བོད་ཡིག    |    རྒྱ་ཡིག

2023ལོའི་སྲིད་གཞུང་ལས་དོན་སྙན་ཞུ།

2023-03-01 14:51:01   |   1003

རྩོམ་སྒྲིག  སངས་དོན།      ལོ་ཙཱ།  ཀླུ་མོ་མཚོ།     བཤེར་འབེབས།  རྡོ་རྗེ་བྱམས།


——2023ལོའི་ཟླ2ཚེས22ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག

ཁུལ་དཔོན་ཚབ་མ།   ཀྲང་ཧྲིང་ཡོན།

འཐུས་མི་རྣམ་པ།

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་བ་དང་། ད་དུང་སྲིད་གྲོས་ཨུ་ཡོན་རྣམ་པ་དང་གྲོས་ཚོགས་སུ་ཟུར་ཞུགས་བྱེད་པའི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་འདོན་རོགས་ཞུ། 

གཅིག  2022ལོའི་ལས་དོན་ལ་ཕྱིར་དྲན།

2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་པའི་ལོ་ཞིག་ཡིན་ལ། “ལྔ་བཅུ་བཞིའི”འཆར་འགོད་ལག་བསྟར་མགྱོགས་སུ་གཏོང་བ་དང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུའི་སྲ་བརྟན་གྱི་མགོ་ཁྲིད་དང་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་རྒྱབ་སྐྱོར་འོག་གཙོ་གནད་མངོན་གསལ་དང་སྡོམ་འགོད་སྙོམས་གཟིགས་བྱས་ཏེ། སྟོབས་ཤུགས་ལྡན་ཞིང་གོ་རིམ་ལྡན་ལ་ནུས་ལྡན་གྱི་སྒོ་ནས“འདེགས་གསུམ་སེལ་གཅིག་སྒྱུར་གཉིས”ཀྱི་འགུལ་སྐྱོད་ཆེན་པོ་དྲུག[1]ལག་བསྟར་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་པོར་ལེགས་སུ་ཕྱིན་ཡོད། ཁུལ་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར100.77ལེགས་འགྲུབ་བྱས་པ་དེ་དུས་མཚུངས་སུ0.3%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར49.35བཏང་བ་དེ་དུས་མཚུངས་སུ14.1%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར29.32ཡོད་པ་དེ་དུས་མཚུངས་སུ0.4%འཕར་བ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་ཡོང་འབབ་སྒོར24917ལ་སླེབས་པ་དེ་དུས་མཚུངས་སུ5%འཕར་བ། ས་གནས་ཀྱི་སྤྱི་བའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.59ཡིན་པ་དེ་དུས་མཚུངས་སུ1.9%འཕར་ཡོད།

(གཅིག)ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་འདེགས་འགུལ་སྐྱོད་སྤེལ་ནས་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ།

སྐྱེ་ཁམས་སྲུང་སྐྱོང་མ་ལག་སྐུལ་འདེད་བཏང་ཡོད། རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། “ཐིག་གསུམ་ཐོ་གཅིག”[2]སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་སྡོམ་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། དགོ་དམར་སྲུང་སྐྱོང་དང་མཚོ་སྔོན་པོའི་མཚེའུ་བཀག་ཉ་གསོ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ། རྒྱལ་ནང་དུ་གསའ་ཕྱི་རོལ་དུ་བཏང་བའི་སྲུང་སྐར་རྟོག་འཇལ་ཐེངས་དང་པོ་མངོན་འགྱུར་བྱས། མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་དོང་དང་པོ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི“སྲ་བརྟན་མཐོར་གཏོང་ལོ”ཞེས་པའི་འགུལ་སྐྱོད་སྤེལ་བ་དང་། ས་དུམ་རིགས་མཚུངས232བཅོས་སྒྲིག་བྱས་པ་ཚང་མ་ཞིང་ཆེན་རིམ་པའི་རྩིས་ལེན་དང་ཕྱོགས་གསུམ་པའི་དཔྱད་དཔོག་བྱས་པ་བརྒྱུད་ལས་ཀའི་ཕན་འབྲས་ལ་ཀྲུང་དབྱང་གི“ཕྱིར་མིག་ལྟ་བའི”ལས་དོན་ཚན་ཆུང་གི་ཁས་ལེན་ཐོབ་ཡོད།

ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མངོན་མགོ་བརྩམས། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་ཁག24དང་རྨ་ཆུའི་ཉེན་བརྡའི་གློག་བརྙན་ནང་གནད་དོན་ཁག4བཅོས་སྒྲིག་བྱས་ནས་ཨང་ཐོ་བསུབས་ཤིང་། རྨ་ཆུའི“ལུས་བཤེར”གྱི་ལྡོག་ལན་གནད་དོན་ཁག85བཅོས་སྒྲིག་བྱས་ནས་ཁག61གི་ཨང་ཐོ་བསུབས་ཡོད། “ཁོངས་ཡོངས་ཁོར་ཡུག་ལེགས་བཅོས་དང་དག་སྣང་མཚོ་བྱང་མཛེས་སྒྱུར”གྱི་གཙང་སྦྲ་ཆེན་པོའི་ཆེད་དོན་འགུལ་སྐྱོད་སྤེལ་ཞིང་། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་རྟོག་འཇལ་དྲ་རྒྱ་སྔར་བས་འཐུས་ཚང་དུ་བཏང་ནས། སྲ་གཟུགས་ཟོག་རོ་ཉུང་འཕྲི་ཅན་དང་གནོད་མེད་ཅན། ཐོན་ཁུངས་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། ཁོངས་ཡོངས་ཀྱི་འགྱིག་ཆས་བཀག་སྡོམ་དང་ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་ལ། ལོ་ཏོག་གི་སོག་མའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དང་ཞིང་ཁའི་འགྱིག་རོ།  ཞིང་ཞོར་ཐོན་རྫས་ཐུམ་སྒྲིལ་གྱི་ཟོག་རོ་ཚུར་བསྡུ་བྱེད་ཚད་བཅས་ཚང་མ90%ཡན་ཟིན་པ་དང་།    མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས97.4%་ཟིན་ལ།    རྒྱུག་ཁུལ་གཙོ་བོའི་ཚོད་འཛིན་ཆད་ངོས་ཀྱི་ཆུ་སྤུས100%སླེབས་ཡོད་པ་བཅས་བྱུང་ཡོད།

སྐྱེ་ཁམས་གཞན་སྒྱུར་གྱི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱས་ཡོད། ཐཱན་འཕྲི་གཏོང་ཉུང་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཉིང་པེ་གློག་འདོན་ཐང་ཧུའུ་གློག་གི་བཟོ་གྲྭ་དེ་རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་རར་ཚུད་ཡོད་ལ། རྩྭ་ཐང་གི་ཐཱན་འདུས་རྣམ་གྲངས་ཐོག་མ་དེ་རྐང་ཚ་རུ་བཙུགས། མདོ་ལ་རྫོང་གི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས། རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.4བཏང་བ་དང་། རྩྭ་ཐང་དང་འདམ་ས། ནགས་ཚལ། ཐང་རྒོད་སོགས་ཁྱོན་ཡོངས་ལ་ཁྱབ་པའི་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་མགོ་བརྩམས། སྐྱེ་ཁམས་གནས་སྐོར་དང་སྐྱེ་ཁམས་ཉམས་ལེན། སྐྱེ་ཁམས་སྲུང་སྐྱོབ་བཅས་བརྟན་པོར་འཕེལ་རྒྱས་སུ་ཕྱིན་ཡོད། མཚོ་བྱང་གི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས80.44ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་ཨང་རིམ་གསུམ་པར་འཕར་ཡོད།

(གཉིས།)མཉམ་འདྲེས་འཕེལ་རྒྱས་ཀྱི་ཚད་གཞི་མཐོར་གཏོང་འགུལ་སྐྱོད་ཀྱིས་མཚོ་བྱང་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

སྐྱེ་ཁམས་ཞིང་ཕྱུགས་ལས་གོམ་པ་བརྟན་པོར་རིམ་འཕར་བྱུང་། འབྲུ་རིགས་ཐོན་སྐྱེད་ཀྱི་སྤུས་ཚད་གོམ་པ་བརྟན་པོར་མཐོ་རུ་བཏང་ནས་རྨོ་ཞིང་མུའུ་ཁྲི87.02གྱི་གྲངས་འབོར་བརྟན་པོ་རྒྱུན་འཁྱོངས་བྱས་པ་དང་། འབྲུ་རིགས་ལོ་ཏོག་རྒྱ་ཁྱོན་གྱི་བསྡུར་ཚད་ལོ་གོང་མའི37%ནས38.3%བར་འཕར་ལ། ནས་ཀྱི་ཐོན་འབོར་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད34%རུ་སླེབས་ཡོད། ཕྱུགས་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རར་འཚུད་ནོར་ལུག་ཁྲི382.9ཡོད་པ་དེ་མཚག་ཐོན་ཚད་སོ་སོར28.26%་དང38.72%ལ་སླེབས་པ་དང་། མཚག་ཐོན་གྲངས་འབོར་དེ་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད18%དུ་སླེབས་ཡོད། མདོ་ལ་རྫོང་གི་རྒྱལ་ཁབ་རིམ་པའི་བོད་ལུག་ཁྱད་ལྡན་ལེགས་ཆའི་ཁུལ་རྒྱལ་ཁའི་ངང་བསྐྲུན་པ་དང་། འཇུ་ལག་རྫོང་གི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་རྒྱལ་ཁབ་ཀྱི་དུས་དཀྱིལ་དཔྱད་དཔོག་གི་ཚད་ལོངས་ཡོད་ལ། རྐང་ཚ་རྫོང་གི་རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་དང་མདའ་བཞི་རྫོང་གི་འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། མདའ་བཞི་རྫོང་གི་བོད་ལུག་ཁྲི10དང་རྐང་ཚ་རྫོང་གི་ནོར་གནག་ཁྲི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞིའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཏེ།  གྲངས་འབོར་ཆིག་སྟོང་ཡན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་རྟེན་གཞི་ཁག34རུ་སླེབས་ཡོད་པ་དང་།  རྩྭ་ས་མུའུ་ཁྲི1770ལ་བསྐྱར་དུ་སྐྱེ་ལྡན་ཁས་ལེན་ར་སྤྲོད་ཐོབ། “ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”[3]གི་ཞིང་ཕྱུགས་ཐོན་རྫས102སླེབས་པ་དང་།  བོད་ལུག་ནོར་གནག་གི་ཐོག་མའི་ཐོན་ཡུལ་ཁུངས་འདེད་མ་ལག་ལས་སྟེགས་ཐོག་མར་བསྐྲུན།    “5+8+N”ཐོན་ལས[4]དཔེ་ཚུལ་གཞི་རྩའི་ཆ་ནས་གྲུབ་ལ།    ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གྱི་ཕན་འབྲས་མངོན་མགོ་བརྩམས་པ་དང་། རང་ཁུལ་དང་མདོ་ལ་རྫོང་སོ་སོར་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་དང་དཔེ་སྟོན་རྫོང་དུ་གཏན་ཁེལ་བྱས། ཞིང་ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་45.05མངོན་འགྱུར་བྱུང་བ་དེ་དུས་མཚུངས་སུ་4.6%འཕར་ཡོད།

ལྗང་མདོག་བཟོ་གཏེར་གྱིས་འགན་ལྕི་འཁུར་ནས་མདུན་དུ་བསྐྱོད། བཟོ་ལས་དཔལ་འབྱོར་གོམ་པ་བརྟན་པོར་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་10དང་ཁེ་ལས་ཆེ་འབྲིང་ཆུང་གསུམ་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་ཁག10བཏོན་ཞིང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་རོགས་སྐྱོར་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི1909.14དོན་འཁྱོལ་བྱས་པ་དང་། གཞི་ཁྱོན་ལྡན་པའི་ཁེ་ལས5་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དུད་ཚང59དང་། ཞིང་ཆེན་རིམ་པའི“ཆེད་ཞིབ་ཁྱད་གསར”གྱི་ཁེ་ལས་འབྲིང་ཆུང1སྐྱེད་སྲིང་བྱས་བས། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་ཆག་ཚད་རྒྱུན་མཐུད་ངང་ཇེ་ཆུང་དུ་ཕྱིན་ཡོད།  བཟོ་གཏེར་ཁེ་ལས་ཀྱི་བཀོད་གཏོང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྔ་མོག་རྡོ་སོལ་གཏེར་ཁ་དངོས་སུ་བསྐྱར་གསོ་བྱས་ལ། རྐང་ཚ་རྫོང་གི་རྒྱལ་ནང་གི་མཐོ་སྒང་མི་མེད་གནམ་གྲུའི་མ་ལག་བཤེར་འཇལ་ལྟེ་གནས་ཀྱི་རྣམ་གྲངས་ཐོག་མ་དེ་ལེགས་གྲུབ་བྱུང་བས་ལག་བསྟར་བྱེད་ཆོག མཁོ་སྤྲོད་སྦྲེལ་མཐུད་ལས་སྟེགས་བསྐྲུན་ནས་ཁུལ་ནང་ཁུལ་གྱི་གཙོ་གནད་ཁེ་ལས་ཀྱི་ཐོན་རྫས་རང་སས་འཛད་སྤྱོད་སྒོར་ཁྲི5540ལ་སླེབས་པར་སྐུལ་འདེད་བཏང་ཡོད།

ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན། ཞིང་ཆེན་ཡོངས་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་གསུམ་པའི་དམིགས་ཚད་གཏན་ཁེལ་བྱས་ནས། ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི1030་ཡས་མས་ཀྱི་འོད་ཤུགས་གླིང་ལྔ་དང་རླུང་གློག་རྟེན་གཞི་གསུམ[5]གཙོ་གནད་ཐོག་འཆར་འགོད་བྱས་པ་དང་། ལོ་འདིའི་ནང་ནུས་ཁུངས་གསར་པའི་ཐོན་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར7.14བཏང་། རྐང་ཚའི་སྟོང་ཝ་ཁྲི320ཅན་གྱི“གློག་ཁུངས་དང་གློག་དྲ། ཐེག་ནུས། གསོག་ནུས”བཅས་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་སྟོང་ཝ་ཁྲི120ཅན་གྱི་བཟོ་སྐྲུན་ལས་ཚར་བ་མ་ཟད་སྟོང་ཝ་ཁྲི5ཅན་ལ་སྦྲེལ་བ་དང་། ཁུལ་ཡོངས་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་རིམ་རྩིས་བྱས་ན་སྟོང་ཝ་ཁྲི111བསྐྲུན་ལ།   གཞི་ཁྱོན་ལྡན་པའི་བཟོ་ལས་དང་ཁེ་ལས་ཁྲོད་ནུས་ཁུངས་གསར་བའི་ཁེ་ལས་ཀྱིས31.4%ཟིན་ཡོད། ནུས་ཁུངས་ཕྱིར་གཏོང་གི་བགྲོད་ལམ་ཤར་བགྲོད་ཐུབ་པའི་འཆར་འགོད་རྣམ་གྲངས་བརྩོན་ལེན་བྱེད་པར་དམིགས་ནས།  རྐང་ཚའི་ཆུ་ཁོལ་གྱི་ཆན་ཧྥུ330ཅན་གྱི་ཚ་ནུས་གློག་སྒྱུར་རྣམ་གྲངས་སྐྲུན་མགོ་བརྩམས་པ་དང་། མདོ་ལའི་བཙུན་མོ་གཞོང་དང་རྐང་ཚའི་བླ་མཚོའི་སྟོང་ཧྥུ330ཡི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་གཉིས་ལ་མཆན་འགོད་བཀའ་ལན་ཐོབ་ནས་སྐྲུན་རྩིས་ཡོད། ནུས་ཁུངས་གཙང་མའི་དྲོད་ལེན་ཚོད་ལྟ་ཧུར་ཐག་བྱས་པ་དང་། མདའ་བཞི་རྫོང་གི་རང་བྱུང་སོལ་རླངས་བེད་སྤྱོད་བཟོ་སྐྲུན་བསྐྲུན་ནས་སྤྱོད་མགོ་བརྩམས་ཤིང་། དྭངས་གཙང་དྲོད་ལེན་རྣམ་གྲངས་ཁག9སྐུལ་འདེད་གཏོང་བཞིན་ཡོད།

ཁོངས་ཡོངས་གནས་སྐོར་ལས་རིགས་གནོན་ཤུགས་ཀྱི་རྣམ་པ་བསྒྱུར། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པའི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། རིག་གནས་གནས་སྐོར་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག10བཏོན་པ་དང་གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག20བཏོན་ཞིང་། མདོ་ལ་དང་རྐང་ཚ་རྫོང་གཉིས་ཀྱིས་རྒྱལ་ཁབ་རིམ་པའི་ཁོངས་ཡོངས་གནས་སྐོར་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་། འཇུ་ལག་དང་མདའ་བཞི་རྫོང་གཉིས་ཀྱིས་རྒྱལ་ཁབ་རིམ་པའི་ཁོངས་ཡོངས་གནས་སྐོར་དཔེ་སྟོན་ཁུལ་གསར་འཛུགས་ལས་ཀར་སྐུལ་འདེད་བྱས།     གསེར་དངུལ་ཐང་རྩྭ་ཐང་དེ་རིག་གནས་གནས་སྐོར་པུས“གསར་བརྗེའི་རྩྭ་ཐང”ཁག་དང་པོའི་གྲས་སུ་བཅུག་པ་དང་།    “ངོ་མཚར་གྱི་མ་རྡུལ་མཁར•རྒྱལ་ཁབ་ཆེན་པོའི་རལ་གྲི་བཟོ་མཁན”ཞེས་པའི་གསར་བརྗེའི་གནས་སྐོར་ལམ་ཐིག་དེ་རྒྱལ་ཡོངས་ཀྱི“ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་གསར་བརྗེའི་གནས་སྐོར་ལམ་ཐིག་རྩེ་གྲའི”གྲས་སུ་བཅུག་ཡོད། འཇུ་ལག་རྫོང་དང་མདོ་ལ་རིང་མོའི་སྐྱེ་ཁམས་ཕྱུགས་ར་དེAཅན4རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་བདམས་ཡོད་ལ།    མདའ་བཞི་རྫོང་བྷོ་ཊའི་ལྗོངས་མུ་རིའི་ཆུ་ཚན་མགྲོན་ཁང་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་དང་པོའི་གནས་སྐོར་ཁྱིམ་ཚང་མགྲོན་ཁང་ཁག་དང་པོའི་ཁྲོད་བདམས།    མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་རྣམ་གྲངས་འཆར་འགོད་ཀྱི་འཕེལ་རིམ་གོ་རིམ་ལྡན་པ་དང་། འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་རྣམ་གྲངས7བདེ་བླག་ངང་སྐུལ་འདེད་བཏང་ཡོད། གནས་སྐོར་བ་མི་ཐེངས་ཁྲི338.83ལ་སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར16.47བྱུང་ཡོད།

དེང་རབས་ཞབས་ཞུའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་བྱུང་། ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག20བཏོན་པ་དང་། ཚོང་དོན་ཚོད་འཛིན་ཁེ་ལས4སྐྱེད་སྲིང་བྱས་ལ། “སྤྲིན་མྱུར་སྤྲོད”ཀྱིས་འཛད་སྤྱོད་སྐུལ་བའི་བྱེད་སྒོས་འཛད་སྤྱོད་སྒོར་ཁྲི500ཙམ་སྐུལ་ཁྲིད་བྱས་ཡོད། “མྱུར་སྐྱེལ་གྲོང་སྐྱོད”གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། རྫོང་དང་ཡུལ་ཚོ་ཚང་མར་མྱུར་སྐྱེལ་ཞབས་ཞུ་ཁྱབ་པ་དང་། སྲིད་འཛིན་སྡེ་བར་ཁྱབ་ཚད76.17%ལ་སླེབས་ཡོད། དྲ་གྲགས་ཐད་གཏོང་གིས་ཚོང་ཟོག་འཚོང་བར་སྐུལ་མ་བཏང་ནས་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར1.17བྱུང་བ་དང་། “མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་སྐྱོད་པ”ཡི་འགྲེམ་འཚོང་གྲོས་ཚོགས་འཚོགས་ནས། མཚོ་བྱང་གི་ཁེ་ལས50ཡིས་ཧྲན་ཏུང་གི་ཚོང་ར་ཆེ་གྲས20ལྷག་དང་མཁོ་འཚོང་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་བཏང་བ་དང་། མཚོ་བྱང་གི་ཐོན་རྫས་གྲགས་ཅན་སྣ་ཁ300ལྷག་ལ“དྲ་འཚོང+་ཐད་གཏོང+མངག་ཐོ”བཅས་ཀྱི་ལམ་ནས་ཚོང་བྲིན་པའི་མྱུར་བགྲོད་གཞུང་ལམ་དུ་ཞུགས་ཡོད་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.63མངོན་འགྱུར་བྱུང་ཡོད། 

