མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། 海北州人民政府办
རྩོམ་གྲུབ་ཟླ་ཚེས། 0100-01-01 00:00:00
སྒྲོག་སྤེལ་དུས་ཚོད། 2022-11-25 12:30:59
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0100-01-01 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《སྲིད་གཞུང་ལས་དོན་སྙན་ཞུ》པར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《སྲིད་གཞུང་ལས་དོན་སྙན་ཞུ》པར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།

2022-11-25 12:30:59   |   རྩོམ་ཁུངས། 海北州人民政府办

བྱང་སྲིད་གཞུང﹝﹝2022﹞﹞ཨང10བ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་ལས་ཁུངས་སོ་སོ།

ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་གྱི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་བཏོན་པའི་《སྲིད་གཞུང་ལས་དོན་སྙན་ཞུ》དེ་ཚོགས་ཆེན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ད་ལྟ། 《སྲིད་གཞུང་ལས་དོན་སྙན་ཞུ》དང་འཆར་གཞིའི་སྙན་ཞུ། ནོར་སྲིད་སྙན་ཞུ་བཅས་པར་འགྲེམ་བྱེད་རྒྱུ་ཡིན་པས། ནན་ཏན་གྱི་སློབ་སྦྱོང་དང་ལག་བསྟར་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
2022ལོའི་ཟླ2པའི་ཚེས24ཉིན།

སྲིད་གཞུང་ལས་དོན་སྙན་ཞུ། 

——2022ལོའི་ཟླ2པའི་ཚེས22ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་།

 ཁུལ་དཔོན།  རྡོ་རྗེ།

འཐུས་མི་རྣམ་པ།

ད་ལྟ། ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ། སྲིད་གྲོས་ཨུ་ཡོན་རྣམ་པ་དང་ཚོགས་འདུར་ཟུར་ཞུགས་བྱས་པའི་བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས།  

གཅིག 2021ལོའི་ལས་དོན་ཕྱིར་དྲན།

འདས་པའི་ལོ་གཅིག་ནི་རང་རེའི་ཁུལ་གྱི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་བྱང་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ནས་ང་ཚོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་མཛུབ་སྟོན་ཡིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ནན་ཏན་སྒོས་ལག་ལེན་དུ་བསྟར་བ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་འཛུགས་སྐྱོང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་ཁ་གསལ་དང་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མཐུད་མཐོར་འདེགས་སུ་ཕྱིན་ཡོད། འདས་པའི་ལོ་གཅིག་ནི་རང་རེའི་ཁུལ་གྱི་ལོ་རྒྱུས་སྟེང་ཅུང་ཀྱག་ཀྱོག་ལྡན་པའི་ལོ་ཞིག་ཀྱང་ཡིན། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་རིམས་ནད་འགོག་སྡོམ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བའི་འགོག་རྐྱེན་རིགས་གཉིས་སྤེལ་མར་བསྣོལ་ཞིང་།   “7•22”ཆུ་ལོག་དང“8•14”རྡོ་སོལ་གཏེར་ཁུངས་ཀྱི་སྟེང་རྡིབ་དོན་རྐྱེན་གཉིས་བསྟུད་མར་བྱུང་བར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྒམ་བརླིང་གདོང་གཏད་དང་ཞིབ་ཚགས་ཐག་གཅོད་བྱས། དེ་ནི་རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྙིང་སྟོབས་སྐུལ་སྤེལ་གྱི་ཕན་འབྲས་དང་། ཁུལ་གྱི་ཏང་འཐུས་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་དམངས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོ། སྲིད་གྲོས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱས་པའི་ཕན་འབྲས་ཡིན། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་དམ་འཛིན་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་གིས་བསྒྲུབས་པ་དང་།  “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་ཅུང་བཟང་བའི་ངང་ལོ་འཁོར་འདིའི་ལས་ཀའི་དམིགས་ཚད་ལེགས་འགྲུབ་བྱས། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར100.4ཡོངས་འགྲུབ་བྱས་ཤིང་། ལོ་སྔོན་མ་དང་བསྡུར་ན3.2%འཕར་ཡོད། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར43.23བཏང་ཞིང་། ལོ་སྔོན་མ་དང་བསྡུར་ན7.2%འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར29.21ཡིན་ལ། ལོ་སྔོན་མ་དང་བསྡུར་ན7.9%འཕར་ཡོད། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23735སླེབས་ཡོད་ལ། ལོ་སྔོན་མ་དང་བསྡུར་ན9.4%འཕར། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.46ཡིན་ལ། ལོ་སྔོན་མ་དང་བསྡུར་ན19.5%འཕར་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་ཁྲོད། གྲངས་ཕྱེད་ཡན་གྱི་དམིགས་ཚད་ཀྱི་འཕེལ་ཚུལ་དེ་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སམ་བར་རིམ་དུ་གོང་འཕར་བྱུང་ཡོད་ཅིང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ཀྱི་དམིགས་ཚད་གཉིས་མཚོ་བྱང་གི་ལོ་རྒྱུས་ཐོག་རྩེ་གྲས་སུ་སླེབས་ཡོད། གཙོ་བོ་གཤམ་གསལ་ལས་དོན་ཁག་སྤེལ་ཡོད་པ་སྟེ།

(གཅིག)“ཆེ་གྲས་གསུམ”ཡིད་ལ་བརྟན་པོར་བཅིངས་ནས། སྲུང་སྐྱོང་གཙིགས་འཛིན་དང་། སྐྱེ་ཁམས་སྲུང་རགས་སྔར་བས་བརྟན་པོར་བཟོས། སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་། མདོ་ལ་རིང་མོའི་རི་དང་ཆུ། ནགས་ཚལ། ཞིང་ས། སྤང་ཐང་། མཚོ་བཅས་ཀྱི་སྲུང་སྐྱོང་དང་སླར་གསོ། རྨོ་སྐྱུར་ནགས་འཛུགས་རྩྭ་འདེབས།  རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ནགས་ལས་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ལས་གཞི50ལ་སྒོར་དུང་ཕྱུར4.8བཏང་ནས། ཕན་འབྲས་ལྡན་པའི་སྒོ་ནས་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་སྡོམ་དང་། བྱེ་འགྱུར་ཞན་འགྱུར་བཅོས་སྐྱོང་། ཁག་དབྱེ་ཕྱུགས་སྐྱོང་སོགས་སྲུང་སྐྱོང་དང་སླར་གསོའི་ས་ཁྱོན་མུའུ་ཁྲི1049.65དང་། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི40.9གསར་སྣོན་བྱས་ཤིང་། རང་བྱུང་ནགས་ཚལ་མུའུ་ཁྲི353དང་སྤྱི་ཕན་ནགས་ཚལ་མུའུ་ཁྲི602ལ་བདག་སྐྱོང་བཟང་པོ་བྱས། སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་དུ་མངོན་གསལ་དོད་པོ་བྱུང་ཡོད།  མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཕྱོགས་དང་མཚོ་བྱང་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ནན་ཏན་གྱིས་སྤེལ་བ་དང་། སྤྱང་ཚང་གཏེར་དོང་དང་པོའི་རྩྭ་འདེབས་ལྗང་སྒྱུར་དང་། གཏེར་རི139དང་རིས་ཁྲ232ཀྱི་བཅོས་སྐྱོང་ཡོངས་འགྲུབ་བྱས་ནས“ལོ་གཉིས་རིང་ལྗང་སྒྱུར་སླར་གསོ་བྱེད་པའི”དམིགས་ཚད་མངོན་འགྱུར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་བའི་གཏེར་རི་བཅོས་སྐྱོང་གི་ཐད་ལ་ཉམས་མྱོང་བསགས་ཡོད། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཆུ་རྒྱུན་གཙོ་བོའི་རང་མངའ་ཁོངས་ཀྱི་སྤུས་ཚད100%རུ་སླེབས་ཡོད། རེས་སྐོར་སྔ་གཞུག་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་དག་ཐེར་ལས་དོན་ཡོངས་འགྲུབ་བྱས་ཤིང་།  དྲུག་ལྔ་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་དང་མཚོ་བྱང་ཡན་ལག་ཚོགས་རའི་དྲ་ལམ་གླེང་མོལ་ལས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱས། སྐྱེ་ཁམས་དཔལ་ཡོན་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གནས་གཞི་རྒྱུན་མཐུད་སྔོན་འདེད་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གནས་གཞི་གོ་རིམ་ལྡན་པའི་ངང་ཡིག་ཐོག་རེ་ཞུ་བྱས། འོམ་ཆུའི་རྒྱལ་ཁབ་འདམ་སའི་སྤྱི་གླིང་ལ་ཞིབ་བཤེར་རྩིས་ལེན་བྱས་ཤིང་། མདོ་ལ་རྫོང་ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་གནས་གཞིའི་ཆོག་མཆན་ཐོབ། སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་གུན་གསབ་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་དོན་འཁྱོལ་བཏང་། ནགས་དང་རྩྭ་དཔོན་ལམ་ལུགས་བཙུགས་ནས་ཡུལ་ཁོངས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་།

(གཉིས།)ཚད་ལྡན་ཐོན་ལས་ཀྱི“གནས་ཡུལ་བཞིར”ཕྱོགས་སྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་སྒྲིག་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་གསར་བཏོད་བྱེད་པར་རྐང་བཙུགས་ནས་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་ཚད་ལ་བརྟན་ཐོག་ཡར་རྒྱས་བྱུང་ཡོད། གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བ་དེ་སྣེ་ཁྲིད་དུ་བྱས་ནས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རྫས་འགྱུར་ལུད་སྨན་གྲངས་འཕྲི་སྤུས་འདེགས་ཀྱི་རྨོ་འདེབས་ས་ཁྱོན་དེས་སྤྱིའི་ས་ཁྱོན་གྱི37%ཟིན་ལ། འབྲུ་རིགས་རྨོ་འདེབས་ས་ཁྱོན་དང་དེའི་ཐོན་ཚད་གཉིས་ཀྱི་ཆ་ནས་འཕར་སྣོན་བྱུང་ཡོད། སྐེ་ཚེ་སྤུས་ལེགས་ཅན་དུ་བསྒྱུར་ཚད98%བརྒལ་བ་དང་།   གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི20ཡན་ཟིན་ལ། ནོར་ནག་དང་ལུག་ཁྲི65.2ཀྱི་སྤུས་ཚད་བདེ་འཇགས་ལ་ཁུངས་འདེད་ཐུབ་པར་གྱུར། འཇུ་ལག་གི་ནས་དང་སྐེ་ཚེ་དེ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་རེ་ཞུ་ཕུལ་བ་ལེགས་འགྲུབ་བྱུང་བ་དང་། མདོ་ལའི་ལུག་དང་ནོར་ནག་གི་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་ཞིང་ཆེན་རིམ་པའི་གཙོ་གནད་གསར་འཛུགས་ཀྱི་མིང་ཐོར་ཚུད། རྐང་ཚ་དང་མདའ་བཞིའི་སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་གཅིག་བསྡུས་གཞི་ཁྱོན་ཅན་གྱི་གསོ་སྤེལ་གནས་གཞི་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་། རྐང་ཚའི་འབྲི་ཞོ་དང་ནོར་ནག་ཁུ་ལུའི་ས་ཁམས་མཚོན་རྟགས་ར་སྤྲོད་ཚོང་རྟགས་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་སྟེ། བཟའ་བྱའི་ཤ་མོ་དང་ནོར་ལུག་སོགས་ཁྱད་ལྡན་འདེབས་གསོའི་ལས་རིགས་དེ་དཔལ་འབྱོར་གྱི་འཕར་གཞི་གསར་བར་གྱུར་ཡོད། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་རྐང་བཙུགས་ནས། ཁྱད་ལྡན་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཆགས་ཡོད། ལྗང་མདོག་དང་གསར་བརྗེའི་གཙོ་གནད་གཉིས་མངོན་གསལ་དོད་པར་བྱས་ནས་ས་ཁོངས་ཧྲིལ་བོའི་གནས་སྐོར་དཔེ་སྟོན་ས་ཁུལ་གསར་འཛུགས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། མདོ་ལའི་ཨ་མྱེས་སྟོང་སོ་མཛེས་ལྗོངས་དེ་རྒྱལ་ཁའི་ངང་རྒྱལ་ཁབ་ཀྱིAཅན5རིམ་པའི་གནས་སྐོར་མཛེས་ལྗོངས་ས་ཁུལ་དུ་གསར་འཛུགས་བྱས།  གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་མཛེས་ལྗོངས་ས་ཁུལ་དེ་རྒྱལ་ཁབ་ཀྱིAཅན5རིམ་པའི་ གནས་སྐོར་མཛེས་ལྗོངས་ས་ཁུལ་གསར་འཛུགས་ཀྱི་མིང་ཐོར་ཚུད། འཇུ་ལག་གི་བྱ་རྒོད་རིའི་མཛེས་ལྗོངས་དེ་རྒྱལ་ནང་གི་མིང་གྲགས་ཆེ་བའི་དྲ་དཔོན་གྱི་གྲགས་ངོམ་བྱེད་སར་གྱུར་ཡོད། གནས་སྐོར་མ་དངུལ་སྒོར་དུང་ཕྱུར12.3བཏང་ནས་འཇུ་ལག་གི་ཡུལ་ཁོངས་ཧྲིལ་བོར་གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དང་། མདོ་ལའི་ར་གདོང་ཆུང་བའི་རྨང་གཞིའི་སྒྲིག་བཀོད། རྐང་ཚ་ཙོང་ཉའི་ཁྱིམ་གཞིས། མདའ་བཞིའི་བོན་གྱ་ཕྱུགས་རའི་མཚན་ལྗོངས་ལྟ་གཟིགས་མགྲོན་ཁང་སོགས་ལས་གཞི་ལེགས་འགྲུབ་བྱས། “མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་བྱེད་པ”ཞེས་པ་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་སོགས་དུས་ཆེན་གལ་ཆེན་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར21.33མངོན་འགྱུར་བྱས། ནུས་ཁུངས་གཙང་མ་ཐོན་སྐྱེད་དང་བེད་སྤྱོད་ཁྱབ་གདལ་གཏོང་བའི་ས་ཁུལ་གསར་འཛུགས་ལ་རྐང་བཙུགས་ནས། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་བརྟན་བརླིང་སྒོས་སྔོན་འདེད་བཏང་། འོད་ཤུགས་ནུས་ཁུངས་ལ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ཁོངས་གཏོགས་ཀྱི་རྫོང་བཞི་དེ་རྒྱལ་ཡོངས་ཀྱི་རྫོང་ཧྲིལ་བོའི་ཁང་སྟེང་གི་ཉི་འོད་ནུས་ཤུགས་ཁྱབ་གདལ་བྱེད་པའི་ཚོད་ལྟའི་རྫོང་གྲས་སུ་བཞག་པ་དང་། རྐང་ཚའི་སྟོང་ཝ་ཁྲི320ཡི“དྲ་བའི་ནུས་གསོག”གཞི་གཅིག་ཅན་གྱི་ལས་གཞི་དོན་འཁྱོལ་བྱུང་། རླུང་དང་ཉི་གློག་ནུས་ཤུགས་ཐོན་ལས་མེད་པ་ནས་ཡོད་པར་གྱུར་བ་དང་། རྐང་ཚའི་འོམ་ཆུའི་ཤར་རྒྱུད་ཀྱི་ཀྲའོ་ཝ49.5ཅན་གྱི་གཅིག་སྡུད་རྣམ་པའི་རླུང་གློག་དང་མདའ་བཞི་རྫོང་གི་ཀྲའོ་ཝ100ཅན་གྱི་གཅིག་སྡུད་རྣམ་པའི་རླུང་གློག་སོགས་ལས་གཞིས་སྔ་རྗེས་སུ་དྲ་སྦྲེལ་གློག་འདོན་བྱས་ལ། གློག་ཤུགས་ཕྱིར་གཏོང་བརྒྱུད་ལམ་འཛུགས་སྐྲུན་དང་ནུས་ཁུངས་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་བཏང་ནས་རྐང་ཚ་རྫོང་གི་བླ་མཚོ་དང་ཆུ་ཁོལ། མདོ་ལ་རྫོང་བཙུན་མོ་གཞོངས་བཅས་སྟོང་ཧྥུ330ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་ལས་གཞི་གསུམ་ལ་ཆོག་མཆན་ཐོབ་པ་དང་། མདའ་བཞི་རྫོང་གི་རང་བྱུང་སོལ་རླངས་བེད་སྤྱོད་དང་འཇུ་ལག་རྫོང་གི་དྭངས་གཙང་དྲོད་རླངས་མཁོ་འདོན་ལས་གྲྭ་བདེ་བླག་ངང་སྤེལ་བཞིན་ཡོད།

