་། གཏེར་ལམ། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ས་ཁུལ་ཁག་ཅིག་བཅས་སུ་ཆར་ཆུང་ངམ་ཡང་ན་ཐོལ་ཆར་དང་དེའི་ཡན་གྱི་ཆར་འབབ་རྒྱུ་རེད། དེའི་ནང་། རྟ་ཐང་དང་། སྐུ་འབུམ། པད་མ། གཅིག་སྒྲིལ་བཅས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

微信图片_20250919181217_283_2.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།