(གསུམ།)མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་མགྱོགས་སུ་བཏང་ནས་མཚོ་བྱང་གི་ཡུལ་གྲོང་སྤུས་ཚད་མཐོ་རུ་བཏང་བ།

རྨང་བརྟན་རྣམ་གྲངས་འགག་སྒྲོལ་ནུས་ལྡན་བྱུང་། “དམིགས་འབེན་གཅིག་དང་གསལ་ཐོ་གསུམ། ལྷུ་ཚིགས་བཞི”[6]ཡི་དགལ་རིས་དམག་འཐབ་རྐྱེན་སྲོལ་བཙུགས་ནས། རྣམ་གྲངས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གཙོ་གནད་རྣམ་གྲངས་ཀྱི་མགོ་ཁྲིད་འགན་ལེན་མཉམ་འབྲེལ་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། འཇུ་ལག་རྫོང་ལུའུ་ཆིང་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་དང་ནུབ་མཚོ་གྲོང་རྡལ་འཇུ་ལག་ལམ་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཀྱི་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་བཏང་ཞིང་། ཁུལ་རིམ་པའི་གཙོ་གནད་རྣམ་གྲངས32ལ་མ་དངུལ་སྒོར་དུང་ཕྱུར35.7བཏང་། འཇུ་ལག་གི“1•08”ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། སླར་གསོ་བསྐྱར་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར25.5དོན་འཁྱོལ་བྱས། རྣམ་གྲངས་རིགས་ཆེ་གྲས་བདུན་ཅན་ཁག66ལག་བསྟར་བྱས་པ་དང་། རོང་འབྲོག་པའི་དུས་ཚང632ཀྱི་སྡོད་ཁང་འགྲུབ་ནས་མི་བསྡད་ཡོད་ལ། སྡོད་ཚད47.71%ཡིན། ཡུལ་གྲོང་རྨང་གཞིའི་ཞན་ཆ་གསབ་རྒྱུར་གཞི་ཚུགས་ནས་འགྲིམ་འགྲུལ་དང་སློབ་གསོ། འཕྲོད་བསྟེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་མཛོད་གསར་སྒྱུར་ལེགས་སྒྱུར་བྱས་ནས་ཁུལ་ཡོངས་སུ་གསོག་འཇོག་རྣམ་གྲངས1285སླེབས་པ་དང་། ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2323བཏང་ཡོད།

མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་། མཁར་གྲོང་འཛུགས་སྐྲུན་འཆར་འགོད་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཞིང་། མཁར་གྲོང་གི་གཞིས་ཁུལ་རྙིང་པ89སྒྱུར་བཀོད་བྱས་པ་དང་། ས་ཁང་བདག་ཁོངས་སྨི་གྲུ་བཞི་མ་ཁྲི8.47་གསར་སྤེལ་བྱས་ལ། འཇུ་ལག་རྫོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ་རྒྱས་སྐྲུན་བཟོ་སྐྲུན་འགྲུབ་ནས་རྩིས་ལེན་བྱས་པ་དང་། མདོ་ལ་རྫོང་མཁར་གྱི་གད་སྙིགས་སྦེད་ས་གཉིས་པ་དང་། འཇུ་ལག་རྫོང་བྱེ་སྣ་སྔོ་ལྡང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་གད་སྙིགས་སྦེད་ས་འཛུགས་སྐྲུན་རྣམ་གྲངས་བཅས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ལ། འཛུགས་སྐྲུན་ཁུལ་གྱི་གྲོང་སྲིད་བགྲོད་ལམ་སྤྱི་ལེ221.63སླེབས་པ་དང་ཚ་དྲོད་མཁོ་འདོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི650.9སླེབས་པ་སང་། ཆུ་འདོན་ཁྱབ་གདལ་ཚད99%རུ་སླེབས་ཡོད།  འཚོ་བའི་བཙོག་ཆུ་དང་གད་སྙིགས་གནོད་མེད་ཅན་དུ་སྒྱུར་ཚད་སོ་སོར89%དང96%ཟིན་ཡོད།    སྐྱེད་ཚལ་གྱི་མཛེས་ལྗོངས་དཔེ་ཚུལ་ཐོག་ནས་མཁར་གྲོང་སྔོ་ལྗང་ཅན་དུ་བསྒྱུར་ཞིང་། འཛུགས་སྐྲུན་ཁུལ་དུ་ལྗང་སྒྱུར་ཁྱབ་ཚད28.33%དུ་སླེབས་ཡོད།

གྲོང་གསེབ་དར་སྤེལ་སྦྲེལ་མཐུད་གོ་རིམ་ལྡན་པ། “185”ལས་དོན་གྱི་རིགས་ལམ་[7]ཐོག་མར་བཏོད་པ་དང་། “4+1+N”འགན་གཙང་ལེན་ལས་དོན་རྐྱེན་སྲོལ[8]་བཙུགས་པ། སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར5.22དོན་འཁྱོལ་བྱས་པ། རྣམ་གྲངས162ལག་བསྟར་བྱས་པ། ཁུལ་ཡོངས་ཀྱི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཡོད་ཚད་ཀྱི་ལོའི་ཡོང་འབབ་སྒོར་ཁྲི20ཡན་རྒྱུན་འཁྱོངས་ཐུབ་པ། རོང་འབྲོག་པའི་དུད་ཚང4000ཡི་སྡོད་ཁང་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་བཅས་མུ་མཐུད་དུ་སྲ་བརྟན་དུ་བཏང་ཡོད། རྒྱུན་རྣམ་ཅན་གྱིས་དབུལ་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་བྱས་པ་དང་། རྟོག་འཇལ་དུད་ཚང་གི་ཉེན་ཁ་སེལ་ཚད52.2%ཡིན་ལ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་བྱེད་པའི་མཐའ་ཚད་སྲུང་ཐུབ་པ་བྱུང་ཡོད། གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་གོམ་པ་བརྟན་པོར་འཕར་རྒྱུར་སྐུལ་འདེད་བཏང་ནས། དབུལ་ཐར་དུད་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16386ཡིན་པ་དེ་དུས་མཚུངས་སུ8.44%འཕར་ཡོད་ལ། འཕར་ཚད་དེ་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས1.17་གྱིས་མཐོ་བ་ཡོད། གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བ30དང་གནས་སྐོར་དཔེ་སྟོན་སྡེ་བ8ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། འཇུ་ལག་རྫོང་གི་གསེར་ལུང་སྡེ་བ་དང་མདོ་ལ་རྫོང་གི་ཁྲ་གཟེབ་ལུང་སྡེ་བ། རྐང་ཚ་རྫོང་གི་དཀོན་ལོ་ཚང་གོང་མ་སྡེ་བ། མདའ་བཞི་རྫོང་གི་གསེར་ཐང་སྡེ་བ་སོགས་དཔེ་སྟོན་དཔེ་མཚོན་སྐོར་ཅིག་བཏོད་ཡོད།

(བཞི།)ཁྲོམ་རའི་ཞབས་ཞུའི་འགོག་རྐྱེན་སེལ་བའི་འགུལ་སྐྱོད་ཀྱིས་མཚོ་བྱང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ། 

སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། ཞབས་ཞུའི་དོན་ཚན101གི“སྒེའུ་ཁུང་གཅིག་གིས་སྒྲུབ་གཉེར”མངོན་འགྱུར་བྱུང་ཞིང་། ཚོང་རའི་བྱེད་པོའི“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་བཙུགས་ནས།“རེ་ཞུ་ཐེངས་གཅིག”དང“ཉིན3རིང་སྒྲུབ་ཚར་བ”མངོན་འགྱུར་བྱུང་ཡོད་ལ། ཁྲོམ་རའི་བྱེད་པོ2865གསར་དུ་བྱུང་ཡོད། བྱ་ལས་སྡེ་ཚན་གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་དང་། “སྲིད་གཞུང་དང་ཁེ་ལས་ལོགས་འབྱེད”ལ་དམིགས་ནས་གཞུང་དབང་ཁེ་ལས་དང་གཞུང་དབང་མ་རྩ་སྒྱུར་བཅོས་བྱས་ཤིང་། རྒྱལ་ཁབ་མ་འཇོག་སོགས་སྤྱི་གཉེར8ཀྱིས་འཐབ་ཇུས་བསྐྱར་སྒྲིག་ལེགས་གྲུབ་བྱུང་ལ། འགྲིམ་འགྲུལ་མ་འཇོག་དང་ཞིང་ལས་མ་འཇོག་སྤྱི་གཉེར་བཙུགས་ཡོད། ཞིང་ཆེན་ཡོངས་ཀྱི་ཁག་དང་པོའི་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས8རང་ཁུལ་དུ་བཙུགས་པ་དང་། ཚན་སྤེལ་སློབ་གསོའི་རྟེན་གཞི1སྐྱེད་སྲིང་བྱས་ལ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། 

ནོར་ཁྲལ་དངུལ་རྩ་གོམ་པ་བརྟན་པོར་འཁོར་སྐྱོད་བྱུང་། “ཡོངས་གསུམ”གྱི་སྔོན་རྩིས་ལས་རྗེས་དོ་དམ་མ་ལག[9]གཞི་རྩའི་ཆ་ནས་བཙུགས་པ་དང་། ཁུལ་རིམ་པའི་ནོར་སྲིད་དོ་དམ་གྱི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་ལོ་གཉིས་ལ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོ་82.49%ཟིན་པ་དང་། སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་རིགས་ཁག་གི་ཁྲལ་གྲོན་སྒོར་དུང་ཕྱུར1.92ཕྱིར་འཐེན་དང་ཉུང་འཕྲི། གཅོག་པ། ཕྱིར་འགྱངས་བཅས་བྱས། སྲིད་དངུལ་ཁེ་གསུམ་གྱི་སྦྲེལ་མཐུད་གྲོས་ཚོགས་ཐེངས7ལ་མ་དངུལ་སྒོར་དུང་ཕྱུར10.57གྱི་བསམ་ཚུལ་རང་བཞིན་གྱི་གྲོས་མཐུན་བཞག་ཅིང་། ཁྲོམ་རའི་བྱེད་པོའི་ཡིད་ཆེས་ཆེ་རུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་ཟམ་བརྒལ་ཐེབས་རྩ་ཐོག་མ་བཙུགས་ནས་དངུལ་བུན་སྒོར་དུང་ཕྱུར1.54བཏང་བ་དང་། “པེ་རུན་རོགས་སྡུད་དངུལ་རྩ”ལས་སྟེགས་ཀྱིས་ཁེ་ལས་ཆུང་ཕྲན་ལ་དངུལ་སྒོར་དུང་ཕྱུར2.57བསྡུས་ལ། པེ་རུན་ཁག་ཐེག་སྤྱི་གཉེར་གྱིས་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར5.64གསར་སྣོན་བྱས་པ་དང་། རིམ་རྩིས་བྱས་ན་གུན་སྐྱོབ་གྲོན་དངུལ་སྒོར་ཁྲི2486.57མར་ཆག་པས། དངོས་གཞིའི་དཔལ་འབྱོར་གྱི་རང་སྤེལ་ནུས་པ་ཆེ་རུ་བཏང་ཡོད།

སྒོ་འབྱེད་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན། ཚོང་འགུག་མ་འདྲེན་ལ་སྐུལ་མ་གཏོང་ཐབས་དང་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས་ཁག29བཏོན་ནས། ཚོང་འགུག་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར13.64གནས་སར་འབྱོར་ཡོད། “མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་གྲོས་ཚོགས”ཀྱི་གན་རྒྱ་བཞག་པའི་རྣམ་གྲངས23དང་མ་དངུལ་སྒོར་དུང་ཕྱུར32.9བྱུང་བས། ཉེ་བའི་ལོ་ལྔའི་རིང་གི་ཆེས་མཐོ་ཤོས་ཡིན་ལ། རྣམ་གྲངས་ལག་བསྟར་བྱེད་ཚད་དང་ལས་མགོ་རྩོམ་ཚད། མ་དངུལ་གནས་སར་འབྱོར་ཚད་བཅས་ཚང་མ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཆེད་དོན་འཛིན་གྲྭའི“བུ་རྫི་རྣམ་པའི”ཞབས་ཞུས་ཕྱི་ཕྱོགས་ཚོང་དོན་ལས་དོན་བརྟན་པོ་བཏང་བ་དང་ནང་འདྲེན་ཚོང་དོན་དངུལ་འབོར་ན་ནིང་ལས་ལྡབ38འཕར་ནས། ཕྱིར་གཏོང་ཚོང་དོན་མེད་པ་ནས་ཡོད་པར་གྱུར་ཡོད།

(ལྔ།)སྤྱི་ཚོགས་འགན་སྲུང་ལེགས་བཅོས་འགུལ་སྐྱོད་ཀྱིས་མཚོ་བྱང་གི་དམངས་འཚོར་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་བཏང་བ། 

ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན། ཁུར་ཡང་ལས་གནས་བརྟན་སྲུང་དང་ལས་ཞུགས་རྒྱ་སྐྱེད་གཏོང་བ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་བཟོ་སྐྲུན“ཁག་དྲུག”[10]ལག་བསྟར་བྱས་པ་དང་། ལས་ཞུགས་ལྟ་སྦྱོང་རྟེན་གཞི27གསར་སྣོན་བྱས་པ། དྲ་ཐོག་དང་དྲ་ཕྱིའི་ལས་མི་བསྡུ་བའི་བྱེད་སྒོ་ཐེངས40ལྷག་སྤེལ་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.84བྱུང་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད2.34%གྱི་ཆུ་ཚད་ཅུང་དམའ་བར་ཚོད་འཛིན་བྱས་ཡོད། གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་བཏང་ནས་ཞིང་པ་ལས་མིའི་ཞུ་གཏུག་གྱོད་གཞིའི་གྲངས་འབོར་དང་ཞིང་པ་ལས་མིའི་མི་གྲངས། གླ་ཆ་འགྱངས་ཆད་བྱས་པའི་མ་དངུལ་བཅས“མར་ཆག་པ་གསུམ”་མངོན་འགྱུར་བྱུང་ནས། ངལ་རྩོལ་པ2876ལ་གླ་ཆ་སྒོར་ཁྲི2956.37འདེད་སྤྲོད་བྱས་ཡོད།

སྤྱི་བའི་ཞབས་ཞུའི་རིམ་པ་མཐོ་རུ་བཏང་བ། སློབ་གསོའི་ཐད་མ་དངུལ་འཇོག་པའི“མཐོར་གཏོང་གཉིས་དང་འཕར་སྣོན་གསུམ”[11]ལག་བསྟར་ནན་པོ་བྱས་ཤིང་། སློབ་གསོའི་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར12.3བཏང་བ་དང་། མཚོ་བྱང་སློབ་འབྲིང་དང་པོ་ཁུལ་རིམ་པས་དོ་དམ་བྱེད་པར་རྩིས་སྤྲོད་བྱས་ཤིང་། དམའ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་འབྲས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལས་རིགས་སློབ་གསོའི་སློབ་ཐོན་སློབ་མའི་ལས་ཞུགས་ཚད95%ཡན་དུ་སྲུང་འཛིན་བྱས་ཡོད་ལ། མཐོ་རྒྱུགས་ཀྱི་དངོས་གཞིའི་ཚད་ལ་སླེབས་ཚད76.7%ཡིན། “སྨན་ལྔ”མཉམ་འགུལ་སྒྱུར་བཅོས[12]ཟབ་སྤེལ་བྱས་ཤིང་། གཞུང་བཙུགས་སྨན་ཁང་གི་སྒོ་བརྟག་དང་སྨན་ཁང་དུ་སྡོད་ཐེངས་རེའི་ཆ་སྙོམས་འགྲོ་གྲོན་སོ་སོར་དུས་མཚུངས་སུ9.52%་དང5.3%མར་ཆག་པ་དང་རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད90.01%ཡིན། ཁྲིམས་བཅད་འགོས་ནད་ཕོག་གྲངས་དུས་མཚུངས་སུ20.51%ཆག་ཡོད། རིག་གནས་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ནས། མཛེས་པའི་མཚོ་སྔོན་གྱི་རིག་རྩལ་རྟ་དམག་འཁྲབ་སྟོན་ཐེངས60དང་ཟློས་གར་གྲོང་གསེབ་ཏུ་སྐྱོད་ཐེངས200སྤེལ་ཞིང་། གློག་བརྙན《འབྲོག་པའི་ཧྲེང་ཀྲང་སྐལ་བཟང》ཞེས་པ་རྒྱལ་ཡོངས་ནས་བསྟན་པ་དང་འབྲེལ་“གཅིག་ཅན་ལྔའི་བཟོ་སྐྲུན”གྱི་བྱ་དགའ་ཐོབ་པ་དང་། མི་རིགས་ཀྱི་གླུ་གར་ཆེ་གྲས《མཐིང་མདོག་གི་གསེར་དངུལ་ཐང》བསྐྱར་སྒྲིག་ལེགས་གྲུབ་བྱུང་ལ། འབྲོག་པ་རྩོམ་པ་པོ་བསོད་ནམས་ཚེ་རིང་གི་སྒྲུང་ཐུང《ཐང་རྒོད》ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་བརྒྱད་པའི་ཨང་དང་པོ་ཐོབ། ཆོས་དབྱིངས་སྐྱིད་ལ་ལུན་ཏུན་ཨོ་རྩལ་འགྲན་ཚོགས་འདུར་རྒྱུགས་ཀྱི་བྱ་དགའ་ཨང་དང་པོ་ཁ་གསབ་བྱས་ལ། རིན་ཆེན་དོན་གྲུབ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཱ་ལ་སུང་གི་བྱ་དགའ་ཨང་དང་པོ་ཐོབ།

མཐའ་སྐྱོང་འགན་ལེན་གྱི་སྤུས་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་། དམངས་ཡོངས་གུན་སྐྱོབ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། གུན་སྐྱོབ་ཆེན་པོ་ལྔ[13] ཡི་གུན་སྐྱོབ་ནང་ཞུགས་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་ཚད་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་བརྒྱ་ཆའི་གྲངས26བརྒལ་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་འགན་སྲུང་ཚད་གཞི་ལོ14བསྟུད་མར་མཐོ་རུ་བཏང་བ་དང་། ཡུལ་གྲོང་གི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞི་ལོ་རེར་ཆ་སྙོམས10%ཡན་འཕར་ཡོད། ལོ་ཧྲིལ་པོར་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་གསོ་སྐྱོང་། གནས་སྐབས་རོགས་སྐྱོབ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས། དམག་འཁྱུར་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གྱི་ཁ་གསབ་སོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.9སྤྲད་པས། དམིགས་བསལ་ཚོགས་སྤྱི་ཁྲི6.37ལ་ཕན་པ་བསྐྲུན་ཅིང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ནུས་ལྡན་ཐུབ་ཡོད། 

(དྲུག)སྤྱི་ཚོགས་བཅོས་སྐྱོང་ལེགས་བཅོས་འགུལ་སྐྱོད་ཀྱིས་མཚོ་བྱང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བཟོས་པ། 

མི་རིགས་མཐུན་སྒྲིལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་ཟབ་སྤེལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་བསྐྲུན་པ། “སྐྱོད་པ་བཅུ་གཉིས”[14]དང“གཅིག་ཅན་བཅུ་གསུམ”[15]གྱི་བྱེད་སྒོ་ཟབ་སྤེལ། “བཟོ་སྐྲུན་ཆེན་པོ་བཞི”[16]ལག་བསྟར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ལ། མི་རིགས་སོ་སོ་མཉམ་སྡོད་དང་མཉམ་སློབ། མཉམ་ལས། མཉམ་སྐྱིད་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་བསྐྲུན་ཡོད། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དགོན་སྡེའི“ཆོས་སྲོལ་འཛུགས་སྐྱོང་ལོའི”བྱེད་སྒོ་དང་ཆོས་དོན་མི་སྣའི་“རེས་སྐོར་སྦྱོང་བརྡར་བཟོ་སྐྲུན”དང“བླ་སྲོག་སྐྲུན་པའི་བཟོ་སྐྲུན”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་གཏིང་ཟབ་ཏུ་བཏང་ཡོད། 

ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ཡོངས་ཀྱི་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་དང་པོ་དང་སྡེ་ལས་ལས་རིགས་ཀྱི་འདུམ་འགྲིག་ལྟེ་གནས་ཐོག་མ་དེ་འཇུ་ལག་རྫོང་དུ་བཙུགས་ལ། རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བ་རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བར་བདམས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་གྲལ་བཤེར་སྔོན་ཟོན། སྣ་མང་ཅན་གྱི་འདུམ་སྒྲིག་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། འཕྲིན་བཅར་ལམ་ལུགས་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་བཏང་བ། ཁུལ་མི་དམངས་ངོ་བཅར་སྣེ་ལེན་ཚོམས་ཆེན་བཙུགས་པ་བཅས་ཀྱིས་འཕྲིན་བཅར་གྱོད་གཞི་སྒྲུབ་ཚད93.6%ཏུ་སླེབས་ཡོད། 

སྤྱི་བའི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས། བདེ་འཇགས་ཐོན་སྐྱེད་ཀྱི“5351”་ལས་དོན་བྱེད་ཐབས[17]གསར་གཏོད་དང་ཁྱབ་སྤེལ་བཏང་བ་དང་། མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་ལོ་འཁོར་གྱི་ལས་འགན་གཉིས་ཀྱི“གསལ་ཐོ་གཉིས”གཏན་འབེབས་བྱས་པ། ལས་རིགས97གྱི་རྟོག་དམ་འགན་འཁྲི་ཁ་གསལ་བཟོས་ཏེ། མཉམ་འཛིན་སྤྱི་སྒྲུབ་དང་སྡོམ་འགྲེམ་ཟུང་འབྲེལ་བྱེད་པའི་ཤིན་ཏུ་བདེ་འཇགས་ཀྱི་རྣམ་པ་ཆགས་ཡོད། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས། གཏེར་རི་དང་མེ་གསོད། རང་བསྐྲུན་ཁང་བ། བགྲོད་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་གཏིང་ཟབ་བྱས་པས། དོན་རྐྱེན་བྱུང་གྲངས་དང་མི་ཤི་ཚད་སོ་སོར་དུས་མཚུངས་སུ50%དང60.6%མར་ཆག་ཡོད། རྒྱུན་རྣམ་ཅན་གྱི་ནག་སེལ་ངན་འཇོམས་རིམ་འཕར་ལ་སྐུལ་འདེད་བཏང་ནས། སློབ་གསོ་འཕྲོད་བསྟེན་དང་དངུལ་རྩའི་བུན་གཏོང་། ཁྲོམ་རའི་འཁོར་རྒྱུག དྲ་རྒྱའི་ཆ་འཕྲིན། རང་བྱུང་ཐོན་ཁུངས། བཟོ་སྐྲུན་འཛུགས་སྐྲུན་བཅས་ལས་རིགས་ཆེན་པོ་དྲུག་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་ཞིང་། “ཉེན་ཁ་འགོག་པ་དང་བྱུར་རྐྱེན་སེལ་བ། གྱོད་འབྱུང་ཉུང་གཏོང། བདེ་འཇགས་སྲུང་བ”བཅས་ཀྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་སྤེལ་ནས། དྲ་བ་དང་མང་ཚོགས་ལ་འབྲེལ་བ་ཡོད་པ་སོགས་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་ཚ་ནན་བཏང་བས། སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་དང་རྒན་གསོ་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ལས་དོན། སྤྱི་བདེ་དང་ཞིབ་དཔྱོད། སྲིད་ཁྲིམས། ཁྲིམས་འཛིན་སོགས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ། ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་ཕན་འབྲས་ལ་མང་ཚོགས་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན། 

ལོ་གཅིག་གི་རིང་ལ། ཁ་གཏད་རོགས་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཁག་བཞི་བ་དང་ལྔ་བ་བདེ་བླག་ངང་རྩིས་སྤྲོད་ལེན་བྱས་ནས། ཧྲན་ཏུང་ཞིང་ཆེན་དང་དེ་བཞིན་ཝུའེ་ཧའེ་དང་པིན་ཀྲོའུ། ལེའོ་ཁྲེང་། ལིན་དབྱི་བཅས་གྲོང་ཁྱེར་བཞི་དང་། ནོར་སྲིད་པུ་དང་རྒྱལ་ཁབ་ནུས་ཁུངས་ཚོགས་པ། ཀྲུང་གོ་ཧ་ཡང་ཚོགས་པ། ཀྲུང་གོ་འབྲུ་རིགས་ཚོགས་པ། གཏེར་ལྔ་ཚོགས་པ་བཅས་ཀྱི་ཀྲུང་དབྱང་ཁེ་ལས་བཞིའི་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་སྔར་བས་ཟབ་ཏུ་ཕྱིན་ཞིང་། ཧྲན་ཏུང་གི་རོགས་སྐྲུན་རྣམ་གྲངས་ཁག37ལ་མ་དངུལ་སྒོར་དུང་ཕྱུར2.19བཏང་ལ། ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྲུན་རྣམ་གྲངས་ཁག16ལ་མ་དངུལ་སྒོར་ཁྲི2960བཏང་བས། རོགས་སྐྱོར་དང་རང་སྤེལ་ཕན་ཚུན་ནུས་འདོན་གྱི་རྣམ་པ་ལེགས་པོ་ཆགས་ཡོད།   དེ་དང་ཆབས་ཅིག་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་མི་དམངས་མཁའ་ཟོན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་རྒྱུན་མཐུད་སྲ་བརྟན་དུ་སོང་ཡོད། གཞོན་ནུའི་ལས་དོན་དང་དེ་བཞིན་བུད་མེད་དང་བྱིས་པ། རྒྱ་གྲམ་དམར་པོ་སོགས་ཀྱི་བྱ་གཞག་གོམ་པ་བརྟན་པོར་སྐུལ་འདེད་བཏང་ལ། སྡོམ་རྩིས་དང་རྩིས་བཤེར། ཕྱི་དོན་། ཡིག་ཚགས། ས་གནས་ཀྱི་ལོ་རྒྱུས། སྤྱི་གསོག་མ་དངུལ་སོགས་ཀྱི་ལས་དོན་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པ་བྱུང་ཡོད།

ལོ་གཅིག་གི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། རླབས་ཆེན་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ལ་བརྟེན་ནས་སེམས་སྡུད་བླ་སྲོག་སྐྲུན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བཅས་བྱས་ཤིང་། “སྤྱོད་ཚུལ་ལེགས་སྒྱུར་དང་སྔོན་ཐོན་བརྩོན་ལེན”གྱི་སྤྱོད་ཚུལ་ལེགས་སྐྱོང་གི་བྱེད་སྒོ་ཟབ་སྤེལ་བྱས་ལ། བློ་བརྟན་འགྱུར་མེད་ཀྱི་བློ་དཀར་གྱིས་སྲིད་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པ། དངོས་སྒྲུབ་སྲིད་བརྩོན་བྱེད་པ། སྲིད་དོན་ནན་སྐྱོང་བཅས་རྒྱུན་འཁྱོངས་བྱས་པ་དང་།  དོན་འཁྱོལ་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ། དོན་དངོས་དང་དཀའ་སྤྱད། ཚན་རིག་དང་མཐུན་པའི་ངང་སྒྲུབ་པའི་སྙིང་སྟོབས་ཀྱིས་གནད་སྨིན་ནུས་ཆེའི་འཕེལ་རྒྱས་དང་སྐྱེ་ཁམས།    བདེ་འཇགས་བཅས་ཀྱི་དོན་ཆེན་གསུམ་སྡོམ་འགོད་བྱས་ནས་རྙོག་འཛིང་ཆེ་བའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ཛ་དྲག་དང་རང་བྱུང་གི་གནོད་འཚེ་ཐེངས་འགའ། པྲོག་གསར་རིམས་ནད་ཀྱི་རྡབ་རྡེག་ལན་མང་ལ་ཁ་གཏད་ནུས་ལྡན་བཅལ་བས། དཔལ་འབྱོར་གྱི་ཆེ་ས་བརྟན་པོ་བྱུང་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་བྱུང་བ།    མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཕྱོགས་ཁག་ཏུ་གྲུབ་འབྲས་བཟང་པོ་ཡང་ཡང་བླངས་ཡོད། དཔེར་ན། དཔལ་འབྱོར་སྙོམ་འཛིན་བྱེད་ནུས་སྔར་ལས་ཆེ་རུ་ཕྱིན་ཡོད། ང་ཚོས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག55བཟོས་ནས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་གི“གཟའ་འཁོར་རེའི་བརྡ་ཁྱབ་དང་ཟླ་རེའི་དྲན་སྐུལ། དུས་ཚིགས་རེའི་འབོད་གླེང་། ལོ་རེར་ཆད་འདོམས”བཅས་ཀྱི་ལས་དོན་རྐྱེན་སྲོལ་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ནས་སྔོན་ལ་སྡེ་ཁག་གི་སྤྱིའི་གཏོང་སྒོའི་ལས་རྗེས་གདེང་འཇོག་བྱས་པས། དཔལ་འབྱོར་དམིགས་ཚད་སོ་སོ་ཞིང་ཆེན་ཡོངས་ཀྱི་ཨང་རིམ་ནས་ཡོངས་ཁྱབ་ཏུ་མཐོ་རུ་ཕྱིན་ཡོད་ལ། ལྷག་པར་དུ་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.7ལས་བརྒལ་བ་དེ་དུས་མཚུངས་སུ་7.2%འཕར་བས། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་།    ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་གཏོང་སྒོའི་འཕར་ཚད62.5%རུ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དཔེར་ན། སྐྱེ་ཁམས་དཔལ་ཡོན་གྱི་རྣམ་པ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོས་ཞིང་ཆེན་ཡོངས་ནས་སྔོན་ལ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ནང་འདྲེས་པ་གཏིང་ཟབ་ལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་པོའི་ལྟེ་གནས་དང་རི་སྐྱེས་སྲོག་ཆགས་གསོ་སྤེལ་རོགས་སྐྱོབ་ལྟེ་གནས་བསྐྲུན་ནས་སྤྱོད་མགོ་བརྩམས། ཆུ་མཚོ་དཔོན་ལམ་ལུགས་དང་ནགས་རྩྭ་དཔོན་ལམ་ལུགས་ཀྱི་ལས་དོན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ4650དང་ཆུ་མཚོ་དོ་དམ་སྲུང་སྐྱོང་པ411གིས་རང་འགན་གཙང་སྒྲུབ་བྱས་ཏེ། ཆུ་མཚོ་ཡི“གང་བྱུང་བཞི”[18]ཡི་གནད་དོན་བཅོས་སྒྲིག་བྱེད་ཚད100%ཡིན་ལ། རྒྱལ་ཁོངས་མུའུ་ཁྲི34.42ལྗང་སྒྱུར་བྱས་བས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི153%ཟིན་ཡོད། མདོ་ལ་རྫོང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང་རྒྱལ་ཁའི་ངང་བསྐྲུན་ཡོད། དཔེར་ན། འཚུབ་བསྟུན་ཐག་གཅོད་མ་ལག་སྔར་བས་ཆ་ཚང་བར་གྱུར་ཡོད། ང་ཚོས“སྐར་མ་བཅུའི”འཚུབ་བསྟུན་གྱི་ཨ་ལན་ཚོམས་བསྐྲུན་པ་དང་། “འབོད་ལན”རྐྱེན་སྲོལ་བཙུགས་ནས། གནམ་གཤིས་ཞབས་ཞུ་དང་གནོད་འཚེ་འགོག་འཕྲི་སྐྱོབ་གསུམ་མཉམ་འགུལ་ལ་སྐུལ་འདེད་བཏང་ཞིང་། འཇུ་ལག་གི“1•08”ཀྱི་ས་ཡོམ་རིམ་པ6.9ཅན་དང་དྲག་ཆར་ཐེངས12སོགས་རང་བྱུང་གནོད་འཚེ་ལ་ཁ་གཏད་ནུས་ལྡན་བཅལ་པ་དང་། ཁྱབ་ཁོངས་སོ་སོའི་ཐོལ་བྱུང་དོན་རྐྱེན་གལ་ཆེན་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱས་བས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། མགྱོགས་མྱུར་གཙོ་བོར་འཛིན་པ་དང་མགྱོགས་མྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། པྲོག་གསར་རིམས་ནད་ལན་མང་བོར་བྱུང་བ་ཡང་དག་གནད་སྨིན་དང་འོས་འཚམ་ནུས་ལྡན་གྱིས་ཐག་གཅོད་བྱས་པ་དང་། “དོན་ཚན་ཉི་ཤུ”དང“དོན་ཚན་གསར་པ་བཅུ”སོགས་ཀྱི་བྱེད་ཐབས་ལེགས་པོ་བཏོན་རྗེས། མགྱོགས་མྱུར་དང་གོམ་པ་བརྟན་པོར་བདེ་ཐང་འགན་ལེན་དང་ནད་གཞི་ཚབས་ཆེན་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་ནས། དོན་དངོས་ཐོག་དམངས་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ལ་སྲུང་སྐྱོབ་བྱས་ཡོད། དཔེར་ན། དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། ང་ཚོས་སྲིད་གཞུང་གི་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་གོ་རིམ་གཏན་འབེབས་སོགས་ཀྱི་ལས་དོན་རྐྱེན་སྲོལ་བཙུགས་པ་དང་། སྲིད་གཞུང་གི་འགན་དབང་གསལ་ཐོ་དོན་འཁྱོལ་ནན་པོ་བྱས་པ། “འཐབ་ས་དང་པོའི་ལས་དོན་བཅའ་ཁྲིམས”ཁྱབ་སྤེལ་ཤུགས་ཆེན་བཏང་བ། ཕྱོགས10ཡི་དམངས་འཚོའི་དོན་དངོས་བཟོ་སྐྲུན45ལེགས་འགྲུབ་བྱུང་ཚད93.33%དུ་སླེབས་ཡོད་ལ། ལྷག་མའི་དམངས་འཚོའི་དོན་དངོས་བཟོ་སྐྲུན་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། དམངས་ཆེན་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ།རྩ་ཁྲིམས་ལ་དམ་བཅའ་འཇོག་ཐེངས་དང་པོ་སྤེལ་བ་དང་། “12345”ཡི་ལྟ་སྐུལ་དང་ཞུ་གཏུག་བྱེད་ལམ་ཤར་གཏོང་བྱས་པ། སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བཅས་བྱས་པས། དམངས་ཆེན་ཀྱི་འཐུས་མིའི་བསམ་འཆར་གྲོས་འདོན་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་གཉེར་ལན་འདེབས་བྱེད་ཚད། མང་ཚོགས་ཀྱིས་སྒྲུབ་གཉེར་དོན་ཚན་བློ་ཡིད་ཚིམ་ཚད་བཅས་ཚང་མ100%ཡིན།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་འདུས་ཡོད་ལ། ཞིང་ཆེན་ཐད་གཏོགས་ཐིང་དང་ཅུ་སོ་སོ་དང་། ཧྲན་ཏུང་ཞིང་ཆེན། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཡང་འདུས་ཡོད། དེ་ནི་སྐབས་རིམ་བྱུང་གི་ཚན་ཁག་གིས་རྒྱུན་མཐུད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། ཁུལ་ཨུའི་སྲ་བརྟན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན། འདིར་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་དང་། དམངས་ཆེན་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་བཅས་ཡོངས་དང་། དམངས་གཙོའི་ཏང་ཤོག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱི་མི་སྣ། ད་དུང་ཁུལ་གྱི་བཅའ་སྡོད་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔོན་དམག མེ་གསོད་རོགས་སྐྱོབ་དཔུང་ཁག་བཅས་དང་། རིམས་ནད་འགོག་སྡོམ་ཁྲོད་ཀྱི་ལྡོག་སྐྱོད་པ་དང་སྨན་པ། མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན། 

2022ལོའི་སྲིད་གཞུང་གི་ལས་དོན་ལ་གྲུབ་འབྲས་ངེས་ཅན་བླངས་ཡོད་མོད། འོན་ཀྱང་ང་ཚོས་ལས་དོན་ལ་སྔར་བཞིན་དཀའ་ངལ་ཡོད་པའི་གནད་དོན་མི་ཉུང་བ་ཞིག་ལ་ཁ་གཏད་གཞལ་དགོས་པ་གསལ་བོར་ཤེས་ཐུབ། གཙོ་བོ་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་རྨང་གཞི་སྔར་བཞིན་ཞན་པ་དང་དཔལ་འབྱོར་སྤྱི་ཡོངས་ཀྱི་རྨང་གཞི་ཞན་པ། ཐོན་ལས་རིགས་སྒྱུར་དལ་བ། མ་ལག་འཐུས་ཚང་མེད་པ་བཅས་དང་། སྐྱེ་ཁམས་ཁོར་ཡུག་ཧྲིལ་པོ་སྔར་བཞིན་ཉམས་ཞན་ཡིན་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བརྗེ་སྒྱུར་ཐབས་ལམ་ད་དུང་ཤར་གཏོང་ཐུབ་མེད་པ། ནུས་བསྲི་འབུད་འཕྲིའི་ཐཱན་ཉུང་གི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་ལ། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པ་དང་། དམངས་འཚོའི་བྱ་གཞག་འཕེལ་རྒྱས་དང་མང་ཚོགས་ཀྱི་རེ་སྒུག་ལ་ད་དུང་ཧེ་བག་ཡོད་པ། སྲིད་གཞུང་རང་ངོས་ལེགས་སྐྱོང་ཐད་ད་དུང་ལྷུ་ཚིགས་ཞན་ས་ཡོད་པ། ལས་བྱེད་པ་ཁག་ཅིག་གི་སྤྱོད་ཚུལ་མི་བཟང་བ་དང་འགན་འཁྲི་འཁུར་མི་ཐུབ་པ་བཅས་རེད། ང་ཚོས་ངེས་པར་དུ་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་དགོས། 

གཉིས། 2023ལོའི་ལས་དོན་རིགས་ལམ་དང་ལས་འགན་གཙོ་བོ།

2023ལོར་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་པ་དེ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་དོན་ཆེན་གལ་ཆེན་ཞིག་ཡིན་ལ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ལོ70ཡི་རིང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། མཚོ་བྱང་གི་ས་གཞི་ཆེན་པོའི་ཐོག་སྒྱུར་བཅོས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡང་ཡང་ཐོན་ནས། ཁུལ་ཡོངས་ཀྱི་རྣམ་པར་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་མཚོ་བྱང་གི་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། ཐོན་ལས་ཀྱི་བཀོད་པ་མགྱོགས་མྱུར་ལེགས་སུ་ཕྱིན་པ། ཡུལ་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། གྲོང་གསེབ་དར་སྤེལ་ལག་བསྟར་གཏིང་ཟབ་བྱས་པ། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། གཞི་རིམ་བཅོས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བཅས་བྱུང་ཡོད། མིག་སྔར་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་རིམ་བཞིན་མཚོ་བྱང་གི་རྨང་གཞིར་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་ལྡན་གྱི་དུས་སྐབས་ཤིག་བསུས་ཡོད། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་མགོ་རྩོམ་པའི་ལོ་ཞིག་ཀྱང་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”[19]འཛུགས་སྐྲུན་བྱེད་པ་དེ“མཚོ་བྱང་ལྔ”[20]འཛུགས་སྐྲུན་བྱེད་པར་སྲིད་ཇུས་ཀྱི་ཕན་པ་དེ་བས་མང་བ་བསྐྲུན་ངེས་རེད། ནང་མཁོའི་འཐབ་ཇུས་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན། ཨང་ཀིའི་ཀྲུང་གོ་འཛུགས་སྐྲུན་བཅས་བྱེད་པ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། མཚོ་སྔོན་གྱི་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པ་བཅས་ཡོད་ཚད་རང་རེའི་ཁུལ་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་ངེས་ཡིན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། མཁར་གྲོང་ཅན་གསར་པའི་འཐབ་ཇུས་བཅས་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་ཁ་གཏད་མཚོ་སྐྱོར། ཤར་ནུབ་རྒྱུད་ཀྱི་མཉམ་ལས། དེ་བཞིན་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བཅས་ཚང་མ་རང་ཁུལ་གྱིས་ཡུལ་གྲོང་མཉམ་འདྲེས་དང་ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱ་ཐུབ་ངེས་ཡིན། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་བཅས་དང་། རིག་གནས་སྟོབས་ཆེའི་རྒྱལ་ཁབ་དང་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་གཏོང་བའི“འགུལ་སྐྱོད་ཆེན་པོ་བརྒྱད”[21]ཚང་མ་རང་ཁུལ་གྱིས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་ངེས་ཡིན། ཕྱོགས་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་དང་ཐཱན་རྩེར་སླེབས་འགུལ་སྐྱོད། ནུས་ཁུངས་གསར་བརྗེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བཅས་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང“དག་གཙང་མཚོ་སྔོན”གསར་སྐྲུན་ཚང་མ་རང་ཁུལ་གྱིས་མཛེས་བའི་མཚོ་བྱང་འཛུགས་སྐྲུན་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་ངེས་ཡིན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་མཚོ་སྔོན་སྡེ་ཁུལ་གྱི“སེ་འབྲུ་ཁྱིམ་གཞིས”འཛུགས་སྐྲུན་བཅས་ཚང་མས་རང་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་ངེས་ཡིན། ང་ཚོས་ཐོབ་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་ས་བབ་བཟང་པོ་དང་། སྐྱེ་ཁམས་ཀྱི་གནས་བབ་གལ་ཆེན། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་སོགས་རྨང་གཞི་ལེགས་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་། དུས་བསྟུན་ལས་སྒྲུབ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས“ལྔ་བཅུ་བཞིའི་”འཆར་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཚེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཐུབ་ངེས་ཡིན། 

ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྲ་བརྟན་གྱི་མགོ་ཁྲིད་འོག་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།  “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས།  ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་། ཞིང་ཆེན་ཨུ་ལྷན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ།  རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྡོམ་འགོད་སྔར་ལས་ལེགས་པ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྡོམ་འགོད་སྔར་ལས་ལེགས་པ་བྱེད་པ།  འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ།  ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པོར་སྒྲུབ་པ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་བྱེད་པ། ངོ་བོ་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་ཐུབ་པ་བྱས་ནས“243”གྱི་འཕེལ་རྒྱས་བཀོད་སྒྲིག[22]མགྱོགས་མྱུར་དུ་བསྐྲུན་པ་དང་། “མཚོ་བྱང་ལྔ”ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་བརྩོན་ལེན་བྱས་ནས། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་གིས་འབྲི་དགོས།

ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར5%ཡས་མས་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་གྲངས7%འཕར་བར་བྱས་ནས་གྲུབ་འབྲས་སྔར་ལས་ལེགས་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས8%ཡན་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར7%ཡས་མས་འཕར་བར་བྱ་རྒྱུ། སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་འབབ་དེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་དང་མཐུན་སྦྱོར་གྱིས་མཉམ་དུ་འཕར་རྒྱུ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ6%་ཡས་མས་འཕར་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད་དང་ལས་ཤོར་བརྟག་དཔྱད་ཚད་སོ་སོར་ལོ་ཧྲིལ་པོར3.5%ནང་ཚུན་དང5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི31ཡན་སྲུང་འཛིན་བྱས་ནས་སྤྱིའི་ཐོན་འབོར་ཏུན་ཁྲི7.1ཡན་ལ་སླེབས་དགོས། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་དུ་སླེབས་པ་དང་། ཆུ་རྒྱུན་གཙོ་བོ་ཁུལ་ཁོངས་ནས་བཞུར་བའི་བཅད་ཁའི་ཆུ་སྤུསⅡབརྟན་པོར་རྒྱུན་འཁྱོངས་ཐུབ་པ་བྱས་ནས། ནུས་ཁུངས་ཟད་གྲོན་གྱི་ཚད་དེ“ལྔ་བཅུ་བཞིའི”འཆར་འགོད་ཀྱི་དུས་ཚོད་ནང་སྡོམ་འགོད་ཀྱིས་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་དུ་སླེབས་པ་དང་། སྦགས་བཙོག་དངོས་རྫས་གཙོ་བོ་འབུད་ཉུང་གི་དམིགས་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ནང་ཚུན་དུ་ཚོད་འཛིན་བྱ་དགོས། 

གོང་གསལ་དམིགས་འབེན་ལ་གཡོ་འགུལ་མི་གཏོང་བར་ཕྱོགས་ལྔའི་ཐད་ཀྱི་ལས་དོན་གཙོ་གནད་དུ་འཛིན་དགོས་སྟེ། 

(གཅིག)འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་རྒྱུན་འཁྱོངས་བྱས་ཏེ། རིགས་སྒྱུར་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་བའི་འབྱོར་ཕྱུག་མཚོ་བྱང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། 

“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”[23]རྒྱུན་འཁྱོངས་བྱས་ཏེ། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དང་ཆེད་དོན་འགུལ་སྐྱོད་ཆེན་པོ་དགུ[24]ནུས་ཤུགས་ཡོད་རྒུས་ལག་བསྟར་ཡག་པོ་བྱེད་ཅིང་། བརྟན་པོ་ཡིན་པའི་རྨང་གཞི་བརྟན་དུ་གཏོང་བ་དང་མདུན་དུ་བསྐྱོད་པར་སྐུལ་སྤེལ་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་ཡོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། 

ནུས་ཤུགས་ཡོད་རྒུས་སྤུས་རྟགས་གྲགས་ཅན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་གཏོད་དགོས། ཁྱད་ལྡན་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་ལེགས་ཆ་གསབ་རེས་ཀྱི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་ཡག་པོར་བསྐྱོད་དེ། ཐོན་ལས་སྟོབས་ཆེར་གཏོང་བ་དང་ལེགས་ཆ་ཆེ་རུ་གཏོང་བ། སྤུས་རྟགས་ལེགས་སུ་གཏོང་བ་བཅས་བྱ་དགོས། “གྲངས་འབོར་བརྟན་པོ་དང་སྤུས་ཚད་མཐོར་གཏོང་། སྦྲེལ་ཐག་ཁ་གསབ། སྐྱེལ་འདྲེན་རྒྱ་སྐྱེད”བཅས་ཐབས་ལམ་དུ་བྱས་ནས་མདའ་བཞི་རྫོང་གི་བོད་ལུག་ཁྲི10དང་རྐང་ཚ་རྫོང་གི་ནོར་གནག་ཁྲིའི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་བརྩམས་ཏེ། ད་ལོར་རྫོང་རེར་ནོར་གནག་ཁྲི་དང་། བོད་ལུག་ཁྲི་རེའི་གསོ་ཚགས་རྟེན་གཞི་གཅིག་རེ་བསྐྲུན་རྒྱུ་དང་། “གཅིག་ཅན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་ཆ་སྒྲིག་བཟོ་སྐྲུན[25]ལག་བསྟར་ཡག་པོ་བྱེད་དགོས་ལ། ཁྱིམ་ཚང་གི་ཞིང་ཕྱུགས་ར་དང་མཉམ་ལས་ཁང་སོགས་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་རྩ་འཛུགས་གསར་བ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞ་ཧྭ་དང་དབྱི་ཏ། ལུའུ་ཡོན་སོགས་ཞིང་ཕྱུགས་ཁེ་ལས་འཕེལ་རྒྱས་སུ་འགྲོ་བཪ་རོགས་སྐྱོཪ་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ལ་སྣེ་ཁྲིད་ཁུལ་གྱི་ཁུལ་རིམ་པའི་ཐོན་ལས་གླིང་དང་ཞབས་ཕྱི་ལྟེ་གནས་འཛུགས་པ། ཐོན་སྐྱེད་དང་ལས་སྣོན།  གསོག་ཉཪ་དང་དངོས་འགྲེམས། ཚོང་གཉེར། གསར་སྤེལ། ཞབས་ཞུ་སོགས་གཞི་གཅིག་ཅན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་བསྒྲགས་བྱས་ནས། ལྗང་མདོག་སྐྱེ་ལྡན་ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་ར་སྤྲོད་དང་ཞིང་ཕྱུགས་ཐོན་རྫས་སྤུས་རྟགས་གྲགས་ཅན་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་དགོས། 

ནུས་ཤུགས་ཡོད་རྒུས་མིང་གྲགས་སྔར་ལས་ཆེ་བའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། མདོ་ལ་རིང་མོ་དང་མཚོ་སྔོན་པོ་སོགས་སྐྱེ་ཁམས་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་སོགས་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ནུབ་མཚོ་ཅུན་དང་། འཇུ་ལག་གནའ་མཁར། མཁར་དམར་གནའ་མཁར། མཚོ་ཆུང་གནའ་མཁར་སོགས་གནའ་བོའི་གནའ་ཤུལ་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། “123”གནས་སྐོར་མཛེས་ལྗོངས་ཁུལ་གྱི་གསར་སྐྲུན་དམིགས་འབེན་ལ་དམིགས་ནས[26]།  སྐས་རིམ་ཅན་གྱི་མཛེས་ལྗོངས་ཁུལ་ཁག་ཅིག་འཆར་འགོད་བྱས་ཤིང་། ད་ལོ་གསེར་དངུལ་ཐང་སྟེ་མ་རྡུལ་ཕྲན་མཁར་གྱིAཅན་5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་བསྐྲུན་རྒྱུར་བརྩོན་ལེན་བྱེད་པ་དང་། མཐོན་པོ་སྒང་གི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་སྤེལ་ཤུགས་ཆེན་བྱེད་པ། སྐྱེ་ཁམས་གནས་སྐོར་གྱི་སྒར་གཞིས་རྒྱག་ས་ཁག་ཅིག་སྒྱུར་བཀོད་དང་གསར་སྐྲུན་བཅས་བྱས་ཏེ། སྐྱེ་ཁམས་དང་རིག་གནས། གནས་སྐོར་བཅས་སྣ་མང་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་ནུབ་མཚོ་དང་། རྒྱ་མདོ། བཙུན་མོ་གཞོང་། འོམ་ཆུ་བཅས་གནས་སྐོར་བ་བསྡུ་འགྲེམས་ལྟེ་གནས4འཛུགས་སྐྲུན་བྱེད་པ་མགྱོགས་སུ་གཏོང་བ་དང་། གནས་སྐོར་གྱི་ལྷུ་ཚིགས་གལ་ཆེན་གྱི་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ཁུལ་ལུགས་མཐུན་ངང་སྦྲེལ་མཐུད་བྱེད་པ། “དག་སྣང་མཚོ་བྱང་གི་དགའ་བདེའི་གནས་སྐོར”སོགས་གནས་སྐོར་ལམ་ཐིག་རྩེ་གྲ5གཏོད་དགོས། མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན། མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་དང་ཉ་གཟིགས་དུས་ཆེན། འཇུ་ལག་ལོག་དཀར་མེ་ཏོག་གི་རིག་གནས་གནས་སྐོར་བྱེད་སྒོ་རབ་དང་རིམ་པ་བཅས་རྒྱུན་མཐུད་ངང་སྤེལ་དགོས་ལ། “མཚོ་སྐྱོར་རིག་གནས་གནས་སྐོར་མནའ་འབྲེལ”གྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། “མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་བྱེད་པ”ཡི་བྱེད་སྒོ་མུ་མཐུད་དུ་སྤེལ་བ། མཐའ་སྐོར་གྱི་ཞིང་ཆེན་དང་ས་ཁུལ་དང་། ཞིང་ཆེན་ནང་གི་གནས་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་དང་མཉམ་ལས་ཀྱིས་ཚོང་གཉེར་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ།    མཚོ་བྱང་གི་གཏམ་རྒྱུད་རྒྱ་ཁྱབ་ཏུ་དྲིལ་སྒྲོག་དང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྤྲོད། མཚོ་བྱང་གི་བཞུར་ཚད་བསྡུ་ལེན་བཅས་བྱས་ཏེ། གནས་སྐོར་སྤུས་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་བློ་ཁ་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།     

ནུས་ཤུགས་ཡོད་རྒུས་གཞི་ཁྱོན་ལྡན་པའི་ནུས་ཁུངས་གཙང་མའི་ཐོན་སྐྱེད་བེད་སྤྱོད་སྐུལ་འདེད་གཏོང་ཁུལ་ཞིག་ཆགས་པར་བྱེད་དགོས། ཡུལ་བབ་དང་བསྟུན་ནས་རླུང་གློག་དང་འོད་ཤུགས་སོགས་ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། རྐང་ཚའི་སྟོང་ཝ་ཁྲི100ཡི“འབོར་འཕར་མཉམ་བསྲེས”ཀྱི་གཙོ་གནད་དཔེ་སྟོན་རྣམ་གྲངས་དོན་འཁྱོལ་བྱེད་པ་མགྱོགས་སུ་གཏོང་བ། “གློག་ཁུངས་དང་གློག་དྲ། ཐེག་ནུས། གསོག་ནུས”བཅས་གཞི་གཅིག་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “འོད་ཤུགས+རྡོ་སོལ་ལེན་ས་རྡིབ་ཁུལ”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕྱུགས་ལས་དང་འོད་ཤུགས་གསབ་རེས་དང་ནུས་ཁུངས་མང་པོ་གསབ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་ནུས་ཁུངས་གསར་པའི་ཐོན་ལས་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་ཆེ་གྲས་གསུམ་པ་གཏོད་དགོས།  མདོ་ལའི་བཙུན་མོ་གཞོང་དང་། རྐང་ཚའི་བླ་མཚོ། ཆུ་ཁོལ་གྱི་སྟོང་ཧྥུ330ཡི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྟོང་ཧྥུ750དང་གནོན་ཤུགས་ཆེ་བའི་མཐོ་སྒང་གི་གློག་དྲ་བཀོད་སྒྲིག་འཆར་འགོད་བྱས་ནས། ནུས་ཁུངས་ཕྱིར་གཏོང་བགྲོད་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱ་དགོས། ནུས་ཁུངས་གཙང་མའི་དྲོད་ལེན་ཚོད་ལྟ་བྱས་ནས“རྡོ་སོལ་གློག་ཏུ་སྒྱུར་བའི”བཟོ་སྐྲུན་གཙོ་གནད་དུ་ལག་བསྟར་བྱེད་པ་དང་། དྲོད་འདོན་རྨང་གཞིའི་སྒྲིག་བཀོད་ཀྱི་ཚད་གཞི་མཐོར་འདེགས་དང་ནུས་སྲི་སྒྱུར་བཀོད་མགྱོགས་སུ་བཏང་སྟེ། དྭངས་གཙང་དྲོད་འདོན་དཔེ་སྟོན་རྫོང་གསར་འཛུགས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། 

ནུས་ཤུགས་ཡོད་རྒུས་ས་ཁོངས་ཀྱི་ཁྱད་ཆོས་གསལ་བའི་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་གཏོད་དགོས། ཚན་རྩལ་ཆ་འཕྲིན་དང་དངུལ་རྩའི་ཁག་ཐེག མཛོད་ཉར་ཟོག་འགྲེམས་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྐྱོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མཁོ་འཚོང་མཉམ་ལས་ཁང་གི་ཞབས་ཞུ་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏོང་བ། “མྱུར་སྐྱེལ་གྲོང་གསེབ་ཏུ་སྐྱོད་པ”དང་“ཞིང་ལས་ཐོན་རྫས་སྡེ་བ་ནས་གྲོང་ཁྱེར་དུ་སྐྱོད་པའི”རྣམ་གྲངས་ལག་བསྟར་བཅས་བྱས་ཏེ། སྤྱིའི་ཆ་ནས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ཡོངས་སུ་ཁྱབ་པ་བྱ་དགོས། ཚོང་དོན་འཁོར་རྒྱུག་དང་རྒན་གསོ་བྱིས་སྐྱོང་། ཁྱིམ་ལས་ནད་གཡོག བདེ་ཐང་ཁམས་གསོ་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྣ་མང་ཅན་དུ་རིམ་འཕར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ནུབ་མཚོ་དང་རྒྱ་མདོ། བྱེ་སྣ་སྔོ་ལྡང་། ཤར་ཐང་། བཙུན་མོ་གཞོང་། མཁར་དམར། མཁར་ཟུར་གསུམ། འོམ་ཆུ་སོགས་གཙོ་གནད་མཁར་གྲོང་དུ་ཁྱབ་རྒྱ་དེ་བས་ཆེ་བའི་ཚོང་དོན་དྲ་རྒྱའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ནུབ་མཚོ་ཟོང་འདུས་ཆེན་མོ་དང་འཇུ་ལག་དམངས་སྲོལ་ཚོང་ལས་ཁྲོམ་ལམ། མདོ་ལ་ལྷའི་ཁམས་བག་ཆགས་ཁྲོམ་ལམ། བག་ཆགས་མདའ་བཞིའི་རིག་གནས་གནས་སྐོར་ཚོང་ལས་ཁྲོམ་ར། རྐང་ཚའི་མཚོ་འགྲམ་བོད་མཁར་ལྟེ་བའི་ཁུལ་སོགས་ཀྱིས་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས། གུང་གསེང་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་ཡག་པོ་བསྒྲུབ་པ་དང་། མཚན་མོའི་དཔལ་འབྱོར་དང་ཐང་ཁྲོམ་དཔལ་འབྱོར་འཕེལ་ཐུབ་པ་བྱ་དགོས། ཕྱི་འཚོང་དང་དྲ་སྦྲེལ་ཐད་གཏོང་ཟོག་འཚོང་སོགས་ཀྱི་ཞབས་ཞུའི་ལས་རྣམ་གསར་པ་ཚད་ལྡན་དང་འཕེལ་རྒྱས་བཏང་ནས། མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་བསྐང་དགོས།       

ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་སྤེལ་དང་། “དྲ་གཅིག་ཀུན་སྒྲུབ་དང་དོན་གཅིག་ཀུན་སྒྲུབ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བཤེར་མཆན་འགོད་པའི་སྒྲུབ་གཉེར་དུས་བཀག་ཉུང་དུ་གཏོང་བ། ཚོང་རར་ཞུགས་འཐུས་ཁོད་ཡངས་བཟོ་བ། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་ཚད་ལྡན་དུ་གཏོང་བ། ཚོང་གཉེར་ཁོར་ཡུག3.0གི་རིམ་འཕར་པར་གཞི་གཏོད་པ་བཅས་བྱས་ནས། ཚོང་རའི་གསོན་ཤུགས་འཕེལ་བར་བྱ་དགོས། ལྗང་མདོག་གླིང་ཁུལ་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་ལས་དོན་རྐྱེན་སྲོལ་རྒྱུན་མཐུད་ངང་དོན་འཁྱོལ་བྱེད་པ། ཚེ་ཐར་གཏེར་ཁུངས་དང་ཞན་ཧྥེང་གཏེར་ཁུངས། མུ་རི་གཏེར་ཁུངས་གསུམ་པ་བཅས་སྤྱི་ཡོངས་ནས་ཚབ་གཉེར་བྱེད་པ་མ་ཟད་ཐོན་སྐྱེད་ནང་ཞུགས་པར་སྐུལ་འདེད་གཏོང་བ། རྡོ་སོལ་འཁྲུད་པ་དང་ལྕགས་བཞུ་སོགས་བེམ་རོ་ལྟ་བུའི་ཁེ་ལས་རིགས་སྒྱུར་ཐོན་སྐྱེད་བྱེད་མགྱོགས་སུ་གཏོང་དགོས། ཁེ་ལས་ལ་རོགས་སྐྱོར་དང་ཕན་པ་སྐྲུན་པའི་སྲིད་ཇུས་དང་བྱེད་ཐབས་ཁག48དོན་འཁྱོལ་བྱེད་པ་དང་། ཐེངས་གསུམ་ལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་དངུལ་སྒོར་ཁྲི5000བཀོད་སྒྲིག་བྱས་ནས། ཁེ་ལས་ཀྱིས་མཚོ་བྱང་ལ་མ་འཇོག་དང་མཚོ་བྱང་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས། དངུལ་རྩས་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པ་དང་དཀའ་ངལ་སེལ་བའི“སྐྱེལ་སྤྲོད་གསུམ་དང་ཤུགས་རྒྱག་པ་གཅིག”གི་བྱེད་སྒོ་ཟབ་སྤེལ་དང་། ཀུན་ཕན་དངུལ་རྩས་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་པའི“སྦྲང་ཆར་བཟོ་སྐྲུན”ལག་བསྟར་བྱས་ཏེ། ཕྲ་མཐོང་ཚོང་རའི་བྱེད་པོ་མགྱོགས་མྱུར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་འདིའི་ནང་ཚོང་རའི་བྱེད་པོ་དུད་ཚང330ཡན་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དུད་ཚང50ཡས་མས་གསར་དུ་འཕར་བར་བརྩོན་ལེན་བྱས་ཏེ། ཉུང་མཐར་ཡང་གཞི་ཁྱོན་ཡན་དང་ཚད་གཞི་ཡན་གྱི་ཁེ་ལས1རེ་གསོ་སྐྱོང་བྱ་དགོས། ཚོང་འགུག་མ་འདྲེན་གྱི་“འགུལ་སྐྱོད་ཆེན་པོ་དྲུག”[27]ལག་བསྟར་བྱས་ཏེ། ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར11ཡན་བརྩོན་ལེན་བྱ་དགོས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། མཚོ་བྱང་གི་ཨང་ཀི་ཅན་གྱི་རིག་ནུས་བཟོ་སྐྲུན་དང་ཕྱིར་གཏོང་ནང་འདྲེན་གྱི་ཐོན་ལས་རྟེན་གཞིའི་རྣམ་གྲངས་ལག་བསྟར་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར15%འཕར་བ་བརྩོན་ལེན་བྱ་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་ལོ་གསུམ་འགག་སྒྲོལ་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གཉིས་དང་མཉམ་དུ་ཐོན་སློབ་ཞིབ་གསུམ་གྱི་ལས་སྟེགས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་ཀྱི་གསར་གཏོད་དང་གསར་སྐྲུན་གྱི་གཏིང་ཤུགས་འདོན་སྤེལ་གང་ཐུབ་བྱ་དགོས།

(གཉིས།)སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་རི་ཀླུང་ཡིད་དུ་འོང་བ་དང་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་པའི་མཚོ་བྱང་འཛུགས་སྐྲུན་མགྱོགས་སུ་གཏོངདགོས། 