(གསུམ།)“མཁོ་དང་འདོན་གྱི་འབྲེལ་མཐུད”ལ་གཅིག་གྱུར་སྒོས་ནུས་ཤུགས་བཏོན་པས། དཔལ་འབྱོར་འཁོར་སྐྱོད་དེ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། མ་དངུལ་གྱི་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་སོང་བ། གཙོ་གནད་ལས་གཞིའི་འགན་མཉམ་ལེན་སོགས་ལས་དོན་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ“ལྔ་ཚན་བཅུ་བཞི”ཡི་ལས་གཞི་གལ་ཆེན1084འཆར་འགོད་བྱས་ནས་མ་དངུལ་བཏང་ཚད་སྒོར་དུང་ཕྱུར2487སླེབས་ཡོད། ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། རྒྱ་མདོ་ཆུ་མཛོད་སོགས་ཞིང་ཆེན་རིམ་པའི་གཙོ་གནད་ལས་གཞི4འཛུགས་སྐྲུན་བྱེད་མགོ་ཚུགས་ལ། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ཚོད་ལྟའི་གནས་གཞི་འཛུགས་སྐྲུན་ལ་ཆོག་མཆན་ཐོབ། G338ལམ་ཐིག་ཁེ་ཐུའུ་ནས་འཇུ་ལག་བར་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་བྱས་ཤིང་། སྲིད་འཛིན་སྡེ་བའི4Gདྲ་བ་ཁྱོན་ཡོངས་སུ་ཁྱབ་རྡལ་མངོན་འགྱུར་བྱུང་། “མཚོ་སྔོན་ངོ་འཕྲད་ཚོགས་འདུའི”སྟེང་གན་འཇོག་མ་དངུལ་སྒོར་དུང་ཕྱུར17ཡིན་ལ། དེ་ལས་མ་དངུལ་སྒོར་དུང་ཕྱུར10.9དམིགས་སར་འབྱོར་ཡོད། ལས་གཞི་ལག་བསྟར་བྱས་ཚད་དང་མ་དངུལ་དམིགས་སར་འབྱོར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བཟོ་ལས་ཀྱི་འཁོར་སྐྱོད་གཏན་འཇགས་ཡིན་པ། “མཐོ་གཉིས”ལས་གཞིར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ལྗང་མདོག་གླིང་ཁུལ་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། རྩིས་གཞིGDPཡི་ནུས་ཁུངས་ཟད་གྲོན་དེ་ལོ་རྒྱུས་རང་བཞིན་གྱི་ཚད་དམའ་ཤོས་སུ་སླེབས།   གཞི་ཁྱོན་ཡན་གྱི་ཁེ་ལས3གསར་དུ་བྱུང་ལ། འཚར་ལོངས་རྣམ་པའི་ཁེ་ལས་ཆུང་འབྲིང57སྐྱེད་སྲིང་བྱས། མདའ་བཞིའི་ཞ་ཧྭ་དང་མདོ་ལའི་དབྱི་ཏཱ་གཉིས་རེས་སྐོར་བདུན་པའི་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་གཙོ་གནད་སྣེ་འདྲེན་ཁེ་ལས་སུ་བདམས་ཐོན་བྱུང་། ཅིན་མདོ་ལའི་འོ་རྫས་དེ་ཞིང་ཆེན་རིམ་པའི“ཆེད་ལས་ཅན་དང་ལེགས་བསྡུས་ཅན། ཁྱད་ཆོས་ཅན། གསར་བྱུང་ཅན”གྱི་ཁེ་ལས་ཀྱི་ཁས་ལེན་ཐོབ། ཧྭ་ཐེ་གཤིས་བསྒྱུར་སྣུམ་སྙིགས་ཐོན་སྐྱེད་ཀྱི་གྲངས་འཛིན་ཅན་གྱི་བཟོ་རྩལ་དེ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། འཛད་སྤྱོད་དེ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བ། དྲ་ཐོག་གི་ཚོང་དོན་ཁེ་ལས་ཁྱོན་སྡོམ17སྐྱེད་སྲིང་བྱས་པ་དང་། དུས་ཆེན་དང་གུང་གསེང་གི་སྐབས་སུ་འཛད་སྤྱོད་སྐུལ་འདེད་ཀྱི་བྱེད་སྒོ་སྤེལ་ནས་ཁྱོན་སྡོམ་སྒོར་ཁྲི286.78ཁེ་སྤོགས་མེད་པར་བཟོས། དྲ་ཐོག་ཕྱིར་འཚོང་གི་སྡོམ་འབོར་དེ་ན་ནིང་དང་བསྡུར་ན178.74%འཕར་བ་དང་། ཕྱི་ཕྱོགས་ཉོ་འཚོང་གི་ཚོང་ཟོག་ནང་འདྲེན་ཕྱིར་འཚོང་དེ་ཐོག་དང་པོར་སྔར་མེད་གསར་དུ་བྱུང་། གཞུང་ལམ་འགྲུལ་སྐྱེལ་ཚོང་རའི་རེས་འཁོར་སྐྱེལ་འདྲེན་དེ་སྣ་མང་འགྲུལ་སྐྱེལ་གྱི་ཕྱོགས་སུ་རྒྱ་སྐྱེད་བྱུང་ཞིང་།  གྲོང་ཁྱེར་དབར་གྱི་དངོས་རྒྱུག་དང་མཁར་གྲོང་མྱུར་སྐྱེལ། མཁར་གྲོང་དྲ་ཚོང་སོགས་ཞབས་ཞུའི་ལས་རིགས་ཀྱིས་དུད་ཚང་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན། ཚོགས་འདུ་དང་གསོ་སྦྱོང་། ཁམས་གསོ། བྱིས་གཉོར། ཁྱིམ་ལས། གཞིས་ལས། དྲ་རྒྱའི་ཆ་འཕྲིན་སོགས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དུ་ཚད་རིམ་སྤར་ཡོད།

(བཞི།)“འཁོར་གཉིས་སྐུལ་འདེད”རྒྱུན་འཁྱོངས་ཀྱིས་རྨང་གཞི་སྲ་བརྟན་དང་། མཁར་གྲོང་རྣམ་པར་རྒྱུན་མཐུད་ལེགས་བཅོས་བྱུང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ལག་བསྟར་བྱས་ཡོད། རྒྱུན་སྲོལ་ལྟར་དུ་གྲལ་བཤེར་སྔོན་བརྡ་དང་ལྟ་ཞིབ་རོགས་སྐྱོར་བྱས་པས། གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་མ་མཐའ་ནན་འགོག་བྱས་ཡོད། གྲོང་གསེབ་དར་སྤེལ་གྱི་བྱ་འགུལ་ལྔ་ལ་སྐུལ་འདེད་བཏང་སྟེ། སྤྱིའི་མ་དངུལ་བཏང་ཚད་སྒོར་དུང་ཕྱུར4.87ཡིན་པའི་གྲོང་གསེབ་དར་སྤེལ་གྱི་མ་དངུལ་འབྲེལ་མཐུད་ལས་གཞི149ལག་བསྟར་བྱས། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་སྒྲིག་གཞི་བཙུགས་ནས། ལས་ཞུགས་དང་། འཛད་སྤྱོད། གནས་སྐོར། དྲ་ཚོང་སོགས་རྣམ་པས་སྐུལ་ཁྲིད་ནུས་པར་རྒྱུན་མཐུད་གོང་འཕེལ་བྱུང་། བརྟན་བརླིང་ངང་གྲོང་གསེབ་འཛུགས་སྐྲུན་སྐུལ་འདེད་དང་། ས་མཐོའི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་ལས་གཞི15ཕྱོགས་ཡོངས་ནས་སྐུལ་འདེད་ཐོབ། རོང་འབྲོག་ཁུལ་གྱི་སྡོད་ཁང་བདེ་འཇགས་ཐད་དུ་དོགས་གཞི་ཡོད་པའི་དུད་ཚང་ཁྲི4.5གྲལ་བཤེར་བྱས་ལ། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བཅོས་ལས་གཞིའི་དུད་ཚང2499ལེགས་འགྲུབ་བྱུང་། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གྲོང་གསེབ་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད70%སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བའི་འཕེལ་རིམ་མུ་མཐུད་དུ་ཇེ་མགྱོགས་སུ་ཕྱིན། “3+1”མཛེས་ལྡན་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཚོ་འཁྱིལ་ཡུལ་ཚོ་དང་མུ་རི་གྲོང་རྡལ། ཆུ་མིག་ཁ་གྲོང་རྡལ་བཅས་ཀྱི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་ལས་གཞི་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ལ། ནུབ་མཚོ་གྲོང་རྡལ་གྱི་མཐོ་སྒང་མཛེས་སྡུག་དཔེ་སྟོན་གྲོང་རྡལ་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། མཁར་གྲོང་གཞིས་ཁུལ637ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས། ཚོང་སྒྱུར་སྡོད་ཁང་ཕྱིར་འཚོང་བྱས་ཚད་སྨི་གྲུ་བཞི་མ་ཁྲི6.89ཟིན། མགྱོགས་མྱུར་ངང་གད་སྙིགས་དང་བཙོག་ཆུ་གཙང་སེལ་ཚད་གཞི་མཐོར་འདེགས་བྱས་ནས་འཚོ་བའི་གད་སྙིགས་གཙང་སེལ་ལས་གཞི་ཁག3དང་འཚོ་བའི་བཙོག་ཆུ་གཙང་སེལ་ལས་གཞི་ཁག6ལས་མགོ་ཚུགས་པ་དང་། འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་དང་འབྱུང་རྐྱེན་ཉུང་འཕྲི་དུས་མཉམ་དུ་སྤེལ་ནས་མཁར་གྲོང་ཁོར་ཡུག་སྔར་བས་མཛེས་སྡུག་ཅན་དུ་བསྒྱུར།

(ལྔ།) “བཅོས་སྒྱུར་གསར་གཏོད”གཏིབ་ཟབ་སྤེལ་ནས་འགུལ་ཤུགས་ཆེར་སྐྱེད་དང་། འཕེལ་རྒྱས་གསོན་ཤུགས་རྒྱུན་མཐུད་འདོན་སྤེལ་བྱས། གཏིང་ཟབ་ངང་ཚན་རྩལ་གསར་གཏོད་ལག་བསྟར་བྱས་པ། ཚན་རྩལ་རྣམ་པའི་ཁེ་ལས2རེ་ཞུ་བྱས་པ་དང་ཚན་རྩལ་གྱིས་ཞིང་ཕྱུགས་ལས་ལ་ཞབས་འདེགས་བྱས་ཚད54%ཡན་ཟིན། བོད་ལུག་མངལ་མང་འདེམས་གསོ་དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང“ལོ་གཉིས་མངལ་གསུམ”གྱི་ལག་རྩལ་རྒྱུན་མཐུད་ཁྱབ་གདལ་བྱུང་། ནོར་ནག“གསུམ་སྣོན་གསུམ་འཚམ”ཐོན་སྐྱེད་ལག་རྩལ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། ཐོན་ལས་དང་གནས་སྐོར་གཞི་གཅིག་ཅན་གྱི་མཐོ་སྒང་ནོར་ནག་ཐོན་ལས་ལ་གསར་གཏོད་འཕེལ་རྒྱས་བྱུང་། བོད་སྨན་ཞིབ་བཟོ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཁོངས་གཏོགས་ལག་རྩལ་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ཁེ་ལས་ལག་རྩལ་གན་རྒྱའི་ཉོ་ཚོང་དངུལ་འབོར་ལ་ཐོད་བརྒལ་བྱུང་།  སྤྱི་དམངས་ཀྱི་ཚན་རིག་བྱང་ཚད5.1%སླེབས་ཡོད། ནོར་སྲིད་དཔལ་འབྱོར་སྒྲིག་ལུགས་གཟབ་ནན་དང་ཚད་ལྡན་བཟོས་པ། ཁྱོན་ཡོངས་ནས་སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་བཅོས་སྒྱུར་བྱེད་མགོ་ཚུགས་པ་དང་། ནོར་སྲིད་གྲོན་འབབ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཡོངས་ནས་ཆེས་ཐོག་མར་ལས་ཁུངས་སྤྱིའི་འགྲོ་གྲོན་ལས་ཕྱོད་གདེང་འཇོག་བྱེད་སྒོ་སྤེལ།  “དངུལ་ཉར་ལྐོག་མཛོད”ཆེད་དམིགས་བཅོས་སྐྱོང་ཤུགས་དྲག་གིས་སྤེལ་བ་དང་། ནོར་སྲིད་གསོག་དངུལ་གཙང་བཤེར་དང་བསྐྱར་གསོའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། ཆེད་སྤྱོད་མ་དངུལ་གལ་ཆེན་དང་། མ་དངུལ་གཏོང་སའི་ལས་གཞི་གལ་ཆེན། ས་གནས་སྲིད་གཞུང་གི་བུ་ལོན་བཅས་ལ་དོ་དམ་ནན་པོ་བྱས་ཏེ། སྒྲིག་འགལ་བུན་གཏོང་གཙང་དག་དང་མངོན་མེད་བུ་ལོན་གསར་འབྱུང་གཏན་འགོག་བྱས། ནོར་ཤུགས་སྤྱི་འདོམས་བཀོད་སྒྲིག་སྒོས“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་རྒྱབ་སྐྱོར་བྱས་ཏེ་གཞི་རིམ་གྱི་རྒྱུན་གཏན་འཁོར་སྐྱོད་ལ་ཁག་ཐེག་ཐོབ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་པ་དང་། སྲིད་དངུལ་ཁེ་གསུམ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས“པེ་རོང་ཀྲུའུ་རོང་”དང་། “ཟམ་བརྒལ་ཐེབས་རྩ”ཡིས་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར3ཐག་གཅོད་བྱེད་རོགས་བྱས། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལས་ཀའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས་པ་དང་། གཙོ་གནད་ཁྱབ་ཁོངས84ཡི་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་སྲིད་དོན་ཞབས་ཞུའི་མ་ལག་བཙུགས་པ་མ་ཟད། དེ་སྡེ་བ་དང་གཞིས་ཁུལ་དུ་རྒྱང་བསྲིངས་བྱས་ནས་ཞབས་ཞུའི་ནུས་པ་རྒྱུན་མཐུད་གོང་སྤེལ་བཏང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་བཅོས་བྱས་ནས་མདའ་བཞི་དང་རྐང་ཚ་རྫོང་གཉིས་ཞིང་ཆེན་རིམ་པའི་ཡིད་རྟོན་རྫོང་གྲས་སུ་ཚུད། ལན་གྲུའི་ནུབ་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི“1+3+10”ཞིང་ཆེན་བར་གྱི་མཉམ་ལས་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་འབྲོང་ཡུལ་གྲོང་ཁྱེར་དང་ས་ཁོངས་མཉམ་ལས་བྱེད་པར་ཤུགས་སྣོན་བྱས། ཁ་གཏད་རོགས་སྐྱོར་སྔར་བས་དོན་འཁྱོལ་བྱུང་ཡོད། “ཧྲན་ཏུང་གི་མཚོ་སྐྱོར་ཤེས་ལྡན་པའི་མཛོད་ཁང”དང་གློ་སྐྲན་ལྡང་ཐོག་བརྟག་དཔྱད། ཁྲག་རྒྱུན་དབྱེ་འབྱེད་སོགས་མཚོ་བྱང་གི་ཡུན་ཕུགས་འཕེལ་རྒྱས་དང་འབྲེལ་བའི་ལམ་སྲོལ་དང་ལས་གཞི་བཙུགས་པ་དང་། མཚོ་སྐྱོར་ལས་གཞི44དོན་འཁྱོལ་བྱས་ལ། མ་དངུལ་སྒོར་དུང་ཕྱུར2.5བཏང་བའི་ཧྲན་ཏུང་མཚོ་སྔོན་མཐོ་རིམ་སློབ་འབྲིང་གི་ཐོག་མའི་དུས་རིམ་གྱི་བཟོ་སྐྲུན་ལས་མགོ་ཚུགས་ཡོད།  

