མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2023ལོའི་ཟླ09ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། 海北州人民政府办
རྩོམ་གྲུབ་ཟླ་ཚེས། 0100-01-01 00:00:00
སྒྲོག་སྤེལ་དུས་ཚོད། 2022-11-19 12:37:15
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0100-01-01 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཐད་ཀྱི་གྲོས་ཆོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཐད་ཀྱི་གྲོས་ཆོད།

2022-11-19 12:37:15   |   རྩོམ་ཁུངས། 海北州人民政府办

(2022ལོའི་ཟླ2ཚེས23ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་།)

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པས་ཁུལ་དཔོན་རྡོ་རྗེ་ཡིས་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། ཚོགས་འདུས་སྙན་ཞུས་ནང་བཏོན་པའི2022ལོའི་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་ལ་འཐད་པ་བྱུང་སྟེ་སྙན་ཞུ་ལ་ཆོག་མཆན་བཀོད།

ཚོགས་འདུས་ཁུལ་ཡོངས་ཀྱི་མི་རིགས་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཁུལ་ཨུའི་སྲ་བརྟན་གྱི་མགོ་ཁྲིད་འོག  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ནས་གཏམ་བཤད་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་བྱས་ནས། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། བརྟན་བརླིང་ངང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་དང་ཡང་དག  ཁྱོན་ཡོངས་བཅས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ཏུ་བསྟར་བ་དང་། འཕེལ་རྒྱས་ཀྱི་གནས་སྟངས་གསར་བར་མཉམ་འདྲེས་དང་ཞབས་ཞུ་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་དང་། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མཁོ་འདོད་ཐད་ཀྱི་གྲུབ་ཆ་སྒྱུར་བཅོས་གཏོང་བ་གཙོ་བོར་འཛིན་པ་རྒྱུན་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཉིས་ཀ་དམ་འཛིན་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། “བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་ལས་དོན་ལེགས་པོར་བསྒྲུབ་པ་དང་། དམངས་འཚོ་ལ་འགན་སྲུང་དང་ལེགས་བཅོས་གཏོང་བ་རྒྱུན་འཁྱོངས་བྱས་ནས། “གཞི་འཛིན་ས་བཞི”གཞི་རྟེན་དུ་འཛིན་པ་འབུར་ཐོན་དང་། “243”གྱི་འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་བསྐྲུན་ཏེ། “གཏོང་བ་གསུམ་དང་དག་སེལ་གཅིག  བཅོས་པ་གཉིས”ཀྱི་བྱ་སྤྱོད་ཆེན་པོ་དྲུག་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་དགོས་པ་དང་། དོ་མཉམ་བདེ་ཐང་ཡིན་པའི་དཔལ་འབྱོར་ཁོར་ཡུག་དང་། དུས་བདེ་ཞོད་འཇགས་ཡིན་པའི་སྤྱི་ཚོགས་ཁོར་ཡུག  སྲིད་གཙང་དྲང་གཞག་ཡིན་པའི་ཆབ་སྲིད་ཁོར་ཡུག་བཅས་སྟོབས་ཤུགས་ཡོད་རྒུས་སྲུང་འཛིན་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བདེ་བླག་ངང་འཚོགས་པར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།