དེ་རིང་ནི2024ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྔར་བས་ནན་སྲུང་གིས་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར།

2022-10-10 08:37   |   2488

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་སྲིད〔2023〕ཨང45པ། 

《ཀྲུང་གུང་མཚོ་སྔོན་ཞིང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་རྒྱུའི་ཐད་ཀྱི་བསམ་འཆར》(མཚོ་སྤེལ〔2021〕ཨང22པ)དང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཀྱི་ལག་བསྟར་བསམ་འཆར》(མཚོ་སྲིད〔2021〕ཨང76པ)ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་དེའི་ལག་བསྟར་སྲོལ་ཡིག་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ད་ལྟ་ནོར་དཔལ་གྱི་སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་ནས་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་དུ་གཤམ་གྱི་བསམ་འཆར་བཏོན།
        དང་པོ། སྤྱིའི་བླང་བྱ།

གཅིག སློབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གསུང་བཤད་གྱི་དགོངས་དོན་གལ་ཆེན་ལག་ལེན་གཏིང་ཟབ་དང་ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། བརྟན་པོ་ཡོང་བ་བྱ་རྒྱུ་དང་པོར་འཛིན་པ་དང་། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པ། ཆ་ཚང་བ། ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ། སྔོན་རྩིས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། སྔོན་རྩིས་ལག་བསྟར་གྱི་བཀག་སྡོམ་སྲ་བརྟན་གཏོང་བ། སྔོན་རྩིས་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་ཉེན་ཁ་སྔོན་འགོག་སེལ་ཐབས་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུའི་ཁྲོད་ནོར་སྲིད་ཀྱི་རྨང་གཞི་དང་སྲོག་ཤིང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། “དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་རྩོམ་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
       གཉིས། གཞི་རྩའི་རྩ་དོན།

ལངས་གནས་མཐོ་རུ་བཏང་ནས་སྲིད་དོན་ལ་བརྟེན་ནས་རྒྱུ་ནོར་ལ་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་བྱ་དགོས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་བཀོད་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་སྲོག་ཤིང་གི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ནོར་སྲིད་དོ་དམ་བསྒྱུར་བཅོས་ཁྲོད་ཏང་གི་འདོད་བློ་མཚོན་པ་དང་ཏང་གི་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དེ་ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དག་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།

ཁྲིམས་སྲོལ་ལུགས་སྲོལ་ལྟར་སྔོན་རྩིས་ཁྲིམས་བཀོད་མཐའ་འཁྱོངས་བྱ་དགོས། ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་། གཅུན་སྡོམ་བྱེད་ཤུགས། ལམ་ལུགས་ལག་བསྟར་བྱེད་ཤུགས་བཅས་སྔར་བས་ཆེ་རུ་བཏང་སྟེ། སྔོན་རྩིས་ཀྱི་དབང་གྲགས་རང་བཞིན་དང་གཅུན་ནུས་ལ་སྲུང་སྐྱོང་བྱ་དགོས། ས་གནས་དང་སྡེ་ཁག་གི་བྱེད་པོའི་འགན་འཁྲི་ཁ་གསལ་འདོན་པ་དང་། སྔོན་རྩིས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།

 དྲང་འཛིན་གསར་གཏོད་དང་དམིགས་འབེན་གྱི་སྣེ་ཁྲིད་མཐའ་འཁྱོངས་བྱ་དགོས། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། སྔོན་རྩིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་བླང་བྱ་ལྟར། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། སྔོན་རྩིས་དང་ཕན་འབྲས་དོ་དམ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྔོན་རྩིས་དོ་དམ་ལམ་ལུགས་ཁག་གི་མ་ལག་གཅིག་བསྡུས་དང་། མཐུན་སྦྱོར་ལས་ཆོད་ཆེ་བར་ཤུགས་སྣོན་རྒྱག་པ། སྔོན་རྩིས་དོ་དམ་ཚད་ལྡན་ཅན་དང་། ཚན་རིག་ཅན་གྱི་ཆུ་ཚད། སྔོན་རྩིས་གསལ་ཚད་བཅས་ཇེ་མཐོར་གཏོང་དགོས།