(དྲུག)“དམངས་འཚོའི་བདེ་སྐྱིད”ལ་དམིགས་ནས་འགན་སྲུང་ཤུགས་ཆེར་བསྐྱེད་པ་དང་། སྤྱི་པའི་ཞབས་ཞུར་རྒྱུན་མཐུད་ཤུགས་སྣོན་བརྒྱབ། ལས་ཞུགས་ཡོང་འབབ་མངོན་གསལ་གྱིས་ཇེ་མཐོར་སོང་བ། ལས་ཞུགས་ལས་གཏོད་ཀྱི་སྐུལ་འདེད་སྲིད་ཇུས་དོན་འཁྱོལ་བྱས་ཏེ“གཉིས་གཏོད”དང“བཞི་སྐྱེལ”སོགས་ཀྱི་བྱེད་སྒོར་མུ་མཐུད་དུ་སྐུལ་འདེད་བཏང་། རང་སྐྱོང་ཁུལ་གྱི་ལས་གཏོད་སྐྱེད་སྲིང་གནས་གཞིའི་ལས་གཉེར་ཚོད་ལྟ་བྱེད་མགོ་ཚུགས། བློ་རིག་ལས་ཞུགས་ཀྱི་སྤྲིན་རྩིས་ལས་སྟེགས་ཀྱི་རིམ་པ་དང་པོའི་ལས་གཞི་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཏེ་ཆེད་དོན་ལས་སྡུད་ཐེངས114བྱས་ཤིང་། ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས5665སྤེལ། མཁར་གྲོང་གི་ལས་ཞུགས་མི1871གསར་སྣོན་བྱུང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.77བྱས། མཁར་གྲོང་གི་ལས་ཤོར་ཐོ་འགོད་དེ2.82%ཀྱི་ཅུང་དམའ་བའི་ཆུ་ཚད་ནང་ཚོད་འཛིན་བྱས་ཡོད་ལ། ཕོག་ཆད་གྱོད་གཞི་འདུམ་འགྲིག་གཙང་སེལ་བྱས་ཚད100%རུ་སླེབས་ཡོད། སློབ་གསོའི་སྤུས་ཚད་བརྟན་འཇགས་ངང་ཇེ་མཐོར་ཕྱིན། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་དང་། སློབ་གསོའི་རྨང་གཞིའི་འགན་སྲུང་ལ་ཤུགས་སྣོན།   སློབ་གྲྭ་ཆུང་འབྲིང་གི“དོ་དམ་ཁག་ལྔ”དང“གཉིས་འཕྲི”ལས་དོན་ནན་ཏན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། བྱིས་པ་བྱིས་གཉོར་ཁང་དུ་ཞུགས་ཚད95.95%དང་། སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་བྱས་ཚད100%ཡིན།   འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད98.23%ཡིན།   མཐོ་འབྲིང་དུས་སྐབས་ཀྱི་སློབ་ཞུགས་བྱས་ཚད95.63%ཡིན། ལས་རིགས་སློབ་གསོའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱས་ཚད་མུ་མཐུད་དུ95%ཡན་རྒྱུན་འཛིན་བྱས་ཡོད། འཕྲོད་བསྟེན་བྱ་གཞག་གཏིང་ཟབ་ཏུ་སྤེལ། སྨན་བཅོས་ལས་དོན་གྱི་ཐུན་མོང་སྒྲིག་གཞིའི་ངོ་བོ་བསྡུ་སྒྲིལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རིམ་དབྱེའི་སྨན་བཅོས་མ་ལག་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་། སྨན་བཅོས་སྒྲིག་གཞིའི་རྒྱང་བསྟེན་བརྙན་ལམ་དཔྱད་བསྡུར་ནད་བརྟག་བྱེད་ཐབས་དེ་ཁུལ་གྱི་ས་ཁོངས་ཡོངས་སུ་ཁྱབ་པར་བྱས་ཡོད།  མཉམ་ལས་སྨན་བཅོས་ཁྲོད་ཞུགས་ཚད100%སླེབས་ཡོད། རིམས་ནད་འགོག་སྲུང་རྒྱུན་རྣམ་ཅན་དུ་བསྒྱུར་ནས་ཞིང་ཆེན་ཡོངས་ཀྱི་སྔོན་དུ་ལོ12ཡན་གྱི་མི་ཚོགས་ལ་པྲོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་པའི་ལས་འགན་ལེགས་འགྲུབ་བྱས། རིམས་འགོག་དངོས་ཟོག་གསོག་འཇོག་བྱས་ཚད་དེ་ཉིན་གྲངས30ལ་འདང་ངེས་ཡིན་པའི་བླང་བྱར་སླེབས་ཡོད། རིག་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། 211བཟོ་གྲྭའི་གནས་གཞི་རྙིང་པའི་རིག་དངོས་ཉམས་གསོ་སྲུང་སྐྱོང་གི་ལས་གཞིར་སྐུལ་འདེད་བླ་ལྷག་བཏང་། རྡུལ་ཕྲན་མཁར་རྗེས་དྲན་ཁང་གི་འགྲེམ་སྟོན་རིག་དངོས་ཀྱི་འགྲེམས་བཀོད་གསར་སྒྱུར་ལས་དོན་ལེགས་འགྲུབ་བྱུང་བ་དང་། མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་གི་འགྲེམ་སྟོན་སླར་གསོ་བྱས། “ཨ་རིག་གླུ་ཤགས”དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་གྱི་མིང་ཐོར་ཚུད། མཚོ་བྱང་གི་ལུས་རྩལ་པ་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་སྡུར་ཐོག་གཡུར་དུ་ཟ་བའི་འབྲས་བུ་ཡང་ཡང་བླངས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་སྟེང་ཐུན་མོང་གི་བྱ་དགའ་ཨང་དང་པོ་བླངས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཟང་པོ་བསྐྲུན། སྤྱི་ཚོགས་འགན་སྲུང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ཉེན་སྲུང་ཆེན་པོ་ལྔ་དེ་གཞི་རྩའི་སྟེང་ཁྲིམས་བཅད་མི་ཚོགས་ཡོངས་ལ་ཁྱབ་པར་བྱས་ཡོད། རྒྱལ་ཁབ་རིམ་པའི་ཁྱིམ་སྡོད་དམ་གཞིས་ཁུལ་དུ་རྒན་གསོ་ཞབས་ཞུ་སྤེལ་བའི་བཅོས་སྒྱུར་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། མདོ་ལ་རྫོང་གི་བྱིས་པ་ཕན་བདེ་ཁང་གི་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་བླངས། གཉེན་སྒྲིག་ཐོ་འགོད་ཆ་འཕྲིན་དེ་རྒྱལ་ཡོངས་དྲ་སྦྲེལ་ཐོག་ནས་ཞིབ་བཤེར་བྱེད་པ་མངོན་འགྱུར་བྱུང་བ་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ཐོབ་ཐང་ངོས་འཛིན་རེ་ཞུ་དེ་ཞིང་ཆེན་མངའ་ཁོངས་བརྒལ་ནས་ལས་སྒྲུབ་བྱེད་པ་མངོན་འགྱུར་བྱུང་། མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་མཆན་འགོད་དབང་དེ་ཡུལ་གྲོང་རིམ་པར་སྤྲད་པ་དང་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་བསྟུད་མར་ལོ13རིང་ཇེ་མཐོར་ཕྱིན་ཡོད། དཀའ་ངལ་ཅན་གྱི་མང་ཚོགས་ཁྲི3.8ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.11སྤྲད།  

(བདུན།)“འཆམ་མཐུན་མཚོ་བྱང”ཚད་གཞིར་བཟུང་ནས་བཅོས་སྐྱོང་དམ་འཛིན་བྱས་པས། སྤྱི་ཚོགས་སྤྱིའི་ཆ་ནས་བརྟན་བརླིང་བྱུང་། ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་བརྟན་པོར་བྱས་པ། “8.14”ཚེ་ཐར་རྡོ་སོལ་གཏེར་དོང་གི་སྟེང་ལྡིབ་དོན་རྐྱེན་དེ་ཐག་གཅོད་གང་ལེགས་བྱས་པ་དང་། དེ་ཉམས་མྱོང་དང་བསླབ་བྱར་བཟུང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལམ་སྲོལ་འཛུགས་པ་དང་ཞན་ཆ་གསབ་པ་བཅས་ཀྱིས་རྡོ་སོལ་གཏེར་དོང་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་དམིགས་སུ་བཀར་ནས་བདེ་འཇགས་ཐོན་སྐྱེད་ལ་རྟོག་ཞིབ་ཆེན་པོ་དང་གྲལ་བཤེར་ཆེན་པོ། བཅོས་སྐྱོང་ཆེན་པོའི་བྱ་སྤྱོད་སྤེལ་ཏེ་ཁྱོན་ཡོངས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཀྲ། ཁྲིམས་ལྟར་དགོན་སྡེའི་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ནས“གསུམ་བསྡུར་གཅིག་སྐུལ”གྱི་ཞི་མཐུན་དགོན་སྡེ་གསར་བཞེངས་དང་། དབྱི་སི་ལན་ཆོས་ཁང51གི་ཨ་རབ་རྣམ་པའི་བཟོ་བཀོད་ཕྱོགས་ཡོངས་ནས་བཅོས་སྒྱུར་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོའི“གཅིག་ཅན་བཅུ་གསུམ”དང“སྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། རང་ཁུལ་ལ་སླར་ཡང“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”ཞེས་པའི་སྙན་གྲགས་ཐོབ། འཆམ་མཐུན་བརྟན་བརླིང་གི་གྲུབ་འབྲས་ཕྱོགས་ཡོངས་ནས་བླངས། ཁྲིམས་ལྟར་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། ཟས་རིགས་དང་སྨན་རྫས་ཆེད་དོན་བཅོས་སྐྱོང་གཏིང་ཟབ་སྤེལ་ཏེ། མང་ཚོགས་ཀྱི“ཟས་སྤྱོད”བདེ་འཇགས་བརྟན་པོར་བསྲུངས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱས་ནས་མཚོ་བྱང་དེ་རྒྱལ་ཡོངས་ཀྱི“ཆབ་སྲིད་ཀྱིས་སྣེ་ཁྲིད་པའི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན”གྱི་ཚོད་ལྟའི་ས་ཁུལ་དུ་གཏན་ཁེལ་བྱས། “བདེ་འཇགས་མཚོ་བྱང”དང“ཁྲིམས་ལུགས་བརྒྱད་འཇུག”སོགས་གཏིང་ཟབ་ཏུ་སྤེལ་ནས། སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་བཅོས་སྐྱོང་ཟབ་སྤེལ་དང་། “འདུམ་འགྲིག་ཆེན་པོའི”གནས་སྟངས་ནས་གྱོད་དང་ཁ་མཆུ་གྲལ་བཤེར་འདུམ་འགྲིག་ལ་ཤུགས་བསྣན་ཞིང་། བདེ་འཇགས་གསར་འཛུགས་ལས་དོན་དེ་ཡུལ་ཚོ་དང་སྡེ་བ། གཞིས་ཁུལ། ལྗོངས་ཁུལ་བཅས་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ལ། མང་ཚོགས་ཀྱི་བདེ་འཇགས་དང་ནག་འཇོམས་ངན་སེལ་འཐབ་རྩོད་རྒྱུན་རྣམ་ཅན་གྱི་བྱ་སྤྱོད་ལ་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།

མི་དམངས་མཁའ་སྲུང་དང་ཕྱིར་ལོག་དམག་མིའི་ལས་དོན་དོ་དམ། གཉིས་བཀུར་ལས་དོན་བཅས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། བུད་མེད་དང་བྱིས་པ། དབང་བོ་སྐྱོན་ཅན། རྒྱ་གྲམ་དམར་པོ། མཁོ་ཚོང་སོགས་ཀྱི་བྱ་གཞག་བདེ་ཐང་ངང་འཕེལ་རྒྱས་བྱུང་ལ། བོད་སྐད་ཡིག་དང་། ས་གནས་རྒྱས་བཤད། སྡོད་ཁང་སྤྱི་གསོག་མ་དངུལ། གནམ་གཤིས། ས་ཡོམ། ཕྱི་དོན། སྡོམ་རྩིས། རྩིས་བཤེར་སོགས་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན།  

