དེ་རིང་ནི2025ལོའི་ཟླ12པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-12-18 17:56:38   |   332

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

3.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། གཏེར་ལེན་ཁ་དང་། ཐེམ་ཆེན། མདོ་ལའི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཐོལ་ཁངས(ཧའོ་སྨི0.1ནས2བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ཤར་རྒྱུད་དང་། མཚོ་བྱང་གི་བྱང་རྒྱུད། ཚྭ་འདམ་གཞོངས། གསེར་ཆེན་བཅས་ཀྱི་ས་ཁུལ་དུ་ཁངས་ཆུང་ངམ་ཐོལ་ཁངས(ཧའོ་སྨི0.1ནས4བར)འབབ་རྒྱུ་རེད། དེའི་ནང་ཐེམ་ཆེན་དང་། མདོ་ལ། འཇུ་ལག་གི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང(ཧའོ་སྨི2.5ནས4བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་བྱང་གི་བྱང་རྒྱུད། རྨ་ལྷོའི་བྱང་རྒྱུད་བཅས་ཀྱི་ཉིན་གྱི་ཆེས་མཐོའི་དྲོད་ཚད4~6℃མར་ཆག་རྒྱུ་རེད། ཟི་ལིང་དང་མཚོ་ཤར་དུ་རིམ་པ4ནས5བར་གྱི་ཤར་ཡོའི་རླུང་གཡུག་རྒྱུ་དང་། མཚོ་ནུབ། མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ མགོ་ལོག རྨ་ལྷོ་བཅས་སུ་རིམ་པ6ནས7བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་རེད། ཐོལ་རླུང་རིམ་པ8ཡན་ལ་སླེབས་རྒྱུ་ཡིན་པ་མ་ཟད་བྱེ་རྡུལ་འཚུབ་པའི་གནམ་གཤིས་ཀྱང་ཡོད།

1.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།