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། “ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ཏེ་ཐཱན་ཉུང་དང་འབུད་འཕྲི། ལྗང་སྒྱུར། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། ཁོངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།

རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་དགོས། གནམ་སྔོ་ཆུ་དྭངས་ས་གཙང་གི་སྲུང་སྐྱོང་དམག་འཐབ་གཏིང་ཟབ་ཏུ་སྤེལ་བ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྦགས་བཙོག་བཅོས་སྐྱོང་བྱེད་དགོས་ལ། ས་ཁོངས་ཀྱི་སྦགས་བཙོག་མཐུན་སྦྱོར་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོར་ཡུག་ཁྲིམས་འགལ་ལ་རྡུང་རྡེག་ནན་པོ་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་དུས་ཐོག་ཏུ་བཀོད་གཏོང་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། རྡོ་སོལ་གྱི་སྦགས་བཙོག་ཚོད་འཛིན་དང“ཐོར་ཟིང་བཙོག་གསུམ”གྱི་ཁེ་ལས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆུ་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུ་མཚོ་ཡི“གང་བྱུང་བཞི་སེལ་བ”དེ་ཆུ་བོ་འབྲིང་ཆུང་དང་གྲོང་གསེབ་ཀྱི་ཆུ་མཚོ་རུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་། མུ་རི་གཙང་པོ་རྒྱུག་ཁུལ་གྱི་འཇུ་ལག་རྫོང་གི་བྱེ་སྣ་སྔོ་ལྡང་ནས་རྒྱ་མདོ་དུམ་བུའི་ཆུའི་སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་རྣམ་གྲངས་ལག་བསྟར་བྱས་ནས། ཆུ་ནག་དང་དཔལ་དགེ་ཆུ་བོ། བུ་ཧ་ཆུ་བོ་བཅས་ཀྱི་ཆུ་ལམ་བཅོས་སྐྱོང་ལས་དོན་སྤེལ་མགོ་རྩོམ་དགོས། ས་རྒྱུའི་སྦགས་བཙོག་ཉེན་ཁ་ཁུལ་དབྱེ་སྡོམ་གཅུན་ལ་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་ཐེབས་ཁུལ་གྱི་ས་རྒྱུ་སླར་གསོ་དང་ཉེན་ཁར་སྡོམ་གཅུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་རྟོག་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུལ་གྲོང་གི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་གང་ཐུབ་བྱས་ཏེ། མདོ་ལ་རྫོང་གི་བརྒྱད་གཅིག་ལམ་སོགས་ལམ་གྱི་ཕྱོགས་བསྡུས་སྦུག་ལམ་བཟོ་སྐྲུན་དང་། འཇུ་ལག་རྫོང་གི་གད་སྙིགས་རིགས་དབྱེ་དང་གནོད་མེད་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་གཙོ་གནད་དུ་ལག་བསྟར་ཡག་པོ་བྱེད་པ་དང་། ཆར་ཆུ་དང་སྦགས་བཙོག་ཁག་བགོས་དང་། འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ། ཐོན་ཁུངས་ཅན་དུ་བེད་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་ངོས་ཁུངས་དང་བཟོ་ལས་ཀྱི་གནས་ཁུངས། ས་འོག་གི་ཆུའི་སྦགས་བཙོག་བཅས་བཅོས་སྐྱོང་ཡག་པོ་བྱེད་པ། མདོ་ལ་རྫོང་བྲག་དམར་ཁུག་ས་ཁུལ་གྱི་ལོ་རྒྱུས་ཐོག་ལུས་པའི་སྙིགས་རོ་ཡོད་སའི་ཁོར་ཡུག་བཅོས་སྐྱོང་དང་། མདའ་བཞིའི་ས་འོག་གི་ཆུ་སྦགས་བཙོག་འགོག་བཅོས་ཀྱི་ཚོད་ལྟའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་དགོས།

སྐྱེ་ཁམས་མ་ལག་སྲུང་སྐྱོང་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་དགོས། ནགས་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྡོམ་འགོད་སྐུལ་འདེད་བཏང་ནས། མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་དོང་དང་པོ་དང་། དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ཐུབ་པ་འགན་ལེན་བྱེད་དགོས། རེས་སྐོར་དང་པོའི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་དང་ས་ནག་ཅན་གྱི་རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་གི་ལོ་ལྔའི་འགུལ་སྐྱོད།    བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་འགུལ་སྐྱོད་བཅས་སྤེལ་མགོ་རྩོམ་དགོས།  མུ་རི་ཆུ་བོའི་ཡན་ལག་སྤྱང་ཚང་ཆུ་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྐྱེ་ཁམས་སླར་གསོ་དང་གསོ་སྐྱོང་།    ཆུ་ནག་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་སླར་གསོ།    མཱ་ཕྱག་ཆུའི་ཆུ་འགྲམ་རྒྱུད་ཀྱི་ལྷོད་གཏོང་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བསྐྱར་གསོ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་ཡག་པོ་བྱེད་དགོས། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི127དང་བྱེ་འགོག་བྱེ་བཅོས་མུའུ་ཁྲི2.4ལེགས་འགྲུབ་བྱེད་པ། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་34.6བཅོས་སྐྱོང་བྱེད་དགོས།     འཇུ་ལག་གི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་སུལ་གཞིས་ཁུག་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་དང་། མདོ་ལའི་ཆུ་ནག་ཆུ་མགོའི་རྒྱལ་ཁབ་འདམ་སའི་སྤྱི་གླིང་། རྐང་ཚའི་འོམ་ཆུའི་རྒྱལ་ཁབ་འདམ་སའི་སྤྱི་གླིང་། མདའ་བཞིའི་ཁི་ཐུའུ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ17་འཛུགས་སྐྲུན་གྱི་ཕན་འབྲས་རྒྱུན་མཐུད་དུ་སྲ་བརྟན་གཏོང་དགོས་ལ། གསའ་དང་དགོ་དམར་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྔོན་པོའི་བྱ་གླིང་ལ་རྒྱལ་ཁབ་ཀྱི་འདམ་ས་གལ་ཆེན་རེ་ཞུ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གཉིས་མཚོ་བྱང་གི་གསེར་བྱང་དུ་བསྐྲུན་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།  

སྐྱེ་ཁམས་རིན་ཐང་གཞན་སྒྱུར་ཚད་ལྡན་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཐཱན་རྩེར་སླེབས་དང་ཐཱན་བཏང་སྙོམས་ལ་སྐུལ་འདེད་བཏང་ནས། “མཐོ་བ་གཉིས”ཀྱི་རྣམ་གྲངས[28]རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བ་བཀག་འགོག་བྱེད་པ་དང་། གཙོ་གནད་ལས་རིགས་ཀྱི་ནུས་བསྲི་ཐཱན་ཉུང་སྒྱུར་བཀོད་དང་རྡོ་སོལ་གཙང་མ་ནུས་ཆེའི་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ནུས་ཁུངས་གཙང་མ་བེད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ནུས་ཁུངས་ཟད་གྲོན་གྱི“ཚོད་འཛིན་གཉིས”དེ་ཐཱན་འབུད་གཏོང་སྤྱི་འབོར་དང་དྲག་ཚད་ཀྱི“ཚོད་འཛིན་གཉིས”སུ་སྒྱུར་བར་སྐུལ་འདེད་གཏོང་བ། གཞི་ཁྱོན་ཡན་གྱི་ནུས་ཁུངས་འཛད་སྤྱོད་སྤྱི་འབོར2.6%ནང་ཚུན་དུ་ཚོད་འཛིན་བྱེད་དགོས། རྐང་ཚ་རྫོང་གི་རྩྭ་ཐང་གི་ཐཱན་འདུས་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས། མདོ་ལ་རིང་མོ་དང་འཇུ་ལག་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནགས་ཚལ་ཐཱན་འདུས་ཉོ་ཚོང་ཚོད་ལྟའི་དཔེ་སྟོན་མགྱོགས་སུ་གཏོང་དགོས། “ཆུ་བཞི་དང་གཏན་ཁེལ་བཞི”[29]ཡི་རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མདའ་བཞི་རྫོང་གི་ཤྭ་ཐང་ཆུ་མཛོད་ཟླ5་པའི་ཟླ་མཇུག་སྔོན་ལ་ལས་མགོ་རྩོམ་པ་དང་། འཇུ་ལག་རྫོང་རྒྱ་མདོ་ཆུ་མཛོད་ཀྱི་ལོ་འདིའི་ཆུ་སྒོ་བརྒྱབ་ནས་ཆུ་གསོག་པ་བརྩོན་ལེན་བྱས་ནས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཕན་ཆེའི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་ཁེལ་ཐོ་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་རིན་ཡོད་བེད་སྤྱོད་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། མདོ་ལ་རྫོང་གི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཚོད་ལྟ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་མཛེས་ལྗོངས་ཁུལ་གྱི་དམིགས་བསལ་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ་འཚོལ་ཞིབ་དང་། མདོ་ལ་རྫོང་གི་གངས་འཁྱག་རྣམ་གྲངས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་རྟེན་གཞི་བསྐྲུན་ནས། སྐྱེ་ཁམས་ཀྱི་རིན་ཐང་འཕར་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་དགོས། 

ལམ་ལུགས་ཅན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་གཏོང་དགོས་ལ། རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱིས་སྤྱི་འདོམས་བྱེད་པ་དང་། “ཐིག་གསུམ་ཐོ་གཅིག”རྨང་གཞིར་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་བར་སྟོང་སྡོམ་གཅུན་མ་ལག་འཐུས་ཚང་དུ་བཏང་སྟེ། མི་འབོར་དང་དཔལ་འབྱོར། ཐོན་ཁུངས། ཁོར་ཡུག་བཅས་བར་སྟོང་ཐོག་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། ཙོང་ཆུ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ། རེས་སྐོར་གསར་པའི་རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ་ལམ་ལུགས་དོན་འཁྱོལ་བྱེད་པ། རྩྭ་ཕྱུགས་དོ་མཉམ་དཔེ་སྟོན་རྫོང་འཛུགས་སྐྲུན་བཅས་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གདེང་འཇོག་དཔྱད་ཞིབ་རྟོག་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་དང་འགན་འཁྲི་ཚེ་གང་བོར་བདའ་འདེད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

(གསུམ།)མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། བདེ་སྡོད་ལས་བརྩོན་དང་དམངས་འཚོའི་བདེ་སྐྱིད་སྔར་བས་ལྡན་པའི་སྐྱིད་པའི་མཚོ་བྱང་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།

“འཚོ་བ་བབ་ཆགས་སྐྱེལ་བའི”བསམ་བློ་བརྟན་པོ་འཛུགས་པ་དང་། “གཞུང་གྲོན་གསུམ”དང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་པ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་གཏོང་སྒོའི80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་པ། དམངས་ཕན་དམངས་བདེའི་སྲིད་ཇུས་ཡག་པོ་སྤྱོད་པ། དམངས་འཚོའི་དོན་དངོས་ལས་གཞི་ལག་བསྟར་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་སྤུས་ཚད་སྔར་ལས་མཐོ་བའི་འཚོ་བ་བསྐྲུན་དགོས།

ལས་ཞུགས་སྔོན་ལ་འཇོག་པ་དང་སྤྱི་ཚོགས་གུན་སྐྱོབ་ཀྱི་མཐའ་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས། ཁུར་ཡང་ལས་བརྟན་ལས་ཞུགས་དང“འབྲིང་སྐྱེད་དམའ་འདེགས”ཀྱི་སྲིད་ཇུས་དང་བྱེད་ཐབས་ཡག་པོ་སྤྱད་དེ། ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་ལས་ཞུགས་ལས་གཏོད་མ་དངུལ་དང་མཚོ་བྱང་ཁུལ་གྱི་ལས་ཞུགས་ལས་གཏོད་ཀྱི་བྱ་དགའི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ནས། ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་བཟོ་སྐྲུན་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ལས་སྐྲུན་དང་ཁག་ཐེག་དངུལ་བུན་གཏོང་བ། ཁེ་ལས་ལ་རོགས་སྐྱོར་ལས་མི་བསྡུ་བ་སོགས་ཀྱི་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད87%ཡན་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་བ། དམག་འཁྱུར་དམག་མི་དང་ལས་སྤར་དམག་དཔོན་བཀོད་སྒྲིག་འོས་འཚམ་བྱེད་པ། ཞིང་པ་ལས་བཟོ་པ་དང་ལས་བྲལ་ལས་ཤོར་མི་སྣ།  དབང་པོ་སྐྱོན་ཅན་བཅས་ཐབས་ལམ་མང་པོར་བརྟེན་ནས་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་།    དབུལ་ཐར་དུད་ཚང་དང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་། དེ་བཞིན་ལས་ཞུགས་མེད་པའི་ཁྱིམ་ཚང་བཅས་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཁར་གྲོང་ལས་ཞུགས་མི1800ཡན་གསར་སྣོན་བྱེད་པ་དང་།  གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི4.5ལས་ཞུགས་གཞན་སྒྱུར་བཅས་བྱ་དགོས།   དམངས་ཡོངས་གུན་སྐྱོབ་ནང་ཞུགས་པའི་འཆར་གཞིའི་འགག་སྒྲོལ་འགུལ་སྐྱོད་ལག་བསྟར་བྱས་ཏེ། སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ལས་བཟོ་པ་དང་། ཞིང་པ་ལས་བཟོ་པ་དང་དེ་བཞིན་སྟབས་བསྟུན་ལས་ཞུགས་དང་ལས་རྣམ་གསར་པའི་ལས་ཞུགས་མི་སྣ་སོགས་མང་ཚོགས་གུན་སྐྱོབ་ནང་ཞུགས་པ་རྒྱ་སྐྱེད་པར་སྐུལ་འདེད་གཏོང་བ་དང་། སྡོད་དམངས་རྒན་གསོ་དང་སྨན་བཅོས་སོགས་གུན་སྐྱོབ་ཐོབ་ཐང་དང་། མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པ་གསོ་སྐྱོང་སོགས་ཀྱི་སྲིད་ཇུས་ཚད་གཞི་གོམ་པ་བརྟན་པོར་མཐོ་རུ་བཏང་ནས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་ཇེ་དམའ་རུ་མི་འགྲོ་བ་འགན་ལེན་བྱ་དགོས།

སྤྱི་བའི་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་བྱ་དགོས། པྲོག་གསར་ནད་དུག“ཁ་པའི་རིགས་ཁ་པའི་དོ་དམ”ལག་བསྟར་བྱེད་ཅིང་། བདེ་ཐང་འགན་ལེན་དང་ནད་གཞི་ཚབས་ཆེན་སྔོན་འགོག སྐྱོབ་བཅོས་ལ་ཤུགས་རྒྱག་པ། ཞབས་ཞུ་ལེགས་པོ་བཅས་ལ་དམིགས་ནས། འགོག་ཁབ་རྒྱག་པ་དང་སྨན་རྫས་འགན་ལེན། སྨན་བཅོས་སྐྱོབ་བཅོས་བཅས་ཀྱི་ལས་དོན་ཧུར་ཐག་གིས་སྒྲུབ་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱ་དགོས། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི“གཙོ་བོ་གཅིག་དང་གཞོགས་འདེགས་དྲུག”གི་སྲིད་ཇུས་དང་བྱེད་ཐབས[30]དོན་འཁྱོལ་བྱས་ཏེ། ས་ཁོངས་སྨན་བཅོས་ལྟེ་གནས་སྐྲུན་པ་དང་། གཞུང་བཙུགས་སྨན་ཁང་རིམ་པ་གསུམ་ཅན་གྱི་སྨན་ཁང་འཛུགས་པར་སྐུལ་འདེད་གཏོང་དགོས་ལ། “གཅིག་གྱུར་བདུན”གྱི་རྫོང་ཁོངས་ཀྱི་དམ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པ[31]བསྐྲུན་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་སྨན་བཅོས་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ནས། སྤྱིར་བཏང་གི་ནད་གཞི་ཁུལ་དང་རྫོང་དུ་ཐག་གཅོད་བྱེད་པ་དང་རྒྱུན་མཐོང་ནད་གཞི་ཡུལ་ཚོ་དང་སྡེ་བར་ཐག་གཅོད་ཐུབ་པ་བྱ་དགོས། ཁུལ་དང་རྫོང་གི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་ཚན་འཛུགས་པ་ལེགས་འགྲུབ་བྱས་ནས། ཚོད་ལྟའི་བཤེར་འཇལ་ནུས་པ་དང་ནད་ཡམས་འགོག་སྡོམ་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། མ་བུ་བདེ་སྲུང་ལས་དོན་ལ་སྐུལ་འདེད་བཏང་ནས་མ་བུའི་བདེ་འཇགས་ལམ་ལུགས་ལྔ[32]དོན་འཁྱོལ་བྱས་ཏེ། ཁུལ་དང་རྫོང་གི་ཉེན་ཁ་ཆེ་བའི་སྦྲུམ་མ་བང་མ་དང་ཉེན་ཁ་ཆེ་བའི་ཕྲུ་གུ་དམར་འབྱར་གྱི་སྲོག་སྐྱོབ་ལྟེ་གནས་གཉིས་ཀྱི་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་དང་འོས་འཚམ་ལག་རྩལ་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། རྐང་ཚ་རྫོང་དེ་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་དཔེ་སྟོན་རྫོང་དུ་བསྐྲུན་པའི་འཕེལ་རིམ་མགྱོགས་སུ་གཏོང་དགོས།  ཅུ་དང་ཁུལ་གྱི་སྨན་བཅོས་འགན་ལེན་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྨན་སྐྱོབ་སྒྲུབ་གཉེར་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་སྨན་རྫས་ཡོ་བྱད་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་སྐྱོབ་གྲོས་མོལ་གཟུ་གྲོས་དང་སྨན་བཅོས་དཀར་ཆག་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་རེ་ཞུ་དང་སྨན་སྐྱོབ་གྱི་གཏོང་སྤྲོད་ནང་འཇུག་ཤུགས་ཆེ་རུ་གཏོང་བ། DRGསྨན་སྐྱོབ་གཏོང་སྤྲོད་བྱེད་སྟངས་ཁྱབ་གདལ་གཏོང་བ་བཅས་བྱས་ནས། མང་ཚོགས་ཚོས་སྨན་བཅོས་འགན་ལེན་ལས་བྱུང་བའི་དངོས་ཕན་དེ་བས་གང་ལེགས་དང་དེ་བས་སྟབས་བདེ་ངང་ལོངས་སྤྱོད་ཐུབ་པ་བྱ་དགོས།

རྒན་གསོ་བྱིས་སྐྱོང་དང་ཉམས་ཆུང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་ཕན་བདེ་ལེགས་སུ་གཏོང་དགོས། ན་རྒས་ཅན་དུ་འགྱུར་ཚད་ཉུང་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། བུ་བཙའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། “རྒན་གཅིག་བྱིས་གཅིག”གི་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། རོང་འབྲོག་ཁུལ་གྱི་རྒན་པ་ཚོའི་ཕུགས་ཕན་གཅེས་སྐྱོང་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ལོ་ཚད་ལ་སླེབས་པའི་རྒན་པར་ལོ་ན་མཐོ་བའི་ཁ་གསབ་སྤྲོད་པ་དང་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱ་དགོས། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་རྒན་གསོའི་རྣམ་གྲངས་ཁག་བཞི་པ་མུ་མཐུད་དུ་ལག་བསྟར་ཡག་པོ་བྱེད་པ་དང་། ཀུན་ཕན་རྒན་གསོའི་ཆེད་དོན་འགུལ་སྐྱོད་དང་སྡེ་ཁུལ་གྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་ནུས་ཆེ་རུ་གཏོང་བའི་འགུལ་སྐྱོད་སྤེལ་བ། གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། བསྒར་འཇུག་རྣམ་པའི་ནུས་མང་སྡེ་ཁུལ་ཆུང་གྲས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པར་སྐོར་ཞིབ་དང་གཅེས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་བ།    ནུས་པ་ཉམས་པའི་རྒན་པའི“ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲིའི”འཛུགས་སྐྲུན་དང་དཀའ་ངལ་ཡོད་པའི་རྒན་པར་ཁྱིམ་ཚང་དུ་སྐྱོད་ནས་ཞབས་ཞུ་སྤེལ་ཁྱོན་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བུ་བཙའི་རྒྱབ་སྐྱོར་དང་བྱིས་པའི་ཕན་བདེའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཀུན་ཕན་བཅོལ་སྐྱོང་སློབ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བ། གཞིས་ལུས་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ། ན་སོ་མ་སྨིན་པའི་མིའི“ཕྱོགས་དྲུག་གཞི་གཅིག”[33]གི་སྲུང་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། བརྩེ་སེམས་དང་སྟོབས་ཤུགས་ལ་བརྟེན་ནས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། སྤྲང་པོ་འཁྱམ་པ་དང་སྐབས་འཕྲལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་ཞིང་ཆེན་བརྒལ་ནས་གཉེར་རྒྱུར་སྐུལ་འདེད་བཏང་སྟེ། ཉམས་ཞན་རོགས་སྐྱོར་དེ་བས་དྲོ་སྐྱིད་ལྡན་པ་བྱ་དགོས། 

(བཞི།)ཡུལ་གྲོང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད་དང་སྤྱི་ཡོངས་ཀྱི་གཟུགས་བརྙན་སྔར་ལས་ལེགས་པའི་དཔལ་ཡོན་གྱི་མཚོ་བྱང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། 

“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་འཆང་བ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས། མཁར་གྲོང་ཅན་གསར་པའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། ཡུལ་གྲོང་འཕེལ་རྒྱས་གཏོང་བར་སྡོམ་འགོད་ཀྱིས་སྐུལ་འདེད་གཏོང་བའི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། 

རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། “རྣམ་གྲངས་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོར་བཅངས་ནས་གསོག་འཇོག་རྣམ་གྲངས་གཞན་སྒྱུར་ཚད་ལ་བརྩོན་པ་དང་གསར་སྐྲུན་རྣམ་གྲངས་ལས་མགོ་རྩོམ་ཚད་ལ་བརྩོན་པ། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་ལ་བརྩོན་པ། ལས་མཇུག་སྒྲིལ་བའི་རྣམ་གྲངས་ཐོན་སྐྱེད་བྱེད་ཚད་ལ་བརྩོན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཅ་ཞི་དང་ཞི་ཁྲ་མྱུར་བགྲོད་གཞུང་ལམ་མགྱོགས་པོར་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་དགོས་ལ། ཧོང་ཞིའི་མྱུར་བགྲོད་གཞུང་ལམ་སྐྲུན་མགོ་རྩོམ་པ་བརྩོན་ལེན་བྱ་དགོས། མཁར་གྲོང་གསར་བརྗེའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། གཞིས་ཁུལ་རྙིང་པ1047སྒྱུར་བཀོད་དང་སྤྱིལ་ཁང284སྒྱུར་བཀོད་བརྩོན་ལེན་བྱེད་པ་དང་། འཇུ་ལག་ལུང་ཐིང་ཧྭ་ཧྥུའུ་ཡི་དུས་ཐེངས་གཉིས་པ་དང་ཞིའུ་ཧྲུའེ་མེ་ཏོག་ལྡུམ་རའི་ལྷོ་གླིང་དུས་ཐེངས་གསུམ་པ། དེ་བཞིན་ནུབ་མཚོ་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྤྱི་བའི་བོགས་གཏོང་སྡོད་ཁང་སོགས་ས་ཁང་བདག་ཁོངས་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། ནུབ་མཚོ་གྲོང་རྡལ་གྱི་དངུལ་མཚེའུའི་ཟམ་ཆེན་དང་། རྫོང་བཞིའི་རྫོང་མཁར་གྱི་མི་བགྲོད་གནམ་ཟམ18དང་། དེ་བཞིན་སྤྱི་ལེ40ཡི་ཆུ་འབུད་ཆུ་སྦུག་དྲ་བ། མདོ་ལ་རྫོང་མཁར་གྱི་བརྒྱད་གཅིག་ལམ་ཕྱོགས་བསྡུས་མདོང་ལམ། ནུབ་མཚོ་གྲོང་རྡལ་གྱི་ཆུ་སྤྲོད་མདོང་ལམ་སྒྱུར་བཀོད།  འཇུ་ལག་རྫོང་གི་གད་སྙིགས་རིགས་དབྱེ་དང་དེ་བཞིན་གནོད་མེད་ཅན་གྱི་གཙང་སེལ་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་དགོས།  མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ7བསྐྲུན་པ་བརྩོན་ལེན་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་དུད་ཚང5360ཡི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཉེན་ཡོད་ཡོམ་འགོག་གི་དུད་ཚང872སྒྱུར་བཀོད་བྱེད་པ་ལག་བསྟར་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ་གྱི་རེས་སྐོར་གསར་པའི་གློག་དྲ་སྒྱུར་བཀོད་རིམ་འཕར་དང་ཆུ་མཁོ་འདོན་འགན་ལེན། འཐུང་ཆུའི་བདེ་འཇགས་བཅས་ཀྱི་བཟོ་སྐྲུན་སྐུལ་འདེད་གཏོང་དགོས། འཇུ་ལག་གི་ཡོམ་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པ་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ས་ཡོམ་མ་བརྒྱབ་གོང་གི་ཆུ་ཚད་དུ་གང་མགྱོགས་སླར་གསོ་བྱེད་དགོས། 

མཁར་གྲོང་འཛུགས་སྐྲུན་གྱི་དཔེ་མཚོན་གཏོད་དགོས། ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད། སྤྱི་བའི་ཞབས་ཞུ་བཅས་རྫོང་ཁོངས་སུ་སྡོམ་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱེད་པའི་མཁར་གྲོང་ཅན་དུ་སྒྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་གིས་ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ནས། ནུབ་མཚོ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་རྡལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “མདེལ་གཉིས་སྐར་གཅིག”གི་ཕུགས་འདུན་དད་སེམས་སློབ་གསོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་། མཚོ་སྔོན་པོའི་མི་ཆོས་སྐྱེ་ཁམས་གནས་སྐོར་རྟེན་གཞི་བཅས་བཏོད་དེ། མཐོ་སྒང་གི་རིག་གནས་གནས་སྐོར་གྱི་མཁར་གྲོང་གྲགས་ཅན་བསྐྲུན་དགོས། འཇུ་ལག་རྫོང་གིས་རྒྱ་མདོ་གྲོང་རྡལ་གྱི“ཐཱན་མེད་མཁར་གྲོང”དང“སྤུས་ལེགས་མཁར་གྲོང”འཛུགས་སྐྲུན་ལ་དམིགས་ནས། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་དང་འགག་རྩའི་མཁར་གྲོང་གལ་ཆེན་གཏོད་དགོས། མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་གྱིས་ནུབ་ལམ་དམག་གི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུར་དམིགས་ནས། མཐོ་སྒང་གི་སྐྱེ་ཁམས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ། གསར་བརྗེའི་རིག་གནས་ཟབ་པ་བཅས་ཀྱི་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་མཁར་གྲོང་བསྐྲུན་དགོས། རྐང་ཚ་རྫོང་གིས་འོམ་ཆུ་གྲོང་རྡལ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ནས། མི་རིགས་རིག་གནས་ཀྱི་གཞི་རྒྱུ་དང་རང་བྱུང་སྐྱེ་ཁམས་མཛེས་ལྗོངས། དེང་རབས་མཁར་གྲོང་འཛུགས་སྐྲུན་བཅས་མཉམ་འདྲེས་ཀྱི་མཐོ་སྒང་གི་མཚོ་འགྲམ་བོད་མཁར་བསྐྲུན་དགོས། 

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་འབྲེལ་མཐུད་ངང་སྐུལ་འདེད་གཏོང་དགོས། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་རྟོག་འཇལ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་དང་མ་དངུལ། རོགས་སྐྱོར་བཅས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བ། དབུལ་སྒྲོལ་དང་རྟོག་འཇལ་མི་འབོར་གྱི་ཞོར་ལས་ལས་ཞུགས་བྱེད་ཚད་མི9000ཡན་མངོན་འགྱུར་བྱེད་པ། དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་འགྱུར་གསར་བ་མི་འབྱུང་བར་འགན་ལེན་བྱ་དགོས། སྡེ་བའི་མཉམ་སྡེབ་དཔལ་འབྱོར“སྡེ་ཕྱུག”བཟོ་སྐྲུན་ལག་ལེན་བསྟར་ནས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་འདེབས་གསོ་དང་གྲོང་གསེབ་གནས་སྐོར་སོགས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་དང་གྲོང་གསེབ་ཀྱི་མགྲོན་ཁང་སོགས་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “རྫོང་རེར་ལས་རིགས་རེ་དང་ཡུལ་ཚོ་རེར་ཁྱད་ལྡན་རེ། སྡེ་བ་རེར་སྤུས་རྟགས་རེ”བཅས་བཏོད་ནས། སྡེ་བ་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་རྐྱང་སྒོར་ཁྲི25ཡན་ལ་སླེབས་པ་དང་། འཕར་ཚད2%ལས་དམའ་མི་རུང་། ཆ་རྐྱེན་ཡོད་པ་དང་དགོས་མཁོ་ཡོད་པའི་སྡེ་བའི་འཆར་འགོད་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ། ལས་ཞུགས་ཐུབ་པ་དང་མཛེས་པའི་ཚོད་ལྟའི་སྡེ་བ་དང་དཔེ་སྟོན་སྡེ་བ་ཁག་ཅིག་བསྐྲུན་དགོས། 

དམངས་ཡོངས་ཀྱི་དཔལ་ཡོན་བྱང་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་ཆེན་ཐེངས་དྲུག་པའི་བཀོད་སྒྲིག་དང་སློབ་གསོའི་ཞབས་ཞུ་འགན་ལེན་གྱི“བླང་བྱ་ཁག་བདུན”[34]དོན་འཁྱོལ་བྱེད་པ་དང་། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཡིག་ཆ“1+4”[35]དང“དམངས་ཕན་སློབ་གསོའི་བྱ་ཐབས་ཁག་བཅུ”[36]ཡག་པོ་སྤྱད་དེ། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་དང་། འོས་འགན་སློབ་གསོའི་ལྷུ་ཚིགས་ཉམས་ཞན་ལེགས་བཅོས་དང་ནུས་པ་མཐོར་འདེགས། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་འཕེལ་རྒྱས་མཐོར་གཏོང་། ལས་རིགས་སློབ་གསོའི་སྤུས་འདེགས་ལེགས་གཏོང་གི་འགུལ་སྐྱོད་ཆེན་པོ་བཞི་ལ་སྐུལ་འདེད་གཏོང་བ་དང་།    “ཡོངས་གསུམ་ལ་བརྟེན་ནས་མི་གསོ་སྐྱོང”[37]གི་དཔེ་ཚུལ་ཁྱབ་སྤེལ་གཏོང་བ། “དོ་དམ་ཁག་ལྔ”[38]ལ་ཤུགས་སྣོན་རྒྱག་པ། “འཕྲི་གཉིས”[39]སྲིད་ཇུས་དོན་འཁྱོལ་བྱེད་པ། ས་ཆ་གཞན་དུ་འཛིན་གྲྭ་གཉེར་བའི་གཞི་ཁྱོན་ཆེ་རུ་གཏོང་བ། མཚོ་བྱང་ལས་རིགས་སློབ་གྲྭའི་ཚད་གཞི་ཇེ་མཐོར་དང་རིམ་འཕར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་གྲོང་དང་ས་ཁོངས། སློབ་གྲྭ་བཅས་ཀྱི་སློབ་གསོ་དོ་སྙོམས་དང་སྤུས་ལེགས་ཀྱིས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སློབ་ཞུགས་གོང་གི་སློབ་གསོའི་ན་མཉམ་བུ་བཅོལ་ཁང་དུ་ཞུགས་ཚད་དང་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་མཉམ་སློབ་ཞུགས་བྱེད་ཚད་བཅས་སོ་སོར96.5%དང98% 96%ཡན་དུ་སླེབས་དགོས་ལ། ལས་རིགས་སློབ་གསོའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད95%ཡན་དུ་རྒྱུན་འཁྱོངས་ཐུབ་དགོས། མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་གིས་སྣེ་ཁྲིད་དེ་མ་རྡུལ་མཁར་དྲན་གསོ་ཁང་སོགས་རྟེན་གཞིའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། “མདེལ་གཉིས་སྐར་གཅིག”སོགས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ལ་སྐུལ་འདེད་གཏོང་དགོས་ལ། ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོའི་རྟེན་གཞི་སོགས་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ལྕགས་རི་རིང་པོ་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གཉིས་འཛུགས་སྐྲུན་གྱི་འཐབ་ཇུས་ནང་རང་འགུལ་ངང་ཞུགས་ཏེ། འཇུ་ལག་གི་ལྕགས་རི་རིང་པོ་སྲུང་སྐྱོང་འགྲེམས་སྟོན་ལྟེ་གནས་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཙོང་ཆུའི་ཆུ་མགོའི་རིག་གནས་སྔོག་འདོན་དང་འགྲེམ་སྟོན་བྱ་དགོས། རིག་གནས་དམངས་ཕན་བཟོ་སྐྲུན་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་ནས་རྩལ་འགྲན་ལུས་རྩལ་དང་མི་རིགས་ལུས་རྩལ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ལ། རྟ་རྒྱུག་དང་རྐང་ཐང་། ལྕགས་རྟ། མདའ་འཕེན་སོགས་ལུས་རྩལ་འགྲན་བསྡུར་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སྤྱི་བའི་རིག་གནས་ལུས་རྩལ་ཞབས་ཞུའི་ཞན་ཆ་གསབ་པ་བཅས་བྱ་དགོས། 

(ལྔ།)སྤྱི་ཚོགས་བཅོས་སྐྱོང་རྒྱུན་འཁྱོངས་དང་གསར་གཏོད་བྱས་ཏེ། མཐུན་སྒྲིལ་བརྟན་ལྷིང་དང་སྤྱི་ཚོགས་སྒྲིག་ལམ་སྔར་ལས་ལེགས་པའི་འཆམ་མཐུན་གྱི་མཚོ་བྱང་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། 

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བཟུང་སྟེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་ཚན་རིག་དང་མཐུན་པའི་སྡོམ་འགོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་མངོན་འགྱུར་བྱས་ཏེ། བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཆེན་པོ་བསྐྲུན་དགོས། 

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ལག་ལེན་སློབ་གསོའི་ལྟེ་གནས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་བཟོ་སྐྲུན་དང“སེ་འབྲུའི་ཁྱིམ་གཞིས”དང“མི་རིགས་ཀྱི་ཁྱིམ་གཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། “བདེ་འཇགས་དགོན་པ”དང“འཆམ་མཐུན་དགོན་པ”། “ལྗང་མདོག་དགོན་པ”བཅས་ཀྱི་གསར་སྐྲུན་བྱེད་སྒོ་དང་། ཆོས་ལུགས་ལས་དོན་མི་སྣའི“རེས་སྐོར་སྦྱོང་བརྡར་བཟོ་སྐྲུན”དང“བླ་སྲོག་བསྐྲུན་པའི་བཟོ་སྐྲུན”མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཆོས་ལུགས་ལས་དོན་གྱི“ཕྱོགས་གསུམ་གཞི་གཅིག”གི་དོ་དམ[40]ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། 

གཞི་རིམ་གྱི་དྲ་མིག་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་དྲ་མིག་ཅན་གྱི་བཅོས་སྐྱོང་མ་ལག་ལེགས་སྒྱུར་བྱེད་པར་གཞི་ཚུགས་ཏེ། རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱིས་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྒྱུར་བའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ཚོད་ལྟ་བྱེད་གནས་ཀྱི་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། བརྟན་ལྷིང་དང་འབྲེལ་བའི་རྒྱུ་རྐྱེན་དོ་དམ་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། རྫོང་རིམ་པའི་གཅིག་འཐུས་རྣམ་པའི་འགལ་བ་དང་རྩོད་གཞི་འདུམ་སྒྲིག་ལྟེ་གནས་ཡོངས་སུ་ཁྱབ་པར་བྱ་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་གྱི“འཆར་འགོད་གཅིག་དང་རྩ་གནད་གཉིས”[41]དོན་འཁྱོལ་བྱས་ཏེ། ཁྲིམས་ལུགས་ཁྱབ་སྤེལ་གྱི“ལོ་ལྔའི་འཆར་གཞི་བརྒྱད་པ”དམ་འཛིན་ནན་པོ་བྱས་ཏེ། ལས་དོན་ཁྲིམས་ལྟར་སྒྲུབ་པ་དང་། དོན་དག་བྱུང་ཚེ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པར་བཅའ་ཁྲིམས་སྤྱོད་པ། འགལ་བ་སེལ་ཐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་དགོས། “པད་མའི་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། “ལྟེ་བ་གཅིག་དང་བཅོས་སྐྱོང་ལྔ”ཡི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་ཚུལ[42]རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་འགོག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་བདེན་གསལ་བཟོ་སྐྲུན“རིམ་འཕར་པར་གཞི”གཏོད་པ་དང་། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་གློག་འཕྲིན་གཡོ་ལེན་དང་། རྐུ་འཕྲོག་བསླུ་གསུམ། འཆལ་རྒྱན་དུག་གསུམ་སོགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་འཆམ་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། 

རྒྱུན་རྣམ་ཕུགས་ཕན་གྱི་བདེ་འཇགས་འཛུགས་སྐྱོང་གི་རྣམ་པ་གཏོད་དགོས། འབྱུང་རྩའི་བདག་གཅུན་ལམ་ལུགས་ཅན་དང་ཉེན་ཁའི་བདག་གཅུན་རྒྱུན་རྣམ་ཅན་དུ་སྒྱུར་བ་རྒྱུན་འཁྱོངས་བྱས་ཏེ། མེ་གསོད་དང་གཏེར་རི། ཉེན་ཡོད་རྫས་འགྱུར་དངོས་རྫས། གཞུང་ལམ་འགྲིམ་འགྲུལ། ཨར་ལས་བཟོ་སྐྲུན། རང་སྐྲུན་ཁང་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་རྟོག་དམ་ལ་ཤུགས་སྣོན་བརྒྱབ་ནས། སྤྱིར་བཏང་གི་དོན་རྐྱེན་སྔོན་འགོག་དང་། དོན་རྐྱེན་ཆེ་ཙམ་བཀག་འགོག་བྱེད་པ། དོན་རྐྱེན་ཚབས་ཆེན་འབྱུང་བ་གཏན་འགོག་བྱེད་དགོས། གནོད་འཚེ་ཡོངས་དང་འཚུབ་བསྟུན་ཆེན་པོ་ལ་གཞི་བཙུགས་ཏེ། “ཨུ་ལྷན་གཉིས་དང་པུ་གསུམ”[43]གྱི་འགན་ནུས་ལེགས་སྒྱུར་དང་མཉམ་འདྲེས་བྱས་ནས། འཚུབ་བསྟུན་དཔུང་ཁག་འཛུགས་སྐྱོང་དང་འགྲོ་གྲོན། སྒྲིག་ཆས། དངོས་ཟོག་བཅས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚུབ་བསྟུན་དོ་དམ་བཀོད་འདོམས་མ་ལག་དང་ཨ་ལན་ཐག་གཅོད། གནམ་གཤིས་གནོད་འཚེའི་སྔོན་ཟོན་སྔོན་བརྡ་གཏོང་བའི་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་བཤེར་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ།  གནོད་འཚེ་འགོག་འཕྲི་སྐྱོབ་གསུམ་དང་ཐོལ་བྱུང་སྤྱི་བའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ།    ཡོམ་འགོག་གེགས་སེལ་དང་ཞོད་ཐན་སྔོན་འགོག ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། གནོད་སྐྱོན་གྱི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། འབྲུ་རིགས་དང་ཟས་རིགས། སྨན་རྫས། ནུས་ཁུངས། དངུལ་རྩ། དྲ་རྒྱ་སོགས་ཁྱབ་ཁོངས་ཁག་གི་བདེ་འཇགས་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས། སྔར་བས་ཆ་ཚང་བ་དང་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་མཚོ་བྱང་བསྐྲུན་དགོས། 

ལོ་གསར་པའི་ནང་། ང་ཚོས་སྲིད་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་གཟབ་རྒྱས་ངང་སྤེལ་བའི་གོ་སྐབས་གལ་ཆེན་གང་ལེགས་ཀྱིས་ཁོང་དུ་ཆུད་པ་བྱས་ཏེ། རིམ་སོ་སོ་དང་ཕྱོགས་སོ་སོས་མཚོ་བྱང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུར་སྔར་བས་བརྩོན་ལེན་བྱས་ནས། “མཚོ་བྱང་ལྔ”མགྱོགས་མྱུར་བསྐྲུན་རྒྱུའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ང་ཚོས་ཧྲན་ཏུང་ཞིང་ཆེན་དང་གྲོང་ཁྱེར་བཞི། ནོར་སྲིད་པུ་དང་ཀྲུང་དབྱང་ཁེ་ལས་བཞི་བཅས་དང་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས། རྣམ་གྲངས་དང་མ་དངུལ། ཤེས་ལྡན་མི་སྣ་སོགས་ཐད་ཀྱི་རོགས་སྐྲུན་རྒྱབ་སྐྱོར་གང་ལེགས་སྤྱད་དེ།མ་དངུལ་སྒོར་དུང་ཕྱུར2.5བཏང་བའི་ཧྲན་ཏུང་གི་རོགས་སྐྲུན་རྣམ་གྲངས་ཁག33ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་གྱི་རོགས་སྐྱོར་དང་ལེན་རྐྱེན་སྲོལ་ཟམ་མི་ཆད་པར་གསར་གཏོད་བྱེད་དགོས་ལ། ཐོན་ལས་རིམ་འཕར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན། དམངས་འཚོ་ལེགས་བཅོས་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ལ་དམིགས་ནས། ཆ་སྒྲིག་མཉམ་སྐྲུན་དང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དགོས། དེ་དང་ཆབས་ཅིག་ང་ཚོས་ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ། འབྲོང་ལུང་དང་ཝུའུ་ཝུའེ། ཅིན་ཁྲང་སོགས་མཛའ་གྲོགས་ས་ཁུལ་དང་སྤེལ་རེས་འགྲོ་འོང་ཟབ་ཏུ་བཏང་ནས། བཅའ་སྡོད་དམག་དཔུང་སྡེ་ཚན་དང་མཉམ་དུ་རྒྱལ་སྲུང་སྐུལ་སློང་དང་དམག་དམངས་མཉམ་སྐྲུན། དམག་བཀུར་བཟའ་སྐྱོང་། དམག་འཁྱུར་དམག་མིའི་འགན་ལེན་ཞབས་ཞུ་གཏིང་ཟབ་ཏུ་གཏོང་དགོས་ལ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་གཞོན་ནུའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་བུད་མེད་བྱིས་པ་དང་རྒྱ་གྲམ་དམར་པོ། ཕྱི་དོན། ཡིག་ཚགས། ས་གནས་ལོ་རྒྱུས། སྤྱི་གསོག་མ་དངུལ་སོགས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས།

མགོ་རྩོམ་ས་གསར་པར་ལངས་ནས་འཐབ་ལམ་གསར་པར་སྐྱོད་དགོས། ང་ཚོས་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་བྱས་ཚེ་གཞི་ནས་སྔར་བས་ཡིད་ཆེས་དང་བློ་སྟོབས་སྐུལ་སློང་བྱེད་ཐུབ་པ་དང་། ངར་ཤུགས་དང་སྤོབས་པ་སྔར་བས་རྒྱས་ཏེ། མགོ་རྩོམ་ས་གསར་པའི་ཐོག་རྣམ་པ་གསར་པ་གཏོད་ཐུབ་པ་དང་འཐབ་ལམ་གསར་པའི་ཁྲོད་ལེའུ་གསར་བ་རྩོམ་ཐུབ་པ་གསལ་པོར་ཤེས་ཐུབ། ང་ཚོས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་མང་ཚོགས་ཀྱིས་བློས་འགེལ་ཆོག་པའི་ལྷག་བསམ་ཅན་གྱི་སྲིད་གཞུང་ཞིག་བསྐྲུན་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་སྲིད་གཞུང་ལས་དོན་གྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཏན་ཁེལ་གཉིས”ཀྱི་བློ་དཀར་བརྩི་སྲུང་བ་དང“སྲུང་སྐྱོང་གཉིས”ཀྱི་བློ་དཀར་ལག་ལེན་པ་ཡག་པོ་ཞིག་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མུ་མཐུད་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་མ་ལག་འཕེལ་རྒྱས་ཡོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། དོན་འཁྱོལ་དམ་འཛིན་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ང་ཚོས་ཁྲིམས་ལྟར་སྲིད་འཛིན་པ་དང་དྲང་གཞག་སྲུང་སྟེ། མང་ཚོགས་ཀྱིས་སྔར་བས་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཤུགས་ཆེན་བྱ་དགོས། ཁྲིམས་སྐྱོང་མཚོ་བྱང་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཀྱི་འཛུགས་སྐྱོང་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་སྟེ། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱེད་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། རྩིས་བཤེར་དང་སྡོམ་རྩིས་ལྟ་སྐུལ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། སྲིད་དོན་ཡོངས་བསྒྲགས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། སྲིད་གཞུང་གི་ཁྲིམས་སྐྱོང་ཇུས་ཆོད་སྤུས་ཚད་དང་། སྲིད་འཛིན་ཁྲིམས་བསྟར་ནུས་པ་བཅས་མཐོ་རུ་གཏོང་དགོས། ང་ཚོས་སྲིད་སྐྱོང་དམངས་ཀྱི་ཆེད་དུ་ཡིན་པའི་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་སྔར་ལས་ཚིམ་པའི་སྲིད་གཞུང་བསྐྲུན་དགོས། “710”ལས་དོན་ལམ་ལུགས[44]ལག་བསྟར་ནན་པོ་བྱེད་དགོས་ལ། དོན་འཁྱོལ་དམ་འཛིན་དང་ཕན་འབྲས་ལ་བརྩི་མཐོང་སྒོས་འགན་འཁྲི་འཇོག་པ་དང་། ལས་ཀ་སྒྲུབ་པ་དང་དཀའ་གནད་སེལ་བར་བརྟེན་ནས་ནུས་པར་དཔྱད་པ། དྲང་ཕྱོགས་ནས་སྐུལ་མ་གཏོང་བ་དང་ནོར་འཁྲུལ་གུ་ཡངས་དང་ཡོ་བསྲང་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། དངོས་སྒྲུབ་མཁན་ལ་སྐུལ་མ་གཏོང་བ་དང་ལས་འགན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་པའི་ཉམས་སྣང་བཟང་པོ་བསྐྲུན་དགོས། སློབ་སྦྱོང་ཆེན་པོ་དང་བརྟག་ཞིབ་ཆེན་པོ། རིགས་སྒྱུར་ཆེན་པོ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། སློབ་སྦྱོང་དང་ལས་ཀ་གཉིས་ཀྱི་ཕན་ཚུན་ཕན་རམ་འདེགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ་དང་། དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་འདོད་བློ་སེལ་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱ་དགོས། ཨང་རིག་ནུས་པ་ཆེ་རུ་གཏོང་བ་དང་། སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། འབད་བརྩོན་གང་ཐུབ་བྱས་ཏེ་དམངས་བདེ་དང་ཁེ་ལས་ལ་ཕན་ཐོགས་ཡོང་བ་བྱ་དགོས། ང་ཚོས་སྤྱོད་གཙང་གཞུང་བཀུར་སྤྱོད་ཚུལ་ལེགས་སུ་བཏང་ནས་མང་ཚོགས་ཀྱིས་སྔར་ལས་ཁས་ལེན་པའི་དངོས་སྒྲུབ་སྲིད་གཞུང་ཞིག་ཧུར་ཐག་གིས་བསྐྲུན་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། དབང་ཆ་འཁོར་སྐྱོད་ཀྱི་ལྷུ་ཚིགས་སོ་སོའི་འགག་རྩའི་མི་དང་འགག་རྩའི་དོན་དག་དོ་དམ་ཡག་པོ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། “ཡོད་ཚད་དྲུག”[45] མཐའ་གཅིག་ཏུ་དག་ཐེར་བཅས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས། གྲོན་ཆུང་བསྲི་ཚགས་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། “སྤྱོད་ཚུལ་སྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པའི”སྤྱོད་ཚུལ་ལེགས་སྐྱོང་འགུལ་སྐྱོད་ཀྱི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ལྟ་སྐུལ་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྱབ་ཁོངས་སྔར་ལས་མང་པོར་བཀྲག་མདངས་འཚེར་ས་གཏོད་པ་དང་ཉམས་མྱོང་ཆགས་པ། མདུན་གྲལ་དུ་སྐྱོད་པ། རྒྱབ་སྐྱོར་ཐོབ་པ་བཅས་བྱ་དགོས། 

འཐུས་མི་རྣམ་པ། རླབས་ཆེན་གྱི་འཐབ་ལམ་གསར་པའི་ཐོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་དུ་འཇོག་པ་གཡོ་འགུལ་མེད་པ་དང་། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པ། སེམས་མཐུན་སྟོབས་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད།    འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བཅས་བྱས་ནས། ཁུལ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། “243”གྱི་འཕེལ་རྒྱས་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་ཀྱི“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་པ་དང་། འབུར་དུ་ཐོན་པའི་གྲུབ་འབྲས་ཀྱིས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བར་བསུ་མ་བྱེད་དགོས།    

ཐ་སྙད་འགྲེལ་བཤད།

1.“འདེགས་གསུམ་སེལ་གཅིག་སྒྱུར་གཉིས”འགུལ་སྐྱོད་ཆེན་པོ་དྲུག་ནི། ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་འདེགས་འགུལ་སྐྱོད་དང་། མཉམ་འདྲེས་འཕེལ་རྒྱས་ཀྱི་ཚད་འདེགས་འགུལ་སྐྱོད། མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲོས་འདེགས་འགུལ་སྐྱོད། ཁྲོམ་རའི་ཞབས་ཞུའི་འགོག་རྐྱེན་སེལ་བའི་འགུལ་སྐྱོད། སྤྱི་ཚོགས་འགན་ལེན་ལེགས་སྒྱུར་འགུལ་སྐྱོད། སྤྱི་ཚོགས་བཅོས་སྐྱོང་ལེགས་སྒྱུར་འགུལ་སྐྱོད་བཅས་ཡིན།

2.ཐིག་གསུམ་ཐོ་གཅིག “ཐིག་གསུམ”ནི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཐིག  ཐོན་ཁུངས་བེད་སྤྱོད་ཀྱི་སྟེང་ཐིག་གསུམ་དང་། “ཐོ་གཅིག”ནི་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་ཡིན།

3.ཐོན་རྫས་གཉིས་དང་མཚོན་རྟགས་གཅིག  “ཐོན་རྫས་གཉིས”ནི་ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཡིན་ལ། “མཚོན་རྟགས་གཅིག”ནི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཡིན།

4. “5+8+N”ཐོན་ལས། “5”ནི་བོད་ལུག་དང་། ནོར་གནག ལོག་དཀར། ནས། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔ་ཡིན། “8”ནི་བཤའ་ནོར་དང་། བཤའ་ལུག  སྦྲང་རྩི། ཤ་མོ་སེར་པོ། ཆུ་འཁྱག་ཉ། དྲི་ཞིམ་ཤ་མོ། གྲོ་མ། སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད་ཡིན། “N”ནི་ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་དང་། རྩྭ་ཕག  རྩྭ་ཐང་གི་སྐྱ་ཁམས་ཁྱིམ་བྱ་སོགས་ཀྱི་ཐོན་ལས་མང་པོ་ཡིན། 

5.འོད་ཤུགས་གླིང་ཁུལ་ལྔ་དང་རླུང་གློག་རྟེན་གཞི་གསུམ་ནི། རྐང་ཚ་རྫོང་གི་བཀྲ་སོག་འོད་ཤུགས་ཐོན་ལས་གླིང་ཁུལ་དང་། མདོ་ལའི་རྐྱང་ཁ་ཆུ་རུག་འོད་ཤུགས་གླིང་ཁུལ། མདའ་བཞི་རྫོང་གི་ཁི་ཐུའུ་འོད་ཤུགས་བྱེ་བཅོས་གླིང་ཁུལ། རྐང་ཚ་རྫོང་གི་ཆུ་ཁོལ་འོད་ཤུགས་ཐོན་ལས་གླིང་ཁུལ། མདོ་ལའི་སྐྱིད་ལུང་ནུས་ཁུངས་གསར་པའི་ཐོན་ལས་གླིང་བཅས་ལྔ་དང་། རྐང་ཚ་རྫོང་གི་ཆུ་ཁོལ་བཟོ་ལས་གླིང་ཁུལ་གྱི་རླུང་གློག་ཁང་དང་། མདོ་ལ་རྫོང་མུ་རི་གྲོང་རྡལ་ལོ་རྒན་སྡེ་བའི་རླུང་གློག་ཁང་། མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་རླུང་གློག་ཁང་གསུམ་ཡིན།

6.དམིགས་འབེན་གཅིག་དང་གསལ་ཐོ་གསུམ། ལྷུ་ཚིགས་བཞི།  “དམིགས་འབེན་གཅིག”ནི་ལོ་འཁོར་གྱི་མ་འཇོག་ལས་འགན་ཡིན་པ་དང་། “གསལ་ཐོ་གསུམ”ནི་རྣམ་གྲངས་ཀྱི་འདེགས་སྐྱོར་གསལ་ཐོ་དང་རྣམ་གྲངས་གནད་དོན་གྱི་གསལ་ཐོ། རྣམ་གྲངས་ཀྱི་འགན་འཁྲིའི་གསལ་ཐོ་གསུམ་ཡིན་ལ། “ལྷུ་ཚིགས་བཞི”ནི། རྣམ་གྲངས་ལས་དོན་གྱི་འཆར་གཞི་དབྱེ་ཕྲལ་ལྷུ་ཚིགས་དང་རྣམ་གྲངས་སྐུལ་སྤེལ་ཁྱབ་སྒྲོག་ལྷུ་ཚིགས། མཐུན་སྦྱོར་སྐུལ་སྤེལ་ལྷུ་ཚིགས། སྐུལ་ཁྲིད་སྐུལ་འདེད་ལྷུ་ཚིགས་བཅས་ཡིན། 

7.“185”ལས་དོན་རིགས་ལམ། “1”ནི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གྱི“ལྟེ་བའི་ལས་འགན”གཏོད་རྒྱུ་དང་། “8”ནི་གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་པོ་བརྒྱད”ཡིན། “5”ནི་སྤུས་རྟགས་དང་སྐྱེ་ལྡན། ཨང་ཀི ཤེས་ལྡན་མི་སྣ། རྣམ་གྲངས་བཅས་ཀྱི“ནུས་པ་ལྔ”ཡིན།

8.“4+1+N”འགན་གཙང་ལེན་ལས་དོན་རྐྱེན་སྲོལ། “4”ནི་ཁུལ་གྱི་ཚན་ཁག་ཆེན་པོ་བཞིས་རྫོང་བཞིར་ཁ་གཏད་འགན་གཙང་ལེན་བྱེད་པ་ཡིན། “1”ནི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་རེ་རེས་ཡུལ་གྲོང་གཅིག་ལ་འགན་གཙང་ལེན་བྱེད་པ་ཡིན། “N”ནི་ཁུལ་རིམ་པའི་སྡེ་ཁག་རེ་རེས་སོ་སོར་སྡེ་བ་གཅིག་ལ་ཆ་སྒྲིག་འགན་གཙང་ལེན་བྱེད་པ་དེ་ཡིན།

9.“ཡོངས་གསུམ”གྱི་སྔོན་རྩིས་ལས་རྗེས་དོ་དམ་མ་ལག་ནི། ཕྱོགས་ཡོངས་ནས་སྔོན་རྩིས་ཀྱི་ལས་རྗེས་དོ་དམ་གྱི་རྣམ་པས་རིམ་པ་དེ་གའི་སྲིད་གཞུང་གི་སྔོན་རྩིས་དང་སྡེ་ཁག་གི་སྔོན་རྩིས། སྲིད་ཇུས། རྣམ་གྲངས་ཀྱི་སྔོན་རྩིས་བཅས་ལ་ཕན་འབྲས་དོ་དམ་བྱེད་པ་དང་། བརྒྱུད་རིམ་ཡོངས་ཀྱི་སྔོན་རྩིས་ཀྱི་ལས་རྗེས་དོ་དམ་འབྲེལ་ཐག་བཙུགས་ནས། ལས་རྗེས་ཀྱི་འདུ་ཤེས་དང་བྱེད་ཐབས་སྔོན་རྩིས་བཟོ་འགོད་དང་ལག་བསྟར། ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཡོངས་སུ་གཏིང་ཟབ་འདྲེས་པར་བྱེད་པ་དང་། སྔོན་རྩིས་ཀྱི་ལས་རྗེས་དོ་དམ་མ་ལག་ཡོངས་སུ་ཁྱབ་པ་འཐུས་ཚང་དུ་བཏང་སྟེ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། རྒྱལ་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས། སྤྱི་ཚོགས་གུན་སྐྱོབ་ཐེབས་རྩའི་སྔོན་རྩིས་བཅས་ཕྱོགས་ཡོངས་ནས་ལས་རྗེས་དོ་དམ་ཁྲོད་འཇུག་པ་གསུམ་ཡིན།

10.བཟོ་སྐྲུན“ཁག་དྲུག”ནི། ངལ་ནུས་མཉམ་ལས་བཟོ་སྐྲུན་དང་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་ལས་ཞུགས་ལྟ་སྦྱོང་གི“བརྒྱ་ཕྲག”བཟོ་སྐྲུན། རྩལ་ནུས་མཐོར་གཏོང་འགུལ་སྐྱོད་བཟོ་སྐྲུན། སྤྱི་བའི་ལས་ཞུགས་ཞབས་ཞུའི་བཟོ་སྐྲུན། ལས་གཏོད་ཞབས་ཞུའི་བཟོ་སྐྲུན། སྤྱི་ཕན་རང་བཞིན་གྱི་ལས་གནས་མཐིལ་སྐྱོར་རོགས་སྐྱོར་བཟོ་སྐྲུན་བཅས་ཡིན། 

11.སློབ་གསོར་མ་དངུལ་འཇོག་པའི“མཐོར་གཏོང་གཉིས་དང་འཕར་སྣོན་གསུམ”ནི། “མཐོར་གཏོང་གཉིས”ནི། ནོར་སྲིད་སློབ་གསོའི་གྲོན་དངུལ་གཏོང་གྲངས་ཀྱིས་རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་སྡོམ་འབོར་ནང་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། སློབ་གསོའི་གྲོན་དངུལ་གྱི་གཏོང་སྒོས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་བ་དེ་ཡིན། “འཕར་སྣོན་གསུམ”ནི། ནོར་སྲིད་ཀྱི་རྒྱུན་ལྡན་རང་བཞིན་གྱི་ཡོང་འབབ་འཕར་སྣོན་བྱུང་བ་དང་། ནོར་སྲིད་སློབ་གསོའི་གྲོན་དངུལ་གཏོང་ཚད་ཅུང་འཕར་སྣོན་བྱུང་བ་མ་ཟད། ནོར་སྲིད་ཀྱི་རྒྱུན་ལྡན་རང་བཞིན་གྱི་ཡོང་འབབ་འཕར་ཚད་ལས་མཐོ་བ་དང་། སློབ་མ་རེའི་ཆ་སྙོམས་སློབ་གསོའི་འགྲོ་གྲོན་མང་དུ་འཕར་སྣོན་བྱུང་བ། དགེ་རྒན་གྱི་གླ་ཕོགས་དང་སློབ་མ་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་ཅུང་འཕར་སྣོན་བྱུང་བ་དེ་ཡིན།

12.“སྨན་ལྔ”མཉམ་འགུལ་སྒྱུར་བཅོས་ནི། གསོ་རིག་དང་སྨན་བཅོས། སྨན་སྐྱོབ། སྨན་རྫས། སྨན་ཁང་བཅས་མཉམ་འགུལ་སྒྱུར་བཅོས་བྱེད་པ་དེ་ཡིན།

13.གུན་སྐྱོབ་ཆེན་པོ་ལྔ་ནི། གཞི་རྩའི་རྒན་གསོའི་གུན་སྐྱོབ་དང་ལས་ཤོར་གུན་སྐྱོབ། ལས་རྨས་གུན་སྐྱོབ། བུ་བཙའི་གུན་སྐྱོབ། སྨན་བཅོས་གུན་སྐྱོབ་བཅས་ཡིན།

14.སྐྱོད་པ་བཅུ་གཉིས་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་དེ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། སློབ་གྲྭ། གྲོང་གསེབ། དམག་སྒར། དགོན་སྡེ། མཛེས་ལྗོངས་ཁུལ། རྒྱལ་ཁབ་སྤྱི་གླིང་། ཁྲོམ་ར། དྲ་རྒྱ། ཁྱིམ་ཚང་བཅས་སུ་སྐྱོད་པ་དེཡིན། 

15.གཅིག་ཅན་བཅུ་གསུམ་ནི། དྲིལ་སྒྲོག་དཔུང་ཁག་སྐོར་ཞིག་འཛུགས་པ་དང་། དྲིལ་སྒྲོག་སློབ་གསོའི་ཀློག་དེབ་ཆ་ཚང་ཞིག་དཔར་སྒྲིག་བྱེད་པ། ཏང་གི་གསུང་རབ་ཚད་ལྡན་ཡིག་ཆའི་བོད་ཡིག་སྒྱུར་དེབ་གཅིག་རྩོམ་སྒྱུར་བྱེད་པ། དྲིལ་སྒྲོག་པར་གཞི་སྐོར་ཞིག་བཟོ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་གླུ་དབྱངས་ཤིག་གསར་རྩོམ་བྱེད་པ། རིག་རྩལ་ལེ་ཚན་ཞིག་སྒྲིག་པ། གསར་འགྱུར་སྨྱན་སྦྱོར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་ཆེད་སྒྲིག་ལེ་ཚན་ཞིག་བཟོ་བ། མཐོང་ཚོར་གཟུགས་བརྙན་གྱི་མཚོན་རྟགས་སྐོར་ཞིག་གཏོད་པ།    བརྗོད་དོན་དྲིལ་སྒྲོག་བྱང་བུ་སྐོར་ཞིག་བཟོ་བ(དྲིལ་སྒྲོག་དྲ་མིག རིག་གནས་གྱང་ངོས)། སློབ་གྲྭའི་ཀློག་དེབ་ཆ་ཚང་ཞིག་རྩོམ་སྒྲིག་འགྲེམ་སྤེལ་བྱེད་པ།    བརྗོད་དོན་ཆེད་བཅར་སྐོར་ཞིག་བྱེད་པ།    སློབ་སྦྱོང་སློབ་གསོའི་དཔེ་དེབ་སྐོར་ཞིག་ཉོ་བ།    སྔོན་ཐོན་དཔེ་བཟང་སྐོར་ཞིག་འདེམས་འཇོག་བྱེད་པ་བཅས་ཡིན།    

16.བཟོ་སྐྲུན་ཆེན་པོ་བཞི་ནི། གསར་བརྗེའི་སློབ་གསོར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་པ་བརྟན་པོར་གཏོང་བའི་བཟོ་སྐྲུན་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སློབ་གསོར་བརྟེན་ནས་གཞོན་ནུ་ལོ་ཆུང་གི་རྨང་གཞི་བརྟན་པོ་འདིང་བའི་བཟོ་སྐུན། ཁྲིད་སྟོན་སློབ་གསོར་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་བཟོ་སྐྲུན། གསོ་སྦྱོང་སློབ་གསོར་བརྟེན་ནས་ཆོས་ལུགས་ལས་དོན་མི་སྣའི་ཁྲིད་སྟོན་བརྟན་དུ་གཏོང་བའི་བཟོ་སྐྲུན་བཞི་བཅས་ཡིན།

17.“5351”ལས་དོན་བྱེད་ཐབས། “5”ནི་སྐུལ་སློང་བཀོད་སྒྲིག་དང་རང་བཤེར་རང་བཅོས། ཕྱོགས་ཡོངས་དག་ཐེར། རྟོག་འདོམས་ཞིབ་བཤེར། སྲ་བརྟན་མཐོར་འདེགས་བཅས་སྤེལ་བའི་དུས་མཚམས་ཀྱི་ལས་དོན5ཡིན་པ་དང་། “3”ནི་གནད་དོན་གྱི་བྱུར་རྐྱེན་དང་དག་ཐེར་འགན་འཁྲི། དག་ཐེར་ཐོ་བསུབ་བཅས་ཀྱི་གསལ་ཐོ3བཟོ་བ་ཡིན། “51”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་དོན་ཚན་བཅོ་ལྔའི་ཞིབ་ཕྲའི་ལས་འགན་ཁག51ལ་དབྱེ་ཡོད་པ་དེ་ཡིན།

18.གང་བྱུང་བཞི་ནི། གང་བྱུང་དུ་བཟུང་སྤྱོད་དང་། གང་བྱུང་དུ་སྔོག་འདོན། གང་བྱུང་དུ་སྤུངས་པ། གང་བྱུང་དུ་འཛུགས་པ་བཅས་ཡིན།

19.དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག་ནི། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་གཏོད་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གསལ་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ལ་ཟེར། 

20.མཚོ་བྱང་ལྔ་ནི། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་ཀྱི་མཚོ་བྱང་གསར་པ་ལ་ཟེར། 

21.གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་པོ་བརྒྱད”། འབྲུ་རིགས་མཁོ་སྤྲོད་བརྟན་པོ་འགན་ལེན་གྱི་འགུལ་སྐྱོད་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགུལ་སྐྱོད། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྐྱོད། གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད། གྲོང་གསེབ་བཅོས་སྐྱོང་གི་འགུལ་སྐྱོད། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་གི་འགུལ་སྐྱོད། ཚན་རྩལ་འདེགས་སྐྱོར་གྱི་འགུལ་སྐྱོད། སྒྱུར་བཅོས་གསར་གཏོད་ཀྱི་འགུལ་སྐྱོད་བཅས་ཡིན། 

22.“243”འཕེལ་རྒྱས་ཀྱི་བཀོད་པ། “2”ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་བསྟར་བའི་མཐོ་ས་གཏོད་པ་ཡིན། “4”ནི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ། ནུས་ཁུངས་གཙང་མ་ཐོན་སྐྱེད་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཁུལ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་བཅས་གཏོད་པ་དེ་ཡིན། “3”ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་བཅས་བྱ་རྒྱུ་དེ་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དེ་ཡིན། 

23.གཡོ་འགུལ་སྤུ་ཙམ་མེད་པ་གཉིས་ནི། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་བློ་བརྟན་འགྱུར་མེད་ཀྱིས་བསྔགས་སྐུལ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ་ཡིན། 

24.གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་བའི་ཆེད་དོན་འགུལ་སྐྱོད་ཆེན་པོ་དགུ་ནི། ཁེ་ལས་ལ་རོགས་སྐྱོར་གྱི་དཔྱིད་རླུང་འགུལ་སྐྱོད་དང་། སྲིད་ཇུས་སྦྲེལ་མཐུད་བརྩོན་ལེན་འགུལ་སྐྱོད། མ་འཇོག་རྣམ་གྲངས་འགག་སྒྲོལ་འགུལ་སྐྱོད། བཟོ་ལས་རྒྱ་སྐྱེད་ཐོན་འཕར་འགུལ་སྐྱོད། འཛད་སྤྱོད་སླར་གསོ་མཐོར་འདེགས་འགུལ་སྐྱོད། ཚན་རྩལ་གསར་གཏོད་ཀྱི་ནུས་འདོན་འགུལ་སྐྱོད། ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ཆེར་གཏོང་འགུལ་སྐྱོད། དེང་རབས་ཞིང་ལས་ཀྱི་སྤུས་འདེགས་འགུལ་སྐྱོད། ལས་ཞུགས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བའི་འགུལ་སྐྱོད་བཅས་ཡིན།

25.“གཅིག་ཅན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་ཆ་སྒྲིག་བཟོ་སྐྲུན་ནི། རྫོང་རེར་ཉུང་མཐར་ཡང་གཟན་ཆག་བཟོ་གྲྭ་རེ་དང་། ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་རེ། བཤས་ར་རེ། གྲང་མཛོད་རེ། སྐྱེ་ལྡན་ལུད་བཟོ་གྲྭ་རེ། ནས་དང་ལོག་དཀར་ལས་སྣོན་བཟོ་གྲྭ་རེ། སོན་བཟང་གསོ་སྤེལ་དང་སོན་འདེབས་རྟེན་གཞི་རེ་བཅས་འཛུགས་པ་ཡིན། 

26.“123”གནས་སྐོར་མཛེས་ལྗོངས་ཁུལ་གྱི་དམིགས་འབེན་ནི། “ལྔ་བཅུ་བཞིའི”དུས་མཇུག་ཏུ་སླེབས་དུས། རྐང་ཚ་དང་འཇུ་ལག་གི་མཛེས་ལྗོངས་ཁུལ་གཅིག་ཞིང་ཆེན་ཡོངས་ཀྱིAཅན5རིམ་པ་གཏོད་པའི་མིང་ཐོའི་ནང་འཇུག་པ་དང་། རྫོང་སོ་སོས་སླར་ཡང་གནས་སྐོར་མཛེས་ལྗོངས་ཁུལAཅན4རིམ་པ་ཅན2དང་། Aཅན3རིམ་པ་ཅན3་གཏོད་པ་ལ་ཟེར།  

27.ཚོང་འགུག་མ་འདྲེན་གྱི“འགུལ་སྐྱོད་ཆེན་པོ་དྲུག”ནི། ལས་དོན་མ་ལག་འཐུས་ཚང་དུ་གཏོང་བའི་འགུལ་སྐྱོད་དང་། གཙོ་གནད་རྣམ་གྲངས་སྐུལ་འདེད་ཀྱི་འགུལ་སྐྱོད། ལས་སྟེགས་གཞི་རྟེན་མཐོར་གཏོང་གི་འགུལ་སྐྱོད། ཚོང་འགུག་བྱེད་སྟངས་གསར་གཏོད་ཀྱི་འགུལ་སྐྱོད། ཚོང་འགུག་ནུས་པའི་རྨང་གཞི་བརྟན་དུ་གཏོང་བའི་འགུལ་སྐྱོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགུལ་སྐྱོད་བཅས་ཡིན། 

28.“མཐོ་གཉིས”རྣམ་གྲངས་ནི། ནུས་ཁུངས་ཟད་གྲོན་ཆེ་བ་དང་ཕྱིར་འབུད་མང་བའི་རྣམ་གྲངས་ལ་ཟེར། 

29.ཆུ་བཞི་དང་གཏན་ཁེལ་བཞི་ནི། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་ཁེལ་བྱེད་པ་དང་། ཆུ་ལ་བརྟེན་ནས་ས་ཞིང་གཏན་ཁེལ་བྱེད་པ། ཆུ་ལ་བརྟེན་ནས་མི་གཏན་ཁེལ་བྱེད་པ། ཆུ་ལ་བརྟེན་ནས་ཐོན་ཚད་གཏན་ཁེལ་བྱེད་པ་བཅས་ཡིན།

30.ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི“གཙོ་བོ་གཅིག་དང་གཞོགས་འདེགས་དྲུག”གི་སྲིད་ཇུས་དང་བྱེད་ཐབས། “གཙོ་བོ་གཅིག”ནི《མཚོ་བྱང་ཁུལ་གྱིས་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་སྒྱུར་བཅོས་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》དང་། “གཞོགས་འདེགས་དྲུག”ནི“མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་བྱང་ཁུལ་གཞུང་བཙུགས་སྨན་ཁང་གིས་ཆེད་ལས་ལག་རྩལ་མི་སྣའི་ལས་གནས་གླ་ཕོགས་དོ་དམ་ལས་དོན་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང་། 《མཚོ་བྱང་ཁུལ་གྱི་ཀྲུང་བོད་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དང་། 《འཇུ་ལག་རྫོང་གི་ཚགས་དམ་པའི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་།    《མཚོ་བྱང་ཁུལ་གཞུང་བཙུགས་སྨན་ཁང་གི་གཙོ་གནད་ཆེད་ལས་ཚན་ཁག་དང་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྱོང་གི་བྱ་དགའ་སྟེར་ཐབས》དང་། 《མཚོ་བྱང་ཁུལ་གྱི་གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆེད་དོན་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》བཅས་ཡིན།

31.རྫོང་ཁོངས་ཀྱི་དམ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པའི“གཅིག་གྱུར་བདུན”ནི། སྲིད་འཛིན་དང་མི་སྣ། ནོར་དོན། ལས་རྗེས། ལས་སྒོ། སྨན་རྫས། ཆ་འཕྲིན་བཅས་དོ་དམ་གཅིག་གྱུར་ཡིན་པའི་རྫོང་ཁོངས་ཀྱི་དམ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པར་ཟེར། 

32.མ་བུའི་བདེ་འཇགས་ཀྱི་ལམ་ལུགས་ཁག་ལྔ་ནི། མངལ་སྦྲུམ་ཉེན་ཁ་ཚགས་བཤེར་དང་དཔྱད་དཔོག་ལམ་ལུགས་དང་། ཉེན་ཁ་ཆེ་བའི་སྦྲུམ་མའི་ཆེད་དོན་དོ་དམ་ལམ་ལུགས། ཉེན་ཁ་ཆེ་བའི་སྦྲུམ་མ་དང་བང་མ་སྐྱོབ་བཅོས་ལམ་ལུགས། སྦྲུམ་མ་དང་བང་མ་ཤི་བའི་ཟླ་རེའི་སྙན་ཞུ་དང་གྱོད་དོན་གྱི་དཔྱད་ཞིབ་ལམ་ལུགས། འབོད་གླེང་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཅས་ཡིན། 

33.ན་སོ་མ་སྨིན་པའི་མིའི“ཕྱོགས་དྲུག་གཞི་གཅིག”གི་སྲུང་སྐྱོང་མ་ལག་ནི། ཁྱིམ་ཚང་གི་སྲུང་སྐྱོང་དང་སློབ་གྲྭའི་སྲུང་སྐྱོང་། སྤྱི་ཚོགས་ཀྱི་སྲུང་སྐྱོང་། དྲ་རྒྱའི་སྲུང་སྐྱོང་། སྲིད་གཞུང་གི་སྲུང་སྐྱོང་། ཁྲིམས་འཛིན་གྱི་སྲུང་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་ན་སོ་མ་སྨིན་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་མ་ལག་ལ་ཟེར། 

34.སློབ་གསོའི་ཞབས་ཞུ་འགན་སྲུང་གི“བླང་བྱ་བདུན”ནི། ཡུལ་གྲོང་གི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་སློབ་གྲྭར་བསྐྱོད་དེ་བསམ་བློ་ཆབ་སྲིད་སློབ་ཚན་ལ་ཉན་པ་དང་། སློབ་མའི་ཟ་མ་ཟ་བ། ཁྱིམ་བདག་ཚོགས་འདུར་ཞུགས་པ། སློབ་གྲྭའི་ཏང་ཀྲི་པུ་ཡི“གལ་ཆེན་གསུམ་དང་ཆེན་པོ་གཅིག”གི་ཐབས་ཇུས་ཚོགས་འདུར་ཞུགས་པ། ཏང་གི་སློབ་ཚན་ཐེངས་གཅིག་ཁྲིད་པ་བཅས་ལ་ཟེར་ཞིང་། སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ལ་དོ་ཁུར་དང་ཡུལ་གྲོང་གི་སློབ་མའི་སྤུས་ཚད་རྟོག་འཇལ་གྱི་འབྲས་བུར་ཤེས་རྟོགས་བྱེད་པ་ལ་ཟེར། 

35.སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཡིག་ཆ“1+4”། “1”ནི《སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཡིན། “4”ནི《དུས་རབས་གསར་པའི་སློབ་གྲྭའི་ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《དུས་རབས་གསར་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་། 《དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《མཚོ་བྱང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི(2023ལོ་ནས2025ལོ་བར)》བཅས་ཡིན།

36.“དམངས་ཕན་སློབ་གསོའི”བྱ་ཐབས་ཁག་བཅུ་ནི། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ལས་རིགས་སློབ་གསོ་རྒྱ་སྐྱེད་སྟོབས་ཆེར་གཏོང་བ། དགེ་རྒན་གྲགས་ཅན་དང་སློབ་གྲྭ་གྲགས་ཅན་གྱི་བཟོ་སྐྲུན་ལག་བསྟར་བྱེད་པ། དགེ་རྒན་གྱི་དཔུང་ཁག་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་གསོའི་གདེང་འཇོག་བྱེད་སྟངས་སྒྱུར་བཅོས་བྱེད་པ། བྱིས་པའི་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་འགན་སྲུང་བྱེད་པ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཡིན། 

37.ཡོངས་གསུམ་ལ་བརྟེན་ནས་མི་གསོ་སྐྱོང་ནི། ལས་བཟོ་ཡོངས་ཀྱི་མི་སྣ་གསོ་སྐྱོང་དང་། བརྒྱུད་རིམ་ཧྲིལ་པོའི་མི་སྣ་གསོ་སྐྱོང་། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བཅས་ཡིན། 

38.དོ་དམ་ཁག་ལྔ་ནི། སློབ་གྲྭ་འབྲིང་ཆུང་གི་ལས་བྱ་དང་། གཉིད་ལོག་པ། ལག་ཐོགས་ཁ་པར། ཀློག་དེབ། གཟུགས་གཞི་དོ་དམ་བཅས་ཡིན། 

39.གཉིས་འཕྲི་ནི། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་ལས་བྱའི་ཁུར་པོ་ལྕི་དྲགས་པ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་ནུས་ལྡན་ངང་ཡང་དུ་གཏོང་བར་ཟེར། 

40.ཆོས་ལུགས་ལས་དོན་གྱི“ཕྱོགས་གསུམ་གཞི་གཅིག”གི་དོ་དམ་ནི། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། ཆོས་ལུགས་དགོན་སྡེའི་སྤྱི་ཚོགས་དོ་དམ། དགོན་སྡེའི་ནང་ཁུལ་གྱི་དམངས་གཙོའི་དོ་དམ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཟེར། 

41.ཁྲིམས་སྐྱོང་འཛུགས་སྐྲུན་གྱི“འཆར་འགོད་གཅིག་དང་རྩ་གནད་གཉིས”ནི། 《ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་འཆར་འགོད(2020ལོ་ནས2025ལོ་བར)》དང་། 《ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་གི་ལག་བསྟར་རྩ་གནད(2020ལོ་ནས2025ལོ་བར་)》དང་《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད(2021ལོནས2025ལོ་བར)》གཉིས་བཅས་ཡིན། 

42.“ལྟེ་བ་གཅིག་དང་བཅོས་སྐྱོང་ལྔ”ཡི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དཔེ་ཚུལ་ནི། ཏང་འཛུགས་སྐྱོང་ལྟེ་བར་བྱས་ཏེ་ཆབ་སྲིད་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་། རང་སྐྱོང་། རིག་སྐྱོང་བཅས་མཉམ་འདྲེས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ལ་སྐུལ་འདེད་གཏོང་བ་ལ་ཟེར། 

43.ཨུ་ལྷན་གཉིས་དང་པུ་གསུམ་ནི། ཨུ་ལྷན་གཉིས་ནི་ཁུལ་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་དང་། ཁུལ་གནོད་འཕྲི་ཨུ་ཡོན་ལྷན་ཁང་ཡིན་ལ། ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུ། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུ། ཁུལ་ཡོམ་འགོག་གེགས་སེལ་ལས་དོན་མགོ་ཁྲིད་ཚོ་ཆུང་བཅས་ཡིན། 

44.“710”བྱ་བའི་ལམ་ལུགས་ནི། སྲིད་དོན་ལས་དོན་ཁྲོད་སྤྱིར་བཏང་གི་དོན་ཚན་ངེས་པར་དུ་ཉིན7གྱི་ནང་ཚུན་དུ་བསྒྲུབས་ཚར་བ་བྱེད་དགོས་པ་དང་། རྙོག་འཛིང་ཆེ་བའི་དོན་ཚན1གི་ནང་ཚུན་དུ་གྲུབ་འབྲས་ཐོན་དགོས་པ་དང་། ལོ་མགོར་གཏན་ཁེལ་བྱས་པའི་དོན་ཚན་ཚང་མ་ལོ་དེའི་ལོ་མཇུག་ཏུ་གཙང་སེལ་དང་མེད་པ་བཟོ་དགོས་པར་ཟེར། 

45.ཡོད་ཚད་དྲུག་ནི། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་མི་བྱེད་པའི་འགུལ་སྐྱོད་ཡོད་ཚད་དང་། མི་བདེན་རྫུན་སྒྲིག་དང་མངོན་བརྩི་ལྐོག་འགལ། བབ་བསྟུན་སླ་བཅོས། འཐེན་འཕྲི་བྱེད་པ། གདམ་གསེས་རང་བཞིན་གྱི་ལག་བསྟར་བྱེད་པ་བཅས་ཀྱི་འགུལ་སྐྱོད་ཡོད་ཚད། མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་འཇོག་པ་དང་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ། བཤད་པ་ཙམ་གྱིས་མི་སྦྱོང་བ། རྫོག་འཇམ་སུག་མཛེས་བཅས་ཀྱི་བྱ་སྤྱོད་ཡོད་ཚད། ཆོས་ཉིད་ལ་བརྩི་འཇོག་མི་བྱེད་པ་དང་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྩི་འཇོག་མི་བྱེད་པ། རྒྱས་བཟའ་རྒྱས་འཐུང་། རྒྱས་སྤྲོས་ཆུད་ཟོས་བྱེད་པ་བཅས་ཀྱི་འགུལ་སྐྱོད་ཡོད་ཚད། ཁག་འགན་ཕར་དཀྲི་ཚུར་དཀྲི་དང་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཡར་རྒྱས་བརྩོན་ལེན་མི་བྱེད་པ་བཅས་ཀྱི་འགུལ་སྐྱོད་ཡོད་ཚད། མང་ཚོགས་ཀྱི་མདུན་དུ་ཁེངས་ཉམས་སྟོན་པ་དང་གོང་རིམ་གྱི་མདུན་དུ་བཟོ་ལྟ་སྟོན་པ། ལས་གནས་ཐོག་ཉི་མ་འཁྱོལ་ཐབས་བྱེད་པ་བཅས་ཀྱི་འགུལ་སྐྱོད་ཡོད་ཚད་བཅས་ལ་ཟེར། 



སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《སྲིད་གཞུང་ལས་དོན་སྙན་ཞུ》པར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།
སྐབས་རྗེས་མ། མེད།
མཉམ་སྤྱོད།