ལོ་གཅིག་གི་རིང་། ང་ཚོས་ཆབ་སྲིད་འཛུགས་སྐྱོང་རྩ་བར་བཟུང་ནས“གཏན་ཁེལ་གཉིས”ལ་གོ་བ་གཏིང་ཟབ་བླངས་པ་དང་། “འདུ་ཤེས་བཞི”སྔར་བས་སྲ་བརྟན་དུ་བཏང་ལ། “ཡིད་ཆེས་བཞི”རྒྱུན་ཆད་མེད་པར་དམ་འཛིན་བྱས་པ། “སྲུང་སྐྱོང་གཉིས”ལག་བསྟར་དོན་འཁྱོལ་དང་། “ངས་དམངས་ལ་དོན་དངོས་སྒྲུབ”པའི་ལག་ལེན་རྒྱུན་རྣམ་ཅན་དུ་གྱུར་ནས། བློ་དཀར་སྲིད་གཞུང་འཛུགས་སྐྲུན་ལ་རྣམ་པ་གསར་བ་གསར་གཏོད་བྱས། ང་ཚོས་སྲིད་གཞུང་ལས་དོན་གྱི་སྒྲིག་སྲོལ་དང་ལམ་ལུགས་ཁག5བཟོ་བཅོས་བརྒྱབ་པ་དང་། ནན་ཏན་སྒོས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་ཁྲིམས་ལྟར་སྲིད་དོན་བཟུང་སྟེ། རང་རྟོགས་ངང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་ཕུལ་ལ། རང་འགུལ་ངང་ཁུལ་སྲིད་གྲོས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བསམ་འཆར་དང་གྲོས་མགོ་ཁག18དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི55ཚང་མར་ལན་བཏབ་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་བླངས། ང་ཚོས“གློད་སྡོམ་ཞབས་ཞུའི”བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། ཁྱོན་ཡོངས་ནས་དྲ་ལམ་ལས་སྒྲུབ་དང་སྡོད་སའི་ས་ཁོངས་མི་འདྲ་བ་ནས་དམངས་འཚོའི་ལས་དོན་ཚབ་ལེན་ཚབ་སྒྲུབ་ཐུབ་པ། ས་ཁུལ་མང་པོ་ནས་སྲིད་དོན་ཞབས་ཞུའི་མཉམ་ལས་མཉམ་སྒྲུབ་ཀྱི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། སྤྱི་པའི་ཞབས་ཞུའི་སྤུས་ཚད་ལ་བརྟག་བཤེར་ཁས་ལེན་ཐོབ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ནུས་ཕྱོད་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་ལ་ཐོད་བརྒལ་གསར་བ་བྱུང་། ང་ཚོས་ཁྱོན་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་ལེན་གྱི་ཞིབ་སྲོལ་དགོངས་དོན་ལག་བསྟར་བྱས་ནས། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། སྤྱོད་ཚུལ་མི་ལེགས་པའི་གནད་དོན་གཅིག་སྡུད་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ལ། དབང་ཆ་ཆུང་གྲས་དང་སྡོམ་རྩིས་རྫུན་བཟོ། ཐོག་ཁང་དང་ཚོགས་ཁང་། འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་སོགས་ཀྱི་ཆེད་དོན་བཅོས་སྐྱོང་ནན་ཏན་བྱས་པས། སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་གྱི་ཐེམ་པ་གསར་བ་བརྒལ་ཡོད། 

འཐུས་མི་རྣམ་པ། དཀའ་ངལ་གྱི་རྒྱབ་ལོགས་སུ་ཡིབ་པའི་གོ་སྐབས་ནི་ཧ་ཅང་འཐོབ་པར་དཀའ་ཞིང་། གོང་དུ་བླངས་པའི་གྲུབ་འབྲས་དག་ནི་དེ་བས་ཀྱང་འཐོབ་པར་དཀའ། འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཐུགས་ཁུར་བྱམས་སྐྱོང་གནང་བའི་གྲུབ་འབྲས་ཡིན་ལ། ཁུལ་ཨུས་ཁྱོན་ཡོངས་སྤྱི་འདོམས་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་པའི་གྲུབ་འབྲས་ཡིན་པ་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་ལྟ་སྐུལ་ནུས་ལྡན་བྱས་པའི་གྲུབ་འབྲས་བཅས་ཡིན་ལ། ཧྲན་ཏུང་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྒེར་སེམས་མེད་པ་དང་ལྷག་བསམ་ཟོལ་བྲལ་ངང་རོགས་སྐྱོར་བྱས་པའི་གྲུབ་འབྲས་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་དང་དཀའ་ངལ་ཁྱད་གསོད་བྱས་པའི་གྲུབ་འབྲས་ཡིན། དེར་བརྟེན། ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ཁུལ་ཡོངས་ཀྱི་ལས་ཡུལ་སོ་སོ་ན་ཧུར་ཐག་འབད་བརྩོན་བྱེད་པའི་ལས་བྱེད་པ་དང་བཟོ་བ། རོང་འབྲོག་པ། ཤེས་ཡོན་ཅན་བཅས་དང་། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་ཁག ཁུལ་དུ་བཅའ་སྡོད་བྱས་པའི་དམག་མི་དང་ཉེན་རྟོག་པའི་དཔུང་སྡེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། མེ་འགོག་རོགས་སྐྱོབ་དཔུང་ཁག་བཅས་དང་། མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་སོ་སོའི་མི་སྣ་དང་གྲོགས་པོ་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།  

དུས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ད་དུང་གནད་དོན་ཁག་ཅིག་གནས་ཡོད་པ་ང་ཚོས་གསལ་བོ་ཤེས་ཡོད།  དཔེར་ན། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤོར་སྦྲེལ་མཐུད་དམ་པོ་མེད་པ་དང་། གསེར་རི་དངུལ་རི་ཅན་དུ་སྒྱུར་བའི་གོམ་སྟབས་དལ་བ་དང་། མ་དངུལ་སྒྲིག་གཞི་ལེགས་པོ་མེད་པ་དང་རྒྱབ་ཤུགས་མི་འདང་བའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པ། ནོར་སྲིད་གྲོན་འབབ་ཀྱི་འགལ་བ་མངོན་གསལ་ཡིན་པ། ནོར་སྲིད་ཀྱི་འཕེལ་རྒྱས་འགན་སྲུང་བྱེད་ནུས་རྒྱུན་མཐུད་ངང་ཆུང་དུ་སོང་བ། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ནུས་པ་སྔར་བཞིན་ཞན་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་ཉམས་ཞན་སླར་གསོ་བྱེད་པའི་ལས་འགན་ལྕི་བ། ལས་རིགས་ཁ་ཤས་ཀྱི་སྤྱོད་ཚུལ་ལེགས་སྒྱུར་ད་དུང་གནད་ལ་ཁེལ་མེད་པ་དང་། ཁྱབ་ཁོངས་རེ་ཟུང་དུ་སྔར་བཞིན“སྤྱོད་ཚུལ་བཞི”ཡི་གནད་དོན་གནས་པ། སྲིད་གཞུང་རང་ངོས་འཛུགས་སྐྲུན་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན། དཀའ་ཁག་དང་གནད་དོན་འདི་དག་ལ། ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན།  

གཉིས། 2022ལོའི་ལས་དོན་བཀོད་སྒྲིག

    2022ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”མགྱོགས་མྱུར་ངང་ལག་བསྟར་བྱེད་པའི་ལོ་ཞིག་ཡིན་ལ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པ་མ་ཟད།  ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་བསུ་བའི་ལོ་ལ་འཁེལ་ཡོད་པས།   ད་ལོའི་ལས་དོན་ལེགས་པར་སྒྲུབ་པ་ལ་དོན་སྙིང་རླབས་ཆེན་ལྡན།

ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།   ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ།   རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་སྒྲོག་སྤེལ།  ཕྱོགས་ཡོངས་ནས་སྲིད་གཞུང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྟན་བརླིང་རྩ་བར་འཛིན་པ་དང་བརྟན་བརླིང་ཁྲོད་གོང་འཕེལ་དུ་གཏོང་བའི་ལས་དོན་སྤྱིའི་འཕེལ་རིམ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ།  ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཏིང་ཟབ་ལག་བསྟར་དང་སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་གསར་བའི་རྣམ་པར་མཉམ་བསྲེས་དང་དེར་ཞབས་ཞུ་སྒྲུབ་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་སྤེལ་བ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་དོན་འཁྱོལ། རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གཞི་བྱས་ནས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་དུ་ལེགས་པར་སྒྲུབ་པ། དམངས་འཚོ་རྒྱུན་མཐུད་ངང་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། “ཤུགས་རྒྱག་ས་བཞི”མངོན་གསལ་དོད་པོས་འགན་འཛིན་ཡག་པོ་བྱེད་པ།  ཧུར་ཐག་སྒོས“243”འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་དམངས་བདེ་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག  དྲང་བདེན་འདྲ་མཉམ་གྱི་ཆབ་སྲིད་ཁོར་ཡུག་ཅིག་རྒྱུན་འཁྱོངས་བྱས་ཏེ། འབུར་དུ་ཐོན་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི།   ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར5.5%ཡས་མས་འཕར་བར་བྱ་རྒྱུ་དང་།   གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང5%ཡས་མས་འཕར་བ། གཏན་འཇགས་རྒྱུ་ནོར་མ་འཇོག7.5%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར7%ཡས་མས་འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་དང་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་གཉིས་མཐུན་འབྱོར་ཆ་མཉམ་གྱིས་གོང་འཕར་བྱེད་པ། སྡོད་དམངས་ཀྱི་ཡོང་སྒོའི་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ།  ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དང་ལས་ཤོར་བརྟག་དཔྱད་བྱེད་ཚད་སོ་སོར3.5%དང5.5%ནང་ཚུན་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་མཛད་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་པ།   འབྲུ་རིགས་འདེབས་འཛུགས་ས་ཁྱོན་མུའུ་ཁྲི26ཡན་རྒྱུན་འཁྱོངས་བྱས་ནས་སྤྱིའི་ཐོན་འབོར་ཏུན་ཁྲི6.2ཡན་ཟིན་པར་བྱེད་པ།   མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་དུ་སླེབས་པ་དང་། ཁུལ་ཁོངས་ཀྱི་ཆུ་རྒྱུན་གཙོ་བོའི་ཆུ་སྤུས་རིམ་པ་གཉིས་ཡན་དུ་བརྟན་པོར་རྒྱུན་འཁྱོངས་བྱེད་པ། ནུས་རྒྱུ་ཟད་གྲོན་གྱི་ཚད་དེ“ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་དུས་ཡུན་ནང་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་དང་གཞི་གཅིག་ཏུ་ལེགས་འགྲུབ་བྱེད་པ། སྦགས་བཙོག་དངོས་པོ་གཙོ་བོའི་བཙོག་འབུད་ཚད་གཞི་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་བཅས་ཡིན། 

གོང་གསལ་གྱི་དམིགས་འབེན་དེ་དག་གཞིར་བྱས་ནས། ང་ཚོས་གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད། ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ།  “གཏོང་གསུམ་སེལ་གཅིག་བཅོས་གཉིས”ཀྱི་བྱ་སྤྱོད་ཆེན་པོ་དྲུག་ལག་བསྟར་དོན་འཁྱོལ་བྱེད་དགོས།

(གཅིག)ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ།   བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་དགོངས་པ་ལག་བསྟར་དོན་འཁྱོལ་ཐོག བློ་ཐག་རྦད་ཆོད་དང་བྱེད་ཐབས་ནུས་ལྡན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”ཞེས་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་རགས་བརྟན་པོ་བཟོས་ནས་ཞིང་ཆེན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་དགོས།

སྐྱེ་ཁམས་ཁོར་ཡུག་མ་ལག་གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ཇེ་མགྱོགས་སུ་གཏོང་བ་དང་།  “ཐིག་གསུམ་ཐོ་གཅིག”འཐུས་ཚང་དུ་གཏོང་བ།   ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་སྟོང་རྣམ་པ་འཛུགས་སྐྱོང་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།   ལོ་གསུམ་གྱི་ནང་རྒྱལ་ཁབ་སྤྱི་གླིང་གཙོ་རུ་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྔོན་འགྲོའི་འཆར་འགོད་དང་རེ་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་དང་།   སྐྱེ་ཁམས་དཔལ་ཡོན་གདེང་འཇོག་དཔྱད་ཞིབ་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ།   སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་ལམ་ལུགས་དང་འགན་འཁྲི་ཚེ་གང་བདའ་འདེད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།   རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་དེ་མུ་མཐུད་མཐོར་འདེགས་སུ་བཏང་ནས། མདའ་བཞི་ས་ཁུལ་གྱི“ཆུ་གཙང་རི་ལྗང”གི་ལས་གཞི་ལག་བསྟར་དང་། མུའུ་ཁྲི1180ཡན་ཡོད་པའི་ཞན་འགྱུར་རང་བྱུང་རྩྭ་སར་ཕྱུགས་འཚོ་སྐྱོང་མི་བྱེད་པ་དང་མུའུ་ཁྲི2888ཀྱི་བེད་སྤྱོད་ཆོག་པའི་རྩྭ་སར་རྩྭ་ཕྱུགས་དོ་མཉམ་བྱེད་པ་དོན་འཁྱོལ་བྱེད་དགོས། “མ་ཡུམ་ཆུ་བོ་སྲུང་སྐྱོང་དང་བཅོས་སྐྱོང་ཆེན་པོར་སྐུལ་འདེད་གཏོང་བའི”ཆེད་དོན་བྱ་འགུལ་སྤེལ་བ་དང་།   འབྲི་ཆུའི་ཉ་འཛིན་འགོག་པ་དང་ཐེངས་དྲུག་པའི་མཚོ་སྔོན་པོ་མཚོ་བཀག་ཉ་གསོ་བྱ་འགུལ་ལག་བསྟར་དོན་འཁྱོལ་བྱེད་དགོས།  དགོ་དམར་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། “སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་འགྱུར་བ་ལས་ཇེ་སྡུག་ཏུ་མི་འགྲོ་བའི”རྩ་དོན་སྲུང་སྐྱོང་ནན་མོ་བྱེད་དགོས། 

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རང་མདངས་གསལ་བོར་མངོན་དགོས། རེས་སྐོར་ཐེངས་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དག་ཐེར་དགོངས་འཆར་ཡོངས་འགྲུབ་བྱེད་པ་དང་། རྨ་ཆུའི་ཉེན་ཟོན་བརྙན་གཟིགས་ལས་བཏོན་པའི་གནད་དོན་དང་ཆེད་དོན“བརྟག་དཔྱད”བརྒྱུད་ཤེས་རྟོགས་བྱུང་བའི་གནད་དོན་ལེགས་བཅོས་ལ་སྐུལ་འདེད་བྱེད་པ། སྤྱང་ཚང་གཏེར་དོང་དང་པོ་དང་མདོ་ལ་རིང་མོའི་ལྷོ་འདབས་མཚོ་སྔོན་ཕྱོགས་དང་མཚོ་བྱང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང“སྲ་བརྟན་མཐོར་འདེགས་ལོའི”སྣ་སོ་སོའི་ལས་དོན་ལེགས་པོར་སྒྲུབ་པ་དང་། རྩྭ་འདེབས་དང་ལྗང་འགྱུར། སྲུང་སྐྱོང་། གཏེར་རྫས་སྔོག་འདོན་དབང་ཆ་རིགས་དབྱེ་ཐག་གཅོད།   མཚོ་སྔོན་པོའི་བྱང་ངོགས་ཀྱི་རླུང་འགོག་དང་བྱེ་བཅོས། གནོད་འགོག་གི་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་རི་དང་ཆུ། ནགས། ཞིང་ས། མཚེའུ། སྤང་ཐང་། བྱེ་ས། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།   གཙོ་གནད་སྦག་ཁུངས་ཀྱི་རང་འགུལ་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། “གནམ་དང་བར་སྣང། སའི་མཁའ་དབུགས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་ལས་དོན་ཁྱོན་ཡོངས་སུ་ཁྱབ་པར་སྐུལ་འདེད་བྱེད་དགོས། སྔོ་བསངས་ཀྱི་ནམ་མཁའ་དང་དྭངས་གཙང་གི་ཆུ་མོ། སྔོ་ལྗང་གི་ས་གཞི་ཆགས་པར་བརྩོན་པ་ལྷུར་ལེན་བྱས་ཏེ། ནུབ་མཚོ་གྲོང་རྡལ་དང་རྫོང་བཞིའི་རྫོང་མཁར་དེ་གཙོ་གནད་དུ་བཟུང་ནས་ཁ་དབུགས་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་དང་།  མཚོ་སྔོན་པོ་དང་ཙོང་ཆུའི་བཞུར་རྒྱུན་གཙོར་བྱས་པའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྦགས་བཙོག་ས་གནས་དང་བེད་མེད་གཏེར་རི་གཙོ་གནད་དུ་བྱས་པའི་ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་ཉམས་གསོ། གྲོང་རྡལ་དང་གྲོང་གསེབ་གཙོ་གནད་དུ་བྱས་པའི་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་དང་སྦགས་བཙོག་འགོག་བཅོས། “ཁོངས་ཡོངས་འགྱིག་འགོག”གི་བྱེད་སྒོ་སྤེལ་ནས་ཕྱོགས་བསྡུས་ལེགས་བཅོས་ནས་ཕྱོགས་ཡོངས་སྲུང་སྐྱོང་ཅན་དུ་བསྒྱུར་བ་མངོན་འགྱུར་བྱེད་དགོས། 

སྐྱེ་ཁམས་སྲུང་སྐྱོང་གི་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།   “ཆུ་བཞིའི་གཏན་ཁེལ་བཞི”ཡི་རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཆུ་འདོན་ལས་གྲྭ་ཉམས་གསོ་བདག་སྐྱོང་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།   “པོ་ཧ་ཐུའུ”ཆུ་མཛོད་འཛུགས་སྐྲུན་འཆར་འགོད་བྱས་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་།  ལེགས་བསྡུས་ཞིབ་གཉེར།  ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པ།  རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ངེས་གཏན་ཐོ་འགོད་ལ་སྐུལ་འདེད་གཏོང་བ་དང་། ཞིང་སའི་རྒྱུན་ལྡན་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་དག་ཐེར་ལེགས་པོར་སྒྲུབ་དགོས། འཛུགས་སྐྲུན་ས་ཆའི་སྣོན་འཕྲི་དང་ཞིང་སའི་ཁ་གསབ་དོ་མཉམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཐོན་ཁུངས་སྣ་ཚོགས་གང་ལ་ཅི་འཚམ་དང་གཅིག་གྱུར་གྱིས་བེད་སྤྱོད་བྱེད་དགོས།   རྩྭ་ཐང་དང་བརླན་ས།   ནགས་ཚལ།   ཐང་རྒོད་སོགས་ཀུན་ལ་ཁྱབ་པ་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།   རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ།  མཚོ་སྔོན་པོའི་མཐའ་འགྲམ་གྱི་རྩྭ་ས་ཆུར་ནུབ་པའི་སྐྱེ་ཁམས་ཁ་གསབ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཚད་གཞི་མཐོན་པོའི་སྒོ་ནས་མདོ་ལ་རྫོང་གི་རྒྱལ་ཁབ་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟ་རྫོང་གི་ལས་དོན་ལེགས་པོར་སྒྲུབ་དགོས།  ནགས་བརྟེན་དཔལ་འབྱོར་དང་སྐྱེ་ཁམས་གནས་སྐོར།   སྐྱེ་ཁམས་མྱོང་རོལ།   སྐྱེ་ཁམས་དོ་དམ་སྲུང་སྐྱོང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།    

(གཉིས།)མཉམ་འདྲེས་འཕེལ་རྒྱས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་བྱ་བ་ལག་བསྟར་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་དགེ་མཚན་ལྡན་པའི་ཐོན་ལས་སྐྱེད་སྲིང་བྱེད་དགོས།   གྲུབ་ཚུལ་ལེགས་སྒྱུར་དང་སྒུལ་ནུས་བརྗེ་སྒྱུར།   ཕན་འབྲས་མཐོར་འདེགས་གཏོང་བ་བཅས་དམིགས་སུ་བཟུང་ནས། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་ཤུགས་ཆེར་བྱས་ནས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དཔལ་འབྱོར་མ་ལག་གཏོད་དགོས།    

སྐྱེ་ཁམས་ཞིང་ཕྱུགས་ལས་ཇེ་ལེགས་སུ་བཏང་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྩ་བ་ཇེ་བརྟན་དུ་གཏོང་དགོས།   རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད།   སྐྱེ་ཁམས་བཅས་“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་མཐའ་འཁྱོལ་བྱས་ཏེ།  རྨོ་ཞིང་དང་ཡུན་གཏན་ཞིང་སའི་གྲངས་འབོར་ཇེ་ཉུང་དུ་མི་འགྲོ་བ་དང་། སྤུས་ཚད་ཇེ་དམའ་རུ་མི་འགྲོ་བ།   ཐོན་ཚད་མི་ཆག་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས།  དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི“ཁུལ་གསུམ་གླིང་གཉིས་ལས་སྟེགས་གཅིག”གི་བར་མཐོངས་བཀོད་སྒྲིག་ལ་དམིགས་ནས་འབྲུ་རིགས་འཕར་སྣོན་དང་སྣུམ་བརྟན།   གཟན་གསོ་བཅས་རྒྱ་ཆེར་གཏོང་བ་དང་།   ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས།   དགེ་མཚན་ལྡན་པའི་འདེབས་འཛུགས་ལས་རིགས་དར་རྒྱས་དང“རྫས་གསུམ་ཚད་གཞི་གཅིག”གི་མཐོར་འདེགས་བྱ་བ་ལག་བསྟར་བྱས་ཏེ། སོན་བཟང་དང་གཤིན་ས། ལག་རྩལ། རྨོ་འཕྲུལ་བཟང་པོ་སོགས་ཀྱི་ཆ་སྡེབ་ལ་ཤུགས་སྣོན་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་ཉེན་སྲུང་གི་ཁྱབ་ཁོངས་རྒྱ་སྐྱེད་དང་ཚད་གཞི་མཐོར་འདེགས།  ཉེན་སྲུང་གི་རིགས་སྣ་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། མཐོ་སྒང་ནོར་ནག་དང་ལུག ནས། སྐེ་ཚེ། གཟན་རྩྭ་བཅས་ཁྱད་ལྡན་ཐོན་རྫས་ཆེན་པོ་ལྔ་གོང་འཕེལ་དུ་གཏོང་དགོས། སྤུས་ཚད་མཐོར་འདེགས་དང་གྲངས་འབོར་ཇེ་མང་། ཐོན་ལས་འབྲེལ་ཐག་ཁ་གསབ། སྐྱེལ་འདྲེན་བཅས་དམ་འཛིན་བྱས་ཏེ། དེང་རབས་ཞིང་ལས་ཐོན་ལས་གླིང་དང་དགེ་མཚན་ཅན་གྱི་ཁྱད་ལྡན་ཐོན་ལས་གཅིག་སྡུད། ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།  ཚད་གཞི་མཐོ་བའི་གསོ་སྤེལ་ར་བ་ཆེ་གྲས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ།  “གླིང་དང་ཁེ་ལས། སྤྱི་ཚོགས། དྲ་རྒྱ། གནས་སྐོར”བཅས་ཀྱི་མཉམ་ལས་མཉམ་འདྲེས་ཐབས་ལམ་འཚོལ་ཞིབ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་བསྲེས་དང་། བཟོ་ཞིང་ཚོང་ལས་གཞི་གཅིག་ཅན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཤུགས་ཆེན་པོས་མཚོ་སྔོན་ནམ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་གྱི་གནས་གཞི་གལ་ཆེན་དུ་འགྱུར་བར་ཧུར་བརྩོན་བྱེད་དགོས།

ལྗང་མདོག་བཟོ་ལས་དང་གཏེར་ལས་ལས་དོན་ལ་ཤུགས་བསྣན་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བཟོ་ལས་ཀྱི“གསར་བ་ལྔ”ཡི་གཏན་ཁེལ་དང“སྒྱུར་བ་ལྔ”ཡི་བསམ་ཕྱོགས་ལ་མཐའ་སྐོར་བ་དང་ནུས་ཁུངས་ཟད་གྲོན་གྱི“ཚོད་འཛིན་གཉིས”དང“མཐོ་བ་གཉིས”བཀག་འགོག་བྱེད་པའི་ལས་གཞི་འཕེལ་རྒྱས་ལ་དམིགས་ནས།  བཟོ་ལས་ཀྱི་ནུས་ཁུངས་གྲོན་ཆུང་ལྟ་ཞིབ་ཚད་ལེན་དང་སྔོན་དཔག དེ་བཞིན་དབྱེ་ཞིབ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།  གཏེར་ཁུངས་དང་ལྗང་མདོག་རྒྱུ་ཆའི་ཁེ་ལས་ཀྱི་ལག་རྩལ་ལེགས་བཅོས་ལ་སྣེ་ཁྲིད་དེ།  བཟོ་ལས་དཔལ་འབྱོར་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱ་དགོས།  “ཁུལ་བཞི་གླིང་བརྒྱད་གནས་མང་ལྟེ་གཅིག”གི་ཐོན་ལས་བཀོད་སྒྲིག་གཞིར་བཟུང་ནས་བཟོ་ལས་འཕེལ་རྒྱས་ཀྱི“འཆར་གཞི་ཆེན་པོ་དྲུག”ལག་བསྟར་བྱེད་པ་དང། ཐོན་ལས་ཕྱོགས་སྒྱུར་གྱི་གོམ་པ་ཇེ་མགྱོགས་སུ་གཏོང་བ། རྫོང་སོ་སོའི་རང་ལ་གང་འཚམ་གྱི་ཐུན་མིན་འཕེལ་རྒྱས་དང་ཐོན་ལས་ཡུལ་ཁོངས་ལས་བརྒལ་བའི་ཁ་གསབ་འབྲེལ་ཐག་ལ་སྐུལ་འདེད་གཏོང་དགོས།  ཤུགས་ཆེན་པོས་རྒྱུ་ཆ་གསར་བ་དང་སྒྲིག་ཆས་བཟོ་སྐྲུན།   ཞིང་ཕྱུགས་ཐོན་རྫས། ཀྲུང་བོད་ལུགས་སྨན་རྫས་ལས་སྣོན། རིག་གནས་གནས་སྐོར་ཚོང་ཟོག་ཞིབ་འཇུག་གསར་སྤེལ་སོགས་ཁྱད་ཆོས་ལྡན་པའི་ཡང་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ཧུར་ཐག་གིས“2+2+4”ཐོན་ལས་འཕེལ་རྒྱས་མ་ལག་འཛུགས་སྐྱོང་དང་། ལྗང་མདོག་གླིང་ཁུལ་དང་ལྗང་མདོག་བཟོ་གྲྭ།   ལྗང་མདོག་ཐོན་རྫས། ལྗང་མདོག་མཁོ་སྤྲོད་སྦྲེལ་ཐག་བཅས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་སྐྱེད་སྲིང་བྱ་དགོས། 

ནུས་ཁུངས་གསར་པའི་ཐོན་ལས་རྒྱ་ཆེ་རུ་བཏང་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས།   ཡུལ་བབ་དང་བསྟུན་ནས་རླུང་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མ་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་།   རྐང་ཚ་རྫོང་གི་སྟོང་ཝ་ཁྲི320ཅན་གྱི“དྲ་བའི་དངོས་གསོག”གཞི་གཅིག་ཅན་གྱི་སྐབས་དང་པོའི་བཟོ་སྐྲུན་དམ་འཛིན་དང་། མདའ་བཞི་དང་མདོ་ལ། རྐང་ཚ་བཅས་རྫོང་གསུམ་གྱི་ཀྲའོ་ཝ400ཅན་གྱི་གཅིག་སྡུད་འོད་གློག་དང་ཀྲའོ་ཝ200ཅན་གྱི་གཅིག་སྡུད་རླུང་གློག ཀྲའོ་ཝ་165ཅན་གྱི་ཁ་ཐོར་རྣམ་པའི་རླུང་གློག་ལས་གཞི་འཆར་འགོད་བྱེད་རྒྱུར་བརྩོན་ལེན་བྱེད་དགོས། ཆུ་འཐེན་ནུས་གསོག་དང་རྣམ་པ་གསར་བའི་ནུས་གསོག ནུས་མང་གསབ་རེས། ཁང་ཀླད་གློག་ནུས་ལས་གཞི་འཕེལ་རྒྱས་སུ་གཏོང་དགོས། ནུས་ཁུངས་གཙང་མའི་དྲོད་ལེན་ཚོད་ལྟའི་གནས་གཞི་བཙུགས་ནས། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་གསོག་འཇོག་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མགྱོགས་མྱུར་སྒོས་རྐང་ཚ་དང་མདོ་ལའི་སྟོང་ཧྥུ330ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གཞི་ལག་བསྟར་བྱེད་དགོས།  རྐང་ཚ་རྫོང་གི་སྟོང་ཧྥུ750ཅན་གྱི་གློག་སྐྱེལ་གློག་སྒྱུར་གློག་དྲའི་སྦྲེལ་ཚུགས་དང་གློག་སྐྱེལ་སྐུད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འཆར་འགོད་བྱས་ཏེ། རང་རེའི་ཁུལ་གྱི་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གསར་པ་མགྱོགས་མྱུར་གྱིས་གསར་འཛུགས་བྱེད་དགོས། 