 ཉེན་ཁ་སྔོན་འགོག་དང་རྟིང་མཐའི་བསམ་གཞིགས་མཐའ་འཁྱོངས་བྱ་དགོས།ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུ་འདོན་པའི་རྩ་དོན་ལྟར་ཉེན་ཁ་སྔོན་འགོག་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་སུ་བཞག་སྟེ་འཕེལ་རྒྱས་དང་བདེ་འཇགས། ད་ལྟ་དང་མ་འོངས་པ་བཅས་གཅིག་གྱུར་འཆར་འགོད་བྱས་ནས་དོན་དངོས་དང་ཁ་བྲལ་བ་གཏན་འགོག་བྱས་ཏེ། བརྟན་ལྷིང་དང་ལུགས་མཐུན་གྱི་སྤྱི་ཚོགས་སྔོན་དཔག་ཆགས་པར་བྱ་དགོས། ནོར་སྲིད་འཁོར་སྐྱོད་ལ་ལྟ་སྐུལ་ཚོད་འཛིན་དང་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་དམ་པོར་བསྲུང་དགོས།
      གཉིས་པ། ལས་འགན་གཙོ་བོ།
       གཅིག སྔོན་རྩིས་ཀྱི་ཡོང་སྒོ་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་ཀྱི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས།

