དེ་རིང་ནི2026ལོའི་ཟླ03པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2026-03-13 20:33:18   |   243

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

661c53f19578d47a31512b4cdb9c7f1e.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར།  མཚོ་ཤར་གྱི་དབུས་ལྷོ་རྒྱུད་དང་མཚོ་ལྷོའི་ལྷོ་རྒྱུད། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོའི་ས་ཆ་མང་ཆེ་བ། རྟ་ཐང་། སྐུ་འབུམ། དགོན་ལུང་། གཏེར་ལེན་ཁ། ཐེམ་ཆེན། ཡུལ་ཤུལ་གྲོང་ཁྱེར། ཁྲི་འདུ་བཅས་སུ་ཁངས་འབྲིང་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི2.5~12)འབབ་པ་དང་། དེའི་ཁྲོད་མཚོ་ཤར་གྱི་ལྷོ་རྒྱུད་དང་མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཆེ་བ། ཐེམ་ཆེན། བྲག་དཀར། འབའ་རྫོང་གི་ས་ཁུལ་ཁ་ཤས་བཅས་སུ་ཁངས་ཆེན་ནས་ཁངས་དྲག་པོ(ཧའོ་སྨི5~12)འབབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཁངས་ཆུང་ཆུང་ངམ་ཡང་ན་ཐོལ་ཁངས(ཧའོ་སྨི1.0~2.4)འབབ་རྒྱུ་རེད། 

སང་ཉིན་ཉིན་དཀར། ཟི་ལིང་གི་ས་ཆ་མང་ཆེ་བ་དང་མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་གི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོ། དགོན་ལུང་། གཏེར་ལེན་ཁ། ཐེམ་ཆེན། དུར་ལམ། ཆུ་དམར་ལེབ། ཁྲི་འདུའི་ས་ཁུལ་ཁ་ཤས་བཅས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཐོལ་ཁངས(ཧའོ་སྨི0.1~2.0)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་རེད། ཚེས14ཉིན་གྱི་སྔ་དྲོ་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བའི་ཆེས་དམའ་བའི་དྲོད་ཚད6~8℃མར་ཆག་པ་དང་། ས་ཁུལ་ཁ་ཤས10℃ཡན་མར་ཆག་ཅིང་།  ཡུལ་ཤུལ་ནུབ་རྒྱུད་དུ་ནུབ་ཡོའི་རླུང་རིམ་པ 6~7གཡུག་རྒྱུ་རེད། 

9e5a8f2a996ec5ddeb8e31c545eecb96.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།