ཡུལ་ཁོངས་ཧྲིལ་པོའི་གནས་སྐོར་དར་སྤེལ་གཏོང་བ་ནི། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དམ་འཛིན་ཐུབ་པའི་འགག་རྩ་ཡིན། མཚོ་སྔོན་དེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་ཡུལ་ཁུངས་སུ་འཇུག་པའི་འཐབ་ཇུས་ནང་ཧུར་ཐག་སྒོས་ཟབ་ཞུགས་བྱས་ཏེ། མདོ་ལ་རིང་མོ་དང་མཚོ་སྔོན་པོ་གཉིས་ཀྱི་མི་ཆོས་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་བར་ཁྱམས་འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་དང་ཀན་སུའུ།   མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་ཤིན་ཅང་བཅས་ཀྱི་གནས་སྐོར་སྐོར་ལམ་ཆེན་པོར་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། རིམ་པAཅན་གྱི་གནས་སྐོར་མཛེས་ལྗོངས་ས་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་བར་གྱི་རྒྱལ་ཁབ་ཀྱིAཅན5རིམ་པའི་གནས་སྐོར་མཛེས་ལྗོངས་ས་ཁུལ་གསར་གཏོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། འགྲིམ་འགྲུལ་ལས་རིགས་དང་གནས་སྐོར་ལས་རིགས་མཉམ་འདྲེས་ཀྱིས་ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། མཛེས་ལྗོངས་ས་ཁུལ་གྱི་བག་ཕེབས་གནས་སྐོར་མ་ལག་འཛུགས་སྐྲུན་དང་དེ་བཞིན་མཛེས་ལྗོངས་ས་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་། གནས་སྐོར་སྒྲིག་བཀོད་མཐོར་འདེགས་ལས་གཞི་ལག་བསྟར་ནན་མོ་བྱེད་དགོས། ནུབ་མཚོ་དང་བཙུན་མོ་གཞོངས།   རྒྱ་མདོ།   འོམ་ཆུ་གྲོང་རྡལ་བཅས་གནས་སྐོར་བའི་བསྡུ་འགྲེམས་ལྟེ་གནས་བཞི་དང་། ད་དུང་རྐང་ཚ་རྫོང་གི་ལྷ་མོ་གཞོངས་དང་མཚོ་འཁྱིལ་ཡུལ་ཚོ། མཚོ་བསྟོད་སྟེགས་བུ།   མདའ་བཞི་རྫོང་གི་ཤར་སྒོ་ཆེན་མོ། ནུབ་མཚོ་གྲོང་རྡལ། མདོ་ལ་རྫོང་མཁར་དམར་གྲོང་རྡལ།  འཇུ་ལག་རྫོང་ཤར་ཐང་གྲོང་རྡལ་བཅས་གནས་སྐོར་ཕྱོགས་བསྡུས་ཞབས་ཞུ་ས་ཁུལ་བདུན་བཅས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་རྒྱུ། ནུས་ཤུགས་ཡོད་རྒུས་རྡུལ་ཕྲན་མཁར་གྱི་ངོ་མཚར་གནས་སྐོར་དང་མདོ་ལ་རིང་མོའི་ཁམས་གསེང་གནས་སྐོར། མཚོ་སྔོན་པོའི་སྐོར་བའི་སྤྲོ་གསེང་གནས་སྐོར་སོགས་གནས་སྐོར་སྤུས་ལེགས་ཀྱི་ལམ་ཐིག་གསར་བཟོ་བྱེད་པ་དང་། དགུན་དཔྱིད་དུས་སྐབས་ཀྱི་གནས་སྐོར་དང་གངས་འཁྱག་དར་ཤུད་སོགས་གནས་སྐོར་ཚོང་རྟགས་སྐྱེད་སྲིང་བྱས་ཏེ། ཡུལ་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ཀྱི་ཞན་ཆ་བཅོས་སྐྱོང་བྱེད་དགོས།   འཇུ་ལག་དང་མདའ་བཞི་རྫོང་གཉིས་དེ་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།  

དེང་རབས་ཞབས་ཞུའི་ལས་རིགས་ཞིབ་ཚགས་སུ་བཏང་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེ་རུ་གཏོང་དགོས།   ཚད་གཞི་མཐོན་པོས221གནས་རྙིང་གི་རིག་དངོས་ཉམས་གསོ་དང་ཁོར་ཡུག་བཅོས་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ།  རིག་གནས་རྗེས་ཤུལ་སྤྱི་གླིང་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པ།  གསར་བརྗེའི་སློབ་གསོ་དང་གནས་སྐོར་ཞིབ་འཇུག་སློབ་སྦྱོང་། གསོ་སྦྱོང་དཔལ་འབྱོར་བཅས་གསར་སྤེལ་བྱེད་དགོས།  སྐར་མ་བཅོ་ལྔའི་བར་ཐག་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སའི་གནས་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཚོ་སྐོར་འགྲན་བསྡུར་དང་།  མདོ་ལའི་འཕུར་སྐྱོད་དུས་ཆེན།  མདའ་བཞི་གངས་འཁྱག་སྒྱུ་རྩལ་དུས་ཆེན། འཇུ་ལག་ཤོག་བྱའི་དུས་ཆེན་སོགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་ལ་བརྟེན་ནས་མཐོ་སྒང་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།   ཀྲུང་བོད་ལུགས་གསོ་རིག་དང་དེ་བཞིན་ཆུ་ཚན་སོགས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བྱས་ཏེ་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།  འཇུ་ལག་དམངས་སྲོལ་ཚོང་ལས་ཁྲོམ་གཞུང་དང་མདོ་ལའི་སུའུ་ཙེར་སྲང་ལམ། མདའ་བཞི་རིག་གནས་གནས་སྐོར་ཚོང་ལས་ཁྲོམ། རྐང་ཚ་མཚོ་འགྲམ་བོད་མཁར་གྱི་ལྟེ་བའི་ས་ཁུལ་སོགས་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་གསར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།   གཞིས་ཁུལ་ཚོང་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བཟའ་བཏུང་ཞག་སྡོད་དང་།  ཁྱིམ་ལས་ཐོན་ལས།   བདེ་ཐང་རྒན་གསོ་སོགས་མཐུན་སྦྲེལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། དངོས་ཟོག་མྱུར་སྐྱེལ་དེ་གྲོང་གསེབ་ཏུ་རྒྱང་བསྲིངས་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། དྲ་སྟེང་ཐད་གཏོང་གི་ལམ་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་འདེད་བྱེད་དགོས། ཐོན་ལས་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྔར་བས་སྐོང་ཅི་ཐུབ་བྱེད་དགོས།

(གསུམ།)མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བྱ་འགུལ་སྤེལ་ནས།   ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས།   གྲོང་གསེབ་དར་སྤེལ་དེ་རྣམ་པ་གསར་བའི་མཁར་གྲོང་ཅན་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་འབྲེལ་མཐུད་ལེགས་པོ་བྱས་ཏེ། མཁར་གྲོང་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་སྔར་བས་རྒྱ་ཆེར་གཏོང་དགོས།

ལས་གཞི་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས། མཐུན་སྦྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།  ལས་གཞིའི་འཆར་འགོད་དང་ལག་བསྟར་གོ་རིམ་ཡོངས་ལ་ཞབས་ཞུ་རྗེས་ཆོད་བྱེད་པར་ཤུགས་སྣོན་པ། ཁག་ཅིག་གསོག་འཇོག་དང་།   ཁག་ཅིག་ལས་མགོ་འཛུགས་པ།   ཁག་ཅིག་འཛུགས་སྐྲུན།   ཁག་ཅིག་ལས་མཇུག་སྒྲིལ་བ་བཅས་ཀྱི་བྱ་བའི་ལམ་སྲོལ་ཆགས་པར་བྱས་ཏེ་ལས་གཞིར་མ་འཇོག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་དགོས།   རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་འཇོག་ཁ་ཕྱོགས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ“གསར་བ་གཉིས་དང་གལ་ཆེན་གཅིག”གི་འཛུགས་སྐྲུན་གོ་སྐབས་དམ་འཛིན། “ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་གལ་ཆེན་གཙོ་གནད་བཟོ་སྐྲུན་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ། རྒྱ་མདོ་ཆུ་མཛོད་དང་ལུའུ་ཆིང་མཐོ་རིམ་སློབ་འབྲིང་།   ནུབ་མཚོ་གྲོང་རྡལ་གྱི་འཇུ་ལག་ལམ་རྒྱས་སྐྲུན་སོགས་ཀྱི་འདེགས་སྐྱོར་ནུས་པ་ཆེ་བའི་ལས་གཞི་གཙོ་གནད་དག་སྐུལ་འདེད་གཏོང་དགོས།   སྤྱི་ཚོགས་ཀྱི་མ་རྩ་དེ་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་འཛུགས་སྐྲུན་ལ་ཞུགས་པར་སྐུལ་འདེད་བཏང་ནས།   རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་འཇོག་གྲངས་འོས་འཚམ་ངང་སྔོན་དུ་སྤེལ་ནས་མ་དངུལ་འཇོག་པའི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།    

རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་གཏོང་དགོས།   ཞིང་ཆེན་དང་རྒྱལ་ཁབ་པུའུ་ཨུས་མཐོ་སྒང་མཛེས་སྡུག་ལྡན་པའི་མཁར་གྲོང་མཉམ་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་དང་། མཁར་གྲོང་གི་མ་འོངས་འཕེལ་རྒྱས་ལ་དཔྱད་དཔོག་བྱེད་པ་དང་།   རང་སྐྱོང་ཁུལ་སྡོད་ས་དང་རྫོང་མཁར་ཡོད་སའི་མཁར་གྲོང་། དེ་བཞིན་བགྲོད་ལམ་གལ་ཆེན་ལམ་རྒྱུད་ཀྱི་མཁར་གྲོང་གི་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ།   མཁར་གྲོང་གི་ནམ་མཁའ་སྔོ་ཞིང་ས་གཞི་སྔོ་ལྗང་ཡིན་པའི་ཁེབས་ཚད་རྒྱ་ཆེར་གཏོང་བ་དང་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་ཉམས་འགྱུར་གོང་སྤེལ་བྱེད་པ།  གད་སྙིགས་བསླད་ཆུ་བཅོས་སྐྱོང་སོགས་ཆེད་དམིགས་ལས་དོན་ཤུགས་ཆེར་སྤེལ་ནས། གཙོ་བོ་ནུབ་མཚོ་གྲོང་རྡལ་གྱི་གལ་ཆེའི་ལམ་ཐིག་གི་སྤུས་ལེགས་མཐོར་འདེགས་ལས་གཞི་ནན་མོར་འཛིན་པ་དང་མདོ་ལ་རྫོང་ཨ་མྱེས་སྟོང་སོ་བྱང་འདབས་ཀྱི་སྐྱེ་ཁམས་སླར་གསོ། དེ་བཞིན་མཁར་གྲོང་མཛེས་བཟོའི་རིམ་པ་གཉིས་པའི་བཟོ་སྐྲུན་ལག་བསྟར་དོན་འཁྱོལ་བྱེད་དགོས། གྲོང་ཁྱེར་སྡོད་ཁང་ལེགས་བཅོས་བྱ་བ་དང་ནུས་རྒྱུ་གཙང་མའི་དྲོད་འདོན། གཞིས་ཁུལ་རྒན་གསོ། ཁྱིམ་ལས་ཞབས་ཞུ་སོགས་ཀྱི་ལས་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ། མཁར་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ལ་ཤུགས་སྣོན་བྱེད་དགོས། 

གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་དང་དབུལ་ཕྱུག་གི་ཧེ་བག་ཇེ་ཆུང་དུ་གཏོང་བ།   དོ་མཉམ་སྐུལ་འདེད་བཅས་ལ་དམིགས་ནས་ཡང་བསྐྱར་དབུལ་འགྱུར་ལ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་བྱེད་པའི་རྫོང་ཁག་གི་སྣ་སོ་སོའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་ཅན་གྱི་དབུལ་ལོག་མི་འབྱུང་བའི་རྩ་དོན་ནན་སྲུང་བྱེད་དགོས།  “ཡུལ་ཚོ་བརྒྱ་དང་སྡེ་བ་སྟོང”གི་དཔེ་སྟོན་ལས་གཞི་དང“ཁེ་ལས་བརྒྱས་སྡེ་བ་བརྒྱ་དར་སྤེལ་བྱེད་པ།” སྡེ་བའི་ཐུན་མོང་དཔལ་འབྱོར་སླར་གསོ་དང་མཐོར་འདེགས་གཏོང་བའི་བྱ་བ་ལག་བསྟར་བྱེད་དགོས།  ཐབས་ལམ་མང་པོས་སྡེབ་སྒྲིག་དང་སྣ་སོ་སོའི་མ་དངུལ་གཅིག་སྡུད་ཀྱིས་བཀོལ་སྤྱོད་བྱས་ཏེ།  སྐྱེ་ཁམས་ཕྱུགས་ལས་དང་གྲོང་གསེབ་གནས་སྐོར།   ཁྱད་ལྡན་ལས་སྣོན་སོགས“གྲོང་ཚོ་རེར་ཐོན་རྫས་རེའི”གྲོང་ཚོའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་མ་དཔེ་སྡེ་བ་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཚོ་འཆར་འགོད་འཛུགས་སྐྲུན་བྱས་ཏེ་རོང་འབྲོག་ཁུལ་གྱི་ཆུ་དང་གློག ལམ།   འཕྲིན་གཏོང་།   ཟོག་འགྲེམས་སོགས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལེགས་སྒྲིག་གི་ལོ་ལྔའི་བྱ་བ་དང“གསང་སྤྱོད་གསར་བརྗེ”ཡི་ལོ་གསར་བ་གསུམ་གྱི་ལས་དོན་ལག་བསྟར་བྱེད་པ།   དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་།   གད་སྙིགས་རིགས་དབྱེ།   བསླད་ཆུ་གཙང་སེལ་བཅས་མུ་མཐུད་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ་བརྒྱུད། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་གི་གཞིས་ཀ་གསར་སྐྲུན་བྱེད་དགོས།   རྫོང་ཧྲིལ་པོར་བྱང་ཚད་མཐོ་བའི་ལས་རིགས་རོང་འབྲོག་པ་གསོ་སྐྱོང་བྱས་ཏེ། སྣ་སོ་སོའི་ཤེས་ལྡན་མི་སྣས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བའི་ཕུགས་བརྟན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་རིམ་སྤོར་ལེགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཐད་རྫོང་དང་ཡུལ་ཚོ། གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་དང་ཡུལ་ཚོ། གྲོང་གསེབ་ཕན་ཚུན་གསབ་རེས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ཆགས་པར་བྱེད་པ་དང་།   གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།    

(བཞི།)ཁྲོམ་རའི་ཞབས་ཞུའི་འགོག་རྐྱེན་སེལ་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་འཕེལ་རྒྱས་གསོན་ཤུགས་ལ་སྐུལ་སློང་བྱེད་དགོས།  སྒྱུར་བཅོས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། གསར་གཏོད་ལ་བརྟེན་ནས་ཞན་ཆ་ཡོ་བསྲང་མཐའ་འཁྱོངས་བྱས་ཏེ།   འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་དང་།   ཁྲོམ་རའི་རང་ངོས་ཀྱི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་སྔར་ལས་ཆེན་པོ་བྱེད་དགོས།    

ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མཐའ་འཁྱོལ་བྱས་ཏེ། འཕེལ་རྒྱས་ལ་ནུས་པ་སྩོལ་དགོས།   ལོ་གསུམ་གྱི་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གྱི་བྱ་འགུལ་སྤེལ་ནས་བྱ་གཞག་ལས་ཁུངས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་སོགས་གླ་ཕོགས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།  གསར་གཏོད་དང་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་དེ་དོན་འཁྱོལ་དུ་བཏང་ནས་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་དགོས།  ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་མཐོ་རིམ་སློབ་གྲྭ་དང་།   ཚན་རིག་ཞིབ་འཇུག་ལས་ཁུངས། ཐོན་ལས་ཅན་གྱི་རྟེན་གཞི་བཅས་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་སྐྲུན་པ་དང་ཐོན་འབྲས་ཕན་ནུས་ཆེ་བའི་འདེབས་འཛུགས་གསོ་ཚགས།   སྐྱེ་ཁམས་སྲུང་སྐྱོང་།   ནུས་རྒྱུ་གཙང་མ།   མཐོ་སྒང་བོད་ལུགས་གསོ་རིག་སྨན་རྫས་སོགས་གཙོ་བྱས་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་དང་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། རྣམ་པ་གསར་བའི”ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་འཆར་གཞིར་སྐུལ་འདེད་ནན་མོ་གཏོང་བ་དང་།   ཚན་རྩལ་གསོ་སྦྱོང་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ།  ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།    

