དེ་རིང་ནི2026ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2026-04-12 18:30:35   |   207

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།
920f68c43379cbfd52bd45926af26f6f.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ཤར་གྱི་བྱང་རྒྱུད་དང་མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་བྱང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཆེ་བ། རྟ་ཐང་། གྲོ་ཚང་བཅས་སུ་ཁངས་ཆུང་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་དང་དེའི་ཡན་གྱི་ཆར་ཆུ (ཧའོ་སྨི0.1~12)འབབ་པ་དང་། དེའི་ནང་མདོ་ལ་དང་རྐང་ཚ། ནང་ཆེན་བཅས་སུ་ཁངས་ཆེན(ཧའོ་སྨི5~9)འབབ་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་དཀར། ཟི་ལིང་དང་མཚོ་ཤར་གྱི་ས་ཆ་མང་ཆེ་བ། མཚོ་ལྷོའི་བྱང་རྒྱུད། མཚོ་བྱང་གི་ས་ཆ་མང་ཆེ་བ། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོའི་བྱང་རྒྱུད། ཐེམ་ཆེན་གྱི་ས་ཁུལ་ཁ་ཤས་བཅས་སུ་ཆར(ཁངས)ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་དང་དེའི་ཡན་གྱི་ཆར་ཆུ (ཧའོ་སྨི0.1~7)འབབ་པ་དང་། དེའི་ནང་རྫ་སྟོད་དང་འབྲི་སྟོད། ནང་ཆེན། དར་ལག པདྨའི་ས་ཁུལ་ཁ་ཤས་བཅས་སུ་ཁངས་འབྲིང(ཧའོ་སྨི2.5~4)འབབ་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་རེད། 

bfb121bbbcbe9464ef7b1306ee791d4d.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།