དེ་རིང་ནི2025ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-20 19:17:19   |   442

སྒྲིག་སྒྱུར། ཀླུ་མོ་མཚོ།   ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

b8206e8ca924620dca5415efc89a17ed.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར། མཚོ་ནུབ་ནུབ་རྒྱུད་ལ་གནམ་ཐང་བའམ་ཡང་ན་སྤྲིན་མང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་ངམ་ཡང་ན་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1~29)འབབ་ཅིང་། དེའི་ནང་མགོ་ལོག་གི་དབུས་བྱང་རྒྱུད་དང་མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོའི་ལྷོ་རྒྱུད། སྐུ་འབུམ། བ་ཡན། གཅན་ཚ། རྐང་ཚ། ཡུལ་ཤུལ་གྲོང་ཁྱེར། ཁྲི་འདུའི་ས་ཁུལ་ཁ་ཤས་བཅས་སུ་ཆར་འབྲིང(ཧའོ་སྨི10~24)འབབ་ལ། རྩེ་ཁོག་དང་རྨ་ལྷོ་སོག་རྫོང་གི་ས་ཁུལ་ཁ་ཤས་སུ་ཆར་ཆེན(ཧའོ་སྨི25~29)འབབ་རྒྱུ་ཡིན་ཞིང་། མདོ་ལ་རིང་མོའི་རི་ཁུལ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ཁུལ་དུ་ཁངས་ཆུང་ཆུང་ནས་ཁངས་འབྲིང(ཧའོ་སྨི0.1~4)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། ཟི་ལིང་དང་མཚོ་ཤར། མཚོ་ལྷོའི་ས་ཆ་མང་ཆེ་བ། རྨ་ལྷོ། མགོ་ལོག་གི་དབུས་ལྷོ་རྒྱུད། ཡུལ་ཤུལ་གྲོང་ཁྱེར། ནང་ཆེན་གྱི་ས་ཁུལ་ཁ་ཤས་བཅས་སུ་ཆར་ཆུང་ཆུང་ངམ་ཡང་ན་ཐོལ་ཆར(ཧའོ་སྨི0.1~7)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་ཡིན་ལ། ཤར་རྒྱུད་ས་ཁུལ་གྱི་ཆེས་མཐོ་བའི་དྲོད་ཚད2~4℃མར་ཆག་རྒྱུ་རེད། 

feceee33ae93cfff9ab241a4c72afdd5.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།