སྒྲིག་སྲོལ་བཅོས་སྒྱུར་གྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། འཕེལ་རྒྱས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།  སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ།  ཐེངས་གཅིག་རང་བཞིན་གྱི་གསལ་བརྡ་ལམ་ལུགས་དང་།  ཐོག་མའི་འདྲི་རྩད་འགན་འཁྲིའི་ལམ་ལུགས།  དུས་བཀག་ལས་གཉེར་ལམ་ལུགས།   “དྲ་གཅིག་ལས་སྒྲུབ་དང་།   དོན་གཅིག་ཡོངས་སྒྲུབ”བཅས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ།   ཚོང་རར་ཞུགས་འཐུས་ཀྱི་ཆ་རྐྱེན་ཇེ་ཡང་དུ་གཏོང་བ་དང་།   ཞིབ་མཆན་འགོད་པའི་ལས་སྒྲུབ་དུས་བཀག་ཉུང་དུ་གཏོང་དགོས།   ལོ་གསུམ་གྱི་ནང་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་བྱེད་པའི་བྱ་བ་ལེགས་འགྲུབ་དང་།  རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་བཀོད་པ་དང་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ།   རྒྱལ་ཁབ་ལ་དབང་བའི་མ་རྩ་ལུགས་མཐུན་ངང་འཁོར་རྒྱུག་དང་རིན་ཐང་བརྟན་སྲུང་། འཕར་སྣོན་ཡོང་བ་བྱ་དགོས།  “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་བ།  བྱ་བ་སྒྲུབ་པའི་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ།  ཚོང་ར་རང་ངོས་ཀྱི་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས་ཚོང་རར་གསོན་ཤུགས་སྩོལ་དགོས།    སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།   ཚོང་རའི་བྱེད་པོའི་ཡིད་རྟོན་ཡིག་ཚགས་འཛུགས་པ།  ཡིད་རྟོན་ཁེ་ལས་ཀྱི་དྲིལ་བསྒྲགས་གསར་འགོད་དང་ཁ་དན་ཚིག་ལ་མི་གནས་པའི་ཁེ་ལས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་གཙང་བཟོ་བྱེད་དགོས།   གྲོང་གསེབ་ཀྱི་ཁང་ས་དང་མཉམ་སྡེབ་ནགས་དབང་ལམ་ལུགས་བཅོས་སྒྱུར་དང་སྐྱེ་ཁམས་ཁ་གསབ།   ཞིང་ལས་ཆུ་རིན།   མཁོ་ཚོང་ཁང་བཅས་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་ལ་བཅོས་སྒྱུར་གྱི་ཁེ་ཕན་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱ་དགོས།    

ནོར་སྲིད་དངུལ་རྩའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།   ཁྲིམས་ལྟར་ཁྲལ་བསྡུ་དང་ཁྲལ་མིན་ཡོང་འབབ་བསྡུ་བའི་བྱ་བ་ལེགས་པོར་སྒྲུབ་པ་དང་།   ཁྱབ་ཁོངས་དབྱེ་བའི་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་དོན་འཁྱོལ་བྱེད་པ།   ནོར་སྲིད་རང་བཞིན་གྱི་ཁ་གསབ་དང་ས་གནས་ཀྱི་ལེ་ལག་མ་ཚང་བའམ་ཡང་ན་ལེ་ལག་ཅུང་ཉུང་བའི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།   ཁྲིམས་ལྟར་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ཞིབ་ཚགས་སུ་གཏོང་བ་དང་། ནོར་སྲིད་སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ལ་ཤུགས་སྣོན་རྒྱག་པ།   ཡོང་སྒོ་འཕར་སྣོན་དང་།  གསོག་ཐེབས་ཕན་སྒྱུར། འཕར་ཚད་བེད་སྤྱོད་ཡག་པོ་བཅས་བྱས་ནས་ནོར་སྲིད་ཀྱི་གཏོང་ཡོང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།  “འཚོ་བ་དམ་ཚགས་སྐྱེལ་བའི”བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་ཚད་ཡོད་ཀྱི་ནོར་ཤུགས་དེས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ་བཅས་ཀྱི་སྟེང་བེད་སྤྱོད་བྱེད་དགོས།  སྲིད་གཞུང་བུ་ལོན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   བུ་ལོན་གྱི་བཅད་གྲངས་དོ་དམ་ནན་མོ་བྱེད་པ། མངོན་མེད་བུ་ལོན་འཕར་ཚད་བཀག་འགོག་དང་དེའི་གསོག་གྲངས་སེལ་བའི་ལས་དོན་མཐའ་གཅིག་ཏུ་ལག་བསྟར་བྱ་དགོས།  “ནོར་སྲིད་དང་དངུལ་རྩ་ཟུང་དུ་སྦྲེལ་བའི”བཀན་ཤིང་གི་ཕན་ནུས་བེད་སྤྱོད་གང་ལེགས་བྱས་ཏེ།   ཁྲལ་འཕྲི་དངུལ་གཅོག་དང་ཡིད་རྟོན་དངུལ་བུན་ཁག་ཐེག་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་བརྒྱུད། དམངས་ཕན་ཁེ་ལས་ཀྱི་འཕེལ་རྒྱས་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ།   ཁེ་ལས་ཆུང་འབྲིང་ཕྲ་གསུམ་དང“ཞིང་གསུམ”འཕེལ་རྒྱས་གཏོང་བར་དཀའ་ངལ་སེལ་དགོས།  དངུལ་རྩའི་ཉེན་ཁ་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  དངུལ་རྩའི་ཉེན་ཁར་དོགས་ཟོན་ཤུགས་ཆེན་བྱས་ཏེ།   ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སླར་ཡང་མི་འབྱུང་བ་བྱ་དགོས།    

སྒོ་འབྱེད་དང་མཉམ་ལས། མཉམ་རྒྱལ་ཡོང་བར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ལ་ནུས་ཁུངས་གསར་བ་འཚོལ་བ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཡུལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ནང་ནུས་པ་ལྡན་པའི་ངང་ཟབ་ཞུགས་བྱེད་པ་དང་།   འབྲེལ་ཡོད་རྒྱལ་ཁབ་ཁག་དང་ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཁྱིམ་མཚེས་གྲོང་ཁྱེར་བཅས་ཀྱི་མཉམ་འབྲེལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ།  མཚོ་བྱང་གི་ལེགས་ཆའི་ཐོན་ཁུངས་དང་དཔལ་འབྱོར་རྨང་གཞིར་བརྟེན་ནས་འོས་འཚམ་གྱི་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པ།   རོང་འབྲོག་དང་ཁམས་གསོ།  རིག་གནས་གནས་སྐོར།  ཚོགས་འདུ་དང་གསོ་སྦྱོང་སོགས་ཐོན་ལས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཡུལ་ཁོངས་བར་གྱི་མཐུན་སྦྱོར་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད། ལྷག་པར་དུ་ཧྲན་ཏུང་ཞིང་ཆེན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་དང་མཉམ་དུ“ཚོགས་སྒྲིག་རྣམ་པའི”ཁ་གཏད་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཞན་བརྟེན་དང་རང་བརྟེན་མཉམ་སྤེལ་མཐའ་འཁྱོངས་བྱེད་པ། ཁ་གཏད་རོགས་སྐྱོར་མ་དངུལ80%ཡན་དམངས་འཚོའི་ཁྱབ་ཁོངས་དང་།   རྫོང་དང་རྫོང་མན་གྱི་གཞི་རིམ་དུ་སྤྱོད་པ། ཡུལ་ཚོ་དང་གྲོང་ཚོར་གཙོ་གནད་དུ་ཕྱོགས་པ་བཅས་བྱེད་དགོས། སྐུལ་ལྕག་ཚོད་འཛིན་ལམ་སྲོལ་བཙུགས་ཏེ་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་རྫོང་ཁོངས་དབར་ཚན་རིག་དང་མཐུན་པའི་སྒོ་ནས་བགོ་བཤའ་དང་ལུགས་མཐུན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས།  “འགུག་གཉིས་འདྲེན་གཉིས”ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཐོན་ལས་རྣམ་གྲངས་དེ་བས་མང་བ་མཚོ་བྱང་དུ་བསྡུ་འགུག་བྱེད་པ། ཤེས་ལྡན་པ་མང་པོས་མཚོ་བྱང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་ཡིད་དབང་བཀུག་ནས་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་བཏང་སྟེ་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་དང་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས།    

(ལྔ།)སྤྱི་ཚོགས་འགན་སྲུང་ལེགས་བཅོས་བྱ་སྤྱོད་ལག་བསྟར་བྱས་ཏེ།   ནུས་ཤུགས་ཡོད་རྒུས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏང་དགོས། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ལ་གཞི་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི་ནོར་སྲིད་འགན་སྲུང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། དམངས་འཚོའི་དོན་དངོས་དང་འབྲེལ་བའི་ལས་གཞི་ཕྱོགས10དང་ཁག60ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས།    

ལས་ཞུགས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། སྡོད་དམངས་ཀྱི་ཡོང་འབབ་སྔར་བས་ཇེ་མང་དུ་གཏོང་དགོས།   གཞི་རིམ་གྱི་ལས་ཞུགས་ཞབས་ཞུ་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོར་གཏོང་བ་དང་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་རྩལ་ནུས་མཐོར་གཏོང་གི་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ལས་རིགས་རྩལ་ནུས་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད་དང་སློབ་ཆེན་མཐར་ཕྱིན་སློབ་མའི་ནུས་པ་མཐོར་འདེགས་ཀྱི་འཆར་གཞི་ལག་བསྟར་གཏིང་ཟབ། རོང་འབྲོག་མང་ཚོགས་གཞན་སྒྱུར་ལས་ཞུགས་མངགས་ཐོའི་གཏན་ཁེལ་གྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ལམ་མང་པོས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།   སྟབས་བསྟུན་ལས་ཞུགས་ཀྱི་ངལ་རྩོལ་མི་བཀོལ་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་བ།  མྱུར་སྐྱེལ་དང་ཕྱིར་འཚོང་སོགས་རྣམ་པ་གསར་བའི་ལས་ཞུགས་པའི་ཁེ་དབང་སྲུང་སྐྱོང་བྱས་ཏེ།  ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་འགན་ལེན་བྱ་དགོས།

སློབ་གསོའི་སྤུས་ཚད་མཐོར་འདེགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། སློབ་མ་སྔར་བས་འཚར་ལོངས་ཡོང་བ་བྱེད་དགོས། སློབ་མཚམས་ཁག་གི་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ།   སློབ་གསོ་ཆ་འཕྲིན་ཅན་གྱི2.0ལས་དོན་འཆར་གཞི་སྐུལ་འདེད་གཏོང་བ། སློབ་སྔོན་སློབ་གསོ་ཁྱབ་གདལ་བྱེད་པ་དང་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་བྱེད་པ།   མཐོ་འབྲིང་སློབ་གསོར་ཁྱད་ལྡན་སྣ་མང་གཏོང་བ། ལས་རིགས་སློབ་གསོ་སྤུས་ཚད་གོང་མཐོར་གཏོང་བ་བཅས་ལ་ཤུགས་ཆེན་པོའི་སྐུལ་འདེད་གཏོང་དགོས།   སློབ་གསོའི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་མཐོ་རྒྱུགས་ཀྱི་རྣམ་པ་གསར་བ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། “གཉིས་འཕྲི”ཡི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ། སློབ་གསོའི་སྤུས་ཚད་གདེང་འཇོག་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ།  སློབ་མའི་ཕྱོགས་བསྡུས་སྤུས་ཚད་གདེང་འཇོག་བྱེད་ཐབས་གསར་གཏོད་དང་།   བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས།  ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཕྱོགས་གསུམ་གྱིས་མཉམ་དུ་སློབ་སྐྱོང་བྱེད་པའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། མཚོ་བྱང་གི་ཁྱད་ཆོས་ལྡན་པའི“ཡོངས་གསུམ་མི་སྐྱོང”གི་རྣམ་པ་བཙུགས་ཏེ་སློབ་མའི་ཀུན་སྤྱོད་དང་ཤེས་རབ། རྩལ་སྦྱང་། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།  

ཐབས་མང་མཉམ་སྤྱོད་ཀྱིས་སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། དམངས་ཡོངས་ཀྱི་གཟུགས་ལུས་དེ་བས་བདེ་ཐང་ཡོང་བར་བྱ་དགོས། “སྨན་ལྔ་མཉམ་འགུལ”གྱི་བཅོས་སྒྱུར་གཅིག་གྱུར་འཆར་འགོད་དང་། གཙོ་གནད་ཆེད་ཚན་དང་རྫོང་ཁོངས་ཀྱི་དམ་ཚགས་རྣམ་པའི་སྨན་བཅོས་མཉམ་ལས་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་བཞིན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རིམ་དབྱེའི་སྨན་བཅོས་དང“དྲ་སྦྲེལ+སྨན་བཅོས་བདེ་ཐང”གི་ཆུ་ཚད་ཇེ་མཐོར་བཏང་སྟེ་རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད90%ཡན་སླེབས་པར་བརྩོན་ལེན་བྱེད་དགོས། ནད་གཞི་ཚབས་ཆེན་གྱི་གསོ་བཅོས་ཀྱང་རྫོང་ནས་ཕྱིར་མི་འགྲོ་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས། “བདེ་ཐང་མཚོ་བྱང2030”ཆེད་དོན་བྱ་སྤྱོད་ཁག19ཟབ་སྤེལ་དང་། རེས་སྐོར་གསར་བའི་ཐུམ་འབུའི་ནད་དང་ཡུལ་ནད་འགོག་བཅོས་བྱ་སྤྱོད་སྤེལ་ནས། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ཚན་རིག་དང་མཐུན་ཞིང་ལེགས་པོ་བསྒྲུབས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་ལུས་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱ་དགོས།  ཕྲུ་གུ་གསུམ་གྱི་བུ་བཙའི་སྲིད་ཇུས་དང་ཆ་སྡེབ་རྒྱབ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས། ལོ3མན་གྱི་ཕྲུ་གུའི་ལྟ་སྐྱོང་ཞབས་ཞུའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། མི་འབོར་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།  