    1.ཁྲལ་བསྡུའི་ཡོང་འབབ་བསྡུ་ལེན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲལ་དོན་སྡེ་ཁག་རིམ་པ་ཁག་གིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་ཁྲལ་དངུལ་བསྡུ་དུས། རང་དགར་ཁྲལ་དངུལ་བསྡུ་མགོ་བརྩམ་པ་དང་། བསྡུ་མཚམས་འཇོག་པ། མང་བསྡུ། ཉུང་བསྡུ། སྔོན་ནས་བསྡུ་བ། བསྡུ་འགྱངས་བྱེད་པའམ་ཁྲལ་དངུལ་བགོ་འགྲེམ་བྱེད་པ་བཅས་ཀྱི་ཐག་གཅོད་བྱེད་མི་ཆོག ནོར་ཁྲལ་རིམ་པ་ཁག་གིས་ཡོང་འབབ་བསྡུ་ལེན་དོ་དམ་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲལ་བསྡུ་ལ་སྔོན་དཔག་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བརྡར་གཅོད་བྱེད་པར་ཤུགས་བསྣོན་པ་དང་། གཙོ་གནད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་སྡེ་ཚན་དང་ཆ་འཕྲིན་སྤེལ་རེས་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། བསྡུ་ལེན་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་བསྡུ་ལེན་དང་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་བྱེད་དགོས། ས་ཁུལ་ཁག་གིས་དཔལ་འབྱོར་འཁོར་སྐྱོད་དང་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ནས་ལོ་འཁོར་གྱི་ཡོང་འབབ་ལུགས་མཐུན་ཚོད་རྩིས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱིས་ཡོང་འབབ་སྔོན་རྩིས་བཟོ་བ། སྔོན་བསྡུ་བྱས་རྗེས་ཕྱིར་སློག་པའམ་ཡང་ན་ཁྲལ་དངུལ་གཅོག་པ་དང་རྩ་ཆག་གཏོང་བའི་བྱེད་ཐབས་གཞན་དག་བརྒྱུད་དེ་མ་འཇོག་འགུག་ཐབས་བྱེད་རིགས་གཏན་འགོག་བྱེད་དགོས་ཤིང། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྲལ་བསྡུའི་བཅའ་ཁྲིམས་དང་ཁྲལ་བསྡུའི་སྲིད་ཇུས་ཀྱི་དབང་གྲགས་ལ་གནོད་འཚེ་གཏོང་མི་རུང་།
     2.ཁྲལ་མིན་ཡོང་འབབ་ཀྱི་དོ་དམ་ཚད་ལྡན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནོར་སྲིད་ཀྱི་ཁྲལ་འབབ་མིན་པའི་ཡོང་འབབ་ཀྱི“གཏོང་ཡོང་ཁག་གཉིས”ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་གཏན་འབེབས་བྱས་པའི་ཁྲལ་མིན་ཡོང་འབབ་ཀྱི་རྣམ་གྲངས་དང་། བསྡུ་ལེན་ཁྱབ་ཁོངས། བསྡུ་ལེན་ཚད་གཞི་བཅས་གཞིར་བཟུང་ནས་བསྡུ་ལེན་ནན་པོ་བྱེད་པ་དང་། ཁྲལ་མིན་ཡོང་འབབ་དུས་ཐོག་ཏུ་ཁ་ཚང་ངང་གོང་འབུལ་བྱེད་དགོས་པ་མ་ཟད། ཁྲལ་ཆད་པ་དང་ཉུང་འཇལ་བྱེད་མཁན་ལ་ཁྲལ་འཇལ་བའི་སྐུལ་མ་གཏོང་དགོས། སྡེ་ཚན་དང་། སྡེ་ཁག མི་སྒེར་བཅས་གང་རུང་གིས་བཀག་ཉར་དང་། བཟུང་སྤྱོད། གཞན་སྤྱོད། ཁྲལ་སྤྱོད་བཅས་སམ་ཡང་ན་ཁྲལ་མིན་ཡོང་འབབ་ནར་འགྱངས་དང་ཁྲལ་ཆད་བྱེད་མི་ཆོག ཁྲལ་མིན་ཡོང་འབབ་བསྡུ་བའི་སྡེ་ཁག་གིས་ལོ་འཁོར་གྱི་ཡོང་འབབ་ཀྱི་སྔོན་རྩིས་ཇི་མ་ཇི་བཞིན་དུ་བྲིས་ཏེ་ཡར་ཞུ་བྱེད་དགོས་པ་དང་། སྒྲིག་འགལ་ངང་ཁྲལ་མིན་པའི་ཡོང་འབབ་མང་བསྡུ་དང་། སྔ་སྣུར་དུ་བསྡུ་བ། རྩ་ཆག་གཏོང་བ། འགྱངས་བསྡུ་བཅས་བྱེད་མི་ཆོག་པ་དང་། ཁྲལ་མིན་པའི་ཡོང་འབབ་ཐད་ཀར་མཛོད་འཇུག་བྱེད་དགོས་པའི་རིགས་ལས་ཀའི་ཉིན་ལྔའི་ནང་ཚུན་དུ་ཁ་ཚང་རྒྱལ་མཛོད་ནང་དུ་འབུལ་དགོས་པ་མ་ཟད། དུས་བཀག་ལྟར་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་ལ་ཁྲལ་མིན་ཡོང་འབབ་བསྡུ་འཇལ་བྱས་ཚུལ་སྙན་སེང་ཞུ་དགོས་པ་ལས། བསྡུས་པའི་དངུལ་དེ་ཁྲལ་མིན་བར་བརྒལ་ཡོང་འབབ་ཐེམ་ཨང་དང་ཁྲལ་མིན་ཡོང་འབབ་ཐེམ་ཨང་ལས་གཞན་གྱི་ཐེམ་ཨང་དུ་བཅོལ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། ནོར་སྲིད་སྡེ་ཚན་ཁག་གིས་ཁྲལ་མིན་ཡོངས་འབབ་བསྡུ་འཇལ་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲལ་མིན་ཡོང་འབབ་ཀྱི་འཛིན་ཤོག་གི་གློག་རྡུལ་ཅན་གྱི་དོ་དམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། བསྡུ་ལེན་བརྒྱུད་རིམ་ལེགས་སུ་གཏོང་བ། ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྒྲིག་འགལ་ངང་ནོར་སྲིད་ཡོང་འབབ་རྫུན་བཟོ་དང་འཕར་སྣོན་བྱེད་རིགས་ལ་གཏན་འགོག་བྱ་དགོས།
      3.གསོག་འཇོག་མ་དངུལ་སྣ་ཚོགས་སྤྱོད་ཐུབ་པ་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་དུས་བཀག་ལྟར་གཙང་བཤེར་བྱེད་པ་དང་རིགས་དབྱེ་སྒོས་ཐག་གཅོད་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ལོ་དེའི་སྡེ་ཚན་གྱི་སྔོན་རྩིས་བཀོད་སྒྲིག་ནང་ལྟར་བཀོལ་སྤྱོད་བྱས་མེད་པའི་རིམ་པ་དེ་གའི་སྔོན་རྩིས་མ་དངུལ་དང་དེ་བཞིན་གོང་རིམ་གྱི་ཆེད་དོན་ལྷག་འཕྲོའི་མ་དངུལ་རྣམས་ལོ་མཇུག་ཏུ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་ཀྱིས་ཚུར་བསྡུས་ནས་སྤྱི་འདོམས་བེད་སྤྱོད་བྱེད་དགོས། ལོ་གཉིས་མ་ལོན་པའི་རྩིས་ཐོའི་ལྷག་དངུལ་ནང་ནས་དེ་སྔའི་སྤྱོད་སྒོ་ལྟར་བེད་སྤྱོད་གཏོང་མི་དགོས་པའི་རིགས་ལ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་གྱིས་ཚུར་བསྡུས་ནས་གཅིག་གྱུར་འཆར་འགོད་བེད་སྤྱོད་བྱེད་དགོས། ཚན་རིག་ཞིབ་འཇུག་གི་ཆེད་དམིགས་རྣམ་གྲངས་དང་བུན་འཛིན་སོགས་ཀྱི་མ་དངུལ་ཕུད། སྡེ་ཁག་ཏུ་བཅོལ་བའི་ལོ་གོང་མ་དང་སྔོན་ཆད་ཀྱི་ལོ་འཁོར་ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་དེ་ལོ་མཇུག་ཏུ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་ཀྱིས་ཕྱིར་བསྡུས་ནས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱ་དགོས།
      4.སྲིད་གཞུང་རང་བཞིན་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་གིས་ཁྱོན་ཡོངས་དང་གཞི་གཅིག་ཅན་གྱི་སྔོན་རྩིས་དོ་དམ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དོ་དམ་དང་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་དོ་དམ་ཚད་ལྡན་དུ་གཏོང་བ། ས་ཆ་བཙོང་བའི་ཁེ་ཕན་ཡོང་འབབ་ཞིང་ལས་དང་གྲོང་གསེབ་ཐད་སྤྱོད་པའི་རྩིས་འཐེན་བསྡུར་ཚད(2025ལོར50%ཡན་ཟིན་པ)བརྟན་པོའི་ངང་མཐོ་རུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་གཞུང་ཁོངས་མ་རྩའི་ཡོངས་འབབ་བསྡུ་ལེན་ལམ་ལུགས་སྔར་བས་ཚད་ལྡན་དུ་གཏོང་བ། གཏན་འབེབས་ལྟར་གཞུང་ཁོངས་མ་རྩའི་ཁེ་འབབ་གོང་འབུལ་བཅས་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་ཀྱི30%ལྟར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་བཅུག་སྟེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་སྤྱོད་དགོས། སྡེ་ཚན་ཁག་དང་སྡེ་ཁག་ཁག་གིས“སྔོན་རྩིས་ཀྱི་སྤྱི་འདོམས་གཅིག་དང་། གཏོང་སྒོ་གཅིག”གི་རྩ་དོན་ལྟར། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐོབ་པའི་ཡོང་འབབ་སྣ་ཚོགས་ཚང་མ་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་འཇུག་པ་དང་། གཏོང་སྒོ་ཁག་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། སྔོན་རྩིས་ནང་བཀོད་མེད་པའི་ཡོང་འབབ་ཀྱིས་གཏོང་སྒོ་བཀོད་སྒྲིག་བྱེད་མི་ཆོག སྡེ་ཚན་ཁག་གིས་ཁོངས་གཏོགས་སྡེ་ཚན་ནོར་སྲིད་ཀྱི་གཏོང་དངུལ་མིན་པའི་མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་གཏོང་དངུལ་མིན་པའི་ཡོང་འབབ་ཀྱིས་གཏོང་སྒོའི་དགོས་མཁོ་སྐོང་ཐུབ་ཚེ། རྩ་དོན་ཐོག་ནོར་སྲིད་ཀྱི་མ་དངུལ་བཀོད་སྒྲིག་བྱེད་རྒྱུ་མིན།

