དེ་རིང་ནི2026ལོའི་ཟླ03པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2026-03-12 20:09:09   |   316

 སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

4402da230d8ed6800438513bd74e3497.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར།  ཟི་ལིང་གི་ས་ཆ་མང་ཆེ་བ་དང་མཚོ་ཤར། མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ། མཚོ་བྱང་གི་ས་ཆ་མང་ཆེ་བ། རྨ་ལྷོ། ཁྲི་ཀ། མང་རྫོང་། འབའ་རྫོང་གི་ས་ཁུལ་ཁ་ཤས་བཅས་སུ་ཁངས་ཆུང་ཆུང་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1~3.0)འབབ་པ་དང་། དེའི་ཁྲོད་མང་ནེ་དང་མདོ་ལའི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང(ཧའོ་སྨི2.5~3.0)འབབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་རེད། 

སང་ཉིན་ཉིན་དཀར། ཟི་ལིང་གི་བྱང་རྒྱུད་དང་མཚོ་ཤར། མཚོ་ནུབ་ཤར་རྒྱུད། མཚོ་བྱང་གི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་བྱང་རྒྱུད། རྨ་ལྷོ་བཅས་སུ་ཁངས་འབྲིང་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི3.0~10.0)འབབ་པ་དང་། དེའི་ཁྲོད་གཏེར་ལེན་ཁ་དང་ཐེམ་ཆེན། རྐང་ཚ། རེབ་གོང་། རྩེ་ཁོག རྨ་ལྷོ་སོག་རྫོང་། གཞོང་ཐང་། བ་ཡན། ཡ་རྫི་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་དྲག་པོ(ཧའོ་སྨི5.0~10.0)འབབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཁངས་ཆུང་ཆུང་ངམ་ཡང་ན་ཐོལ་ཁངས(ཧའོ་སྨི1.0~2.0)འབབ་ལ། ཤར་རྒྱུད་གྲོག་རོང་ཁུལ་གྱི་ས་ཁུལ་ཁ་ཤས་སུ་ཁངས་ཆར་འདྲེས་མ(ཧའོ་སྨི1.0~5.0)འབབ་རྒྱུ་རེད། ཚེས13ཉིན་ཞིང་ཆེན་ཡོངས་ཀྱི་དྲོད་ཚད8~10℃མར་ཆག་ལ། ས་ཁུལ་ཁ་ཤས་སུ12℃ཡན་མར་ཆག་རྒྱུ་རེད།

486a85a191ca6df2a813d8bd2886515d.jpg



སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།