རིག་གནས་ལུས་རྩལ་བྱ་གཞག་རྒྱུན་མཐུད་ངང་དར་རྒྱས་བཏང་ནས། མང་ཚོགས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཟློས་གར་གྲོང་གསེབ་ཏུ་སྐྱོད་པ་དང་རིག་རྩལ་སྐྱ་དམག་སོགས་རིག་གནས་དམངས་ཕན་ལས་གཞི་ལག་བསྟར་བྱེད་དགོས། དམངས་ཡོངས་ཀྱི་དཔེ་ཀློག་དང་སྒྱུ་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཏེ། སྤྱི་པའི་རིག་གནས་ཞབས་ཞུ་དེ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་དུ་འདྲེས་པར་སྐུལ་འདེད་གཏང་དགོས། ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཟུགས་མེད་ཤུལ་བཞག་རིག་གནས་དང་རིག་དངོས། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན་སོགས་ཤུལ་བཞག་ཐོན་ཁུངས་རྩ་ཆེན་དག་གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇུ་ལག་རྫོང་གི་མངོན་མིན་རིག་གནས་འགྲེམས་འཁྲབ་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསོ་སྐྱོང་བྱས་ཏེ《མཐིང་མདོག་གི་གསེར་དངུལ་ཐང》ཞེས་པའི་མི་རིགས་གླུ་གར་ཆེན་མོ་བསྐྱར་བསྒྲིགས་བྱེད་པ་དང་།《སྐབས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད་ཡོད》ཅེས་པའི་ཟློས་གར་གསར་བཏོད་སྒོས་འཁྲབ་སྦྱོང་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་འཐབ་ཇུས་ལག་བསྟར་དང་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏང་དགོས།  

དམངས་ཡོངས་འགན་བཅོལ་ནང་དུ་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས། མི་སེར་གྱི་འཚོ་བར་སྔར་བས་འགན་ལེན་བྱེད་དགོས། སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་ཚད་གཞི་ཇེ་མཐོར་གཏོང་བ། གཞི་རྩའི་སྨན་བཅོས་འགན་བཅོལ་ཡུལ་གཞན་ནས་སྨན་རྩིས་རྒྱག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་དང་ཕྱོགས་ཡོངས་ནས་ན་གཞོན་སྲུང་སྐྱོང་བྱེད་པར་དམིགས་ནས་དབང་བོ་སྐྱོན་ཅན་དང་། དཀའ་ངལ་ཡོད་པའི་ལས་བཟོ་བ། འཁྱམ་པོ་དང་སློང་མོ་བ་སོགས་ཀྱི་དམིགས་བསལ་ཚོགས་སྤྱིར་དོ་ཁུར་བྱ་དགོས། “རོགས་སྐྱོབ+རྒན་གསོ+དགེ་སྒྲུབ+བྱིས་པའི་ཕན་བདེ”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་འཚོལ་ཞིབ་ཧུར་ཐག་བྱས་ནས། རིམ་པ་དང་རིགས་བགོས་ནས་རོགས་སྐྱོབ་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུ་མ་ལག་གི་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས་ཉེན་ཁ་ཚབས་ཆེན་གྱི་རོགས་སྐྱོབ་ཆུ་ཚོད12ནང་ལན་འདེབས་རྒྱུ་དང་ཆུ་ཚོད24རིང་རོགས་སྐྱོབ་བྱེད་པ་ལག་ལེན་བསྟར་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་ཞུ་བར་འཇུག་སྒོ་ཡོད་པ་དང་། དུས་ཐོག་ཏུ་རོགས་སྐྱོར་ཐོབ་པ། ཕྱོགས་ཡོངས་ནས་རོགས་སྐྱོར་བཅས་བྱས་ཏེ་གཞི་རྩའི་དམངས་འཚོའི་འགན་སྲུང་ལ་སྔར་ལས་དྲོད་ཚད་ལྡན་པར་བྱ་དགོས། 

སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་རྗེས་བསྐྱར་སྐྲུན་དམ་འཛིན་ཡག་པོ་བྱས་ནས། གནོད་ཁུལ་གྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པར་བྱེད་དགོས། ཟླ“1.08”ཉིན་གྱི་རིམ་པ6.9ཡི་འཇུ་ལག་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོར་བཀོད་སྒྲིག་དང་། ཐོན་སྐྱེད་དང་འཚོ་བ་སླར་གསོའི་ལས་དོན་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས། མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་སོགས་གཞི་རྩའི་འཚོ་བར་འགན་ལེན་བྱ་དགོས། གནོད་རྗེས་བསྐྱར་སྐྲུན་འཆར་འགོད་དང་གནོད་འགོག་གནོད་སེལ་གྱི་འཆར་འགོད་བཟོ་བའི་ལས་དོན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ལས་གཞིའི་རྒྱབ་སྐྱོར་ལ་བརྩོན་ལེན་ཧུར་ཐག་བྱེད་དགོས་ཤིང་། གནོད་འཚེ་ཕོག་ཚད་ལ་གཞིགས་ནས་གས་སྐྱོན་ཕོག་པའི་ཁང་བ་བཤིག་པ་དང་། ཇེ་བརྟན་དུ་གཏོང་བ། ཉམས་གསོ། སྒྱུར་བཀོད་བཅས་བྱས་ཏེ་གནོད་རྗེས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་བློ་སེམས་བདེ་ཞིང་འཚོ་བ་སྐྱིད་པོ་རོལ་དུ་འཇུག་དགོས།

(དྲུག)སྤྱི་ཚོགས་བཅོས་སྐྱོང་ལེགས་བཅོས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། བདེ་འཇགས་ཀྱི་མ་མཐའ་བརྟན་པོར་སྲུང་དགོས། བདེ་འཇགས་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུར་གཞི་ཚུགས་ཏེ། ལྷོད་གཡེང་སྤུ་ཙམ་མེད་པར་མ་མཐའ་སྲུང་བ་དང་ཉེན་ཁ་སྔོན་འགོག་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས།  

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གཏིང་ཟབ་ཏུ་བཏང་ནས། སྤྱི་ཚོགས་ཀྱི་བློ་ཁ་ཕྱོགས་ཤུགས་གཅིག་ཏུ་སྒྲིལ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཕུང་བོ་གཅིག་གི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་བཏོད་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ཁག“མཉམ་སྡོད་དང་མཉམ་སློབ། མཉམ་སྒྲུབ། མཉམ་སྐྱིད”བཅས་བྱས་ནས“ཁ་འབྲལ་ཐབས་མེད་པ་གསུམ”དང“ངོས་འཛིན་གཅིག་མཐུན་ལྔ”དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་འཇགས་དགོས། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བའི་བྱ་སྤྱོད་ལག་བསྟར་དང་། “གཞིས་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས”སོགས་ཀྱི་ཞབས་ཞུའི་ལས་སྟེགས་འཛུགས་པ་དང་། མི་རིགས་ཁག་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་དང་གཞིས་ཁུལ་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་བསྣན་ནས“འཆམ་མཐུན་དགོན་པ”དང་། “བདེ་འཇགས་དགོན་པ” “ལྗང་མདོག་དགོན་པ”བཅས་གསར་གཏོད་བྱེད་པའི་བྱེད་སྒོ་ཟབ་སྤེལ་དང་། “ཆོས་སྲོལ་འཛུགས་སྐྱོང་ལོའི”བྱེད་སྒོ་དང་ཆོས་ལུགས་ལས་དོན་མི་སྣའི“རེས་སྐོར་སྦྱོང་བརྡར་བཟོ་སྐྲུན”དང“གཤིས་སྐྱོང་བཟོ་སྐྲུན”ལ་སྐུལ་འདེད་བཏང་ནས་ཆོས་ལུགས་འཆམ་མཐུན་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ཡོང་བར་སྐུལ་འདེད་གཏང་དགོས།  

བདེ་འཇགས་ཀྱི་ཉེན་ཁ་དེ་ཕྱོགས་ཡོངས་ནས་དོགས་ཟོན་དང་སེལ་ཐབས་བྱས་ཏེ། སྤྱི་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་གཏང་དགོས། ལས་འཛོལ་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་དང་། གནད་དོན་གྱི་ཞན་ཆར་དམིགས་ནས། “གཙང་བཤེར་རྣམ་པའི”འགན་འཁྲི་ལག་བསྟར་མུ་མཐུད་དུ་ཁྱབ་སྤེལ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁའི་སྔོན་འགོག་ལ་ཤུགས་བསྣན་ནས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་དང་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཁྱབ་བཤེར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོ་བྱེད་པར་སྐུལ་འདེད་གཏང་དགོས། འཕྲལ་མྱུར་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཁུལ་གྱི་ཐོལ་བྱུང་དོན་རྐྱེན་འཚུབ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། འཚུབ་བསྟུན་སྔོན་ཇུས་དང་དང་ལེན་གོ་རིམ་འཐུས་ཚང་དུ་གཏོང་བ། འཚུབ་བསྟུན་ཐོལ་བྱུང་དོན་རྐྱེན་གྱི་ཐག་གཅོད་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།  

བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་བརྟན་བརླིང་རང་བཞིན་ཇེ་ཆེར་གཏང་དགོས། རྒྱལ་ཁབ་བདེ་འཇགས་སྐོར་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས“ངོ་རྒོལ་གཉིས་དང་སྔོན་འགོག་བཞི”ཡི་ཆེད་དམིགས་འཐབ་རྩོད་ཟབ་སྤེལ་བྱེད་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་མི་དམངས་མཁའ་ཟོན་ལས་དོན་ལ་སྐུལ་འདེད་བཏང་ནས་གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་ཏུ་གཏང་དགོས། ཁྲིམས་ལྟར་ཁུལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པ། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཁུལ་དང་རྫོང་གི་གྲོང་གསེབ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། ཡིག་སྐུར་ངོ་བཅར་ལམ་ལུགས་བཅོས་སྒྱུར་དང་གསར་གཏོད་བྱས་ཏེ་འགལ་བ་དང་རྩོད་གཞི་འདུམ་སེལ་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། རྒྱུན་རྣམ་ཅན་གྱི་ནག་སེལ་ངན་འཇོམས་ཀྱི་འཐབ་རྩོད་སྤེལ་བ་དང་། དྲ་འབྲེལ་དང་མང་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གསར་བར་རྡུང་རྡེག་ཚ་ནན་བཏང་ནས་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། འབྲུ་འབྲེལ་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ཟས་རིགས་དང་སྨན་རྫས། དམིགས་བསལ་སྒྲིག་ཆས། སྤུས་ཚད་བདེ་འཇགས་སོགས་ཆེད་དམིགས་བཅོས་སྐྱོང་ཟབ་སྤེལ་བྱས་ཏེ། ཚོང་རའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་དགོས།  

གསུམ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས།

འཕེལ་རྒྱས་ཀྱི་དུས་མཚམས་གསར་བས་སྲིད་གཞུང་གི་ལས་དོན་ལ་བླང་བྱ་གསར་བ་བཏོན་ཡོད་པས་ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱང་སྐྱོད་ཀྱི་ལམ་ཁ་གསར་བའི་ཐོག་རྣམ་པ་གསར་བ་དང་ལས་ཚུལ་གསར་བ་གཏོད་དགོས། 

བློ་དཀར་སྲིད་སྐྱོང་མཐའ་འཁྱོངས་བྱས་ཏེ། ལག་བསྟར་ནུས་ལྡན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞིར་བརྩིས་ནས། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། “འདུ་ཤེས་བཞི”ཇེ་ཟབ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ང་ཚོའི་“འགན་འཁུར་སྟོན་གྲངས”དེ་མང་ཚོགས་ཀྱི“ཡིད་ཆེས་སྟོན་གྲངས”ལ་བརྗེ་གང་ཐུབ་བྱེད་དགོས།

ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ཏེ། དམངས་དོན་དུ་སྲིད་སྐྱོང་བ་དང་། ཡོངས་བསྒྲགས་དང་གསལ་ཆ་ལྡན་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ཟབ་མོ་དང་། སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཐབས་ཇུས་གལ་ཆེན་གྱི་གོ་རིམ་གཏན་འབེབས་ལག་བསྟར་དང་། སྲིད་དོན་ཡོངས་བསྒྲགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བཞིན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་། ལས་ཀའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་རྟོགས་ངང་དང་ལེན་བྱེད་པ། སྐོར་གཟིགས་སྐོར་དཔྱོད་དང་། སྒྲིག་ཁྲིམས་ལྟ་ཞིབ། རྩིས་བཤེར། མང་ཚོགས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱས་ཏེ། ང་ཚོའི“དྲང་གཞག་སྟོན་གྲངས”དེ་མང་ཚོགས་ཀྱི“ཡིད་ཚིམ་སྟོན་གྲངས”ལ་བརྗེ་གང་ཐུབ་བྱེད་དགོས།   

དངོས་སྒྲུབ་སྲིད་བརྩོན་མཐའ་འཁྱོངས་བྱས་ནས། སྤྱོད་ཚུལ་བཟང་བ་དང་འགན་འཁྲི་འཁུར་ཕོད་པའི་སྲིད་གཞུང་འཛུགས་སྐྱོང་གང་ཐུབ་བྱེད་དགོས། “སྤྱོད་ཚུལ་བཞི”ཡོ་བསྲང་ལྷོད་མེད་བྱེད་པ་དང་། ལས་བྱེད་པའི་འགན་འཁྲི་འཁུར་སེམས་ལ་སྐུལ་ལྕག་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བཞིན་ལས་བྱེད་པའི་“འཇོན་ཐང་ཆེན་པོ་བརྒྱད”ཇེ་ཆེ་དང་། “ནུས་པ་རིགས་བདུན”ཇེ་མཐོར་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། སྒོ་ཕྱེ་ནས་གཞུང་དོན་སྒྲུབ་པ་དང་རང་འགུལ་ངང་གཤམ་འོག་ལ་འཚམས་འདྲི་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དག་ཐག་གཅོད་བྱས་ནས་ང་ཚོའི“དཀའ་ངལ་སྟོན་གྲངས”དེ་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”ལ་བརྗེ་གང་ཐུབ་བྱེད་དགོས།

སྲིད་དོན་ནན་སྐྱོང་མཐའ་འཁྱོངས་བྱས་ནས། སྤྱོད་གཙང་སྤྱི་གཞོལ་དང་སྤྱོད་གཙང་གཞུང་དྲང་གི་སྲིད་གཞུང་འཛུགས་སྐྱོང་གང་ཐུབ་བྱེད་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། བཀག་སྡོམ་མེད་པ་དང་ཡོངས་སུ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་ལས་མི་འདོད་པ་དང་། དལ་ལས་བྱེད་པ། གང་བྱུང་དུ་སྒྲུབ་པ་བཅས་ཀྱི་ཕྱོགས་ལྷུང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་བཞིན་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ཐག་གཅོད་ནན་པོ་བྱེད་པ་དང་། ཉེ་གཙང་སྲིད་ཚོང་གི་འབྲེལ་བ་ལེགས་པོ་འཛུགས་པ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་བསྐྲུན་ནས་ང་ཚོའི“སྤྱོད་གཙང་སྟོན་གྲངས”དེ་མང་ཚོགས་ཀྱི“ཁས་ལེན་སྟོན་གྲངས”ལ་བརྗེ་གང་ཐུབ་བྱེད་དགོས།

འཐུས་མི་རྣམ་པ། ལོ་བརྒྱ་ཅན་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འཐབ་ལམ་གསར་བའི་མགོ་རྩོམ་དགོས། རླབས་ཆེན་གྱི་རྒྱང་སྐྱོད་གསར་བའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པ་དང་། སྐྱེ་ཁམས་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱེད་པ།  སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་རྒྱུ་དེ་དམིགས་ཚད་དུ་བྱེད་པ་བཅས་མཐའ་འཁྱོངས་བྱེད་བཞིན་བློ་གཅིག་སེམས་གཅིག་དང་། ཇུས་ཤུགས་མཉམ་འདོན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་དགོས།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།