གཉིས། སྔོན་རྩིས་ཀྱི་གཏོང་སྒོ་དོ་དམ་ཚད་ལྡན་དུ་བཏང་ནས་སྔོན་རྩིས་ལག་བསྟར་བྱེད་པའི་གཅུན་ཤུགས་ཆེ་རུ་གཏོང་དགོས།
      5.གཏོང་སྒོ་གཙོ་བོའི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁྲལ་བསྡུས་པ་ལ་གཞིགས་ནས་གཏོང་སྒོ་གཏན་འཁེལ་དང་། གཅིག་གྱུར་འཆར་འགོད། ཕྱོགས་ཡོངས་ལྟ་རྟོག གཙོ་གནད་འབུར་ཐོན་བཅས་བྱེད་པ་མཐའ་འཁྱོངས་བྱས་ཏེ། གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འགན་ལེན་གསུམ”དང་བུ་ལོན་གྱི་མ་སྐྱེད་འཇལ་སྤྲོད་སོགས་འགྱུར་མེད་གཏོང་སྒོ་ཐོག་མར་འགན་ལེན་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། “འགན་ལེན་རིགས་གསུམ”གྱི་གཏོང་སྒོ་དེ་སྔོན་རྩིས་བཀོད་སྒྲིག་དང་ནོར་སྲིད་གཏོང་སྒོའི་ནང་ནས་མདུན་གྲལ་དུ་བཞག་སྟེ། དམངས་འཚོའི་ཐད་ཀྱི་གཞི་རྩའི་གཏོང་སྒོའི་གྲངས་ཀ་ཁ་སྣོན་པ་ལས་ཇེ་ཉུང་དུ་མི་གཏོང་བའི་ཁག་ཐེག་བྱེད་དགོས་ལ། མི་སྣའི་གླ་ཕོགས་འདང་ངེས་དང་། ལས་ཁུངས་ཀྱི་འཁོར་སྐྱོད་དང་བུ་ལོན་གྱི་མ་སྐྱེད་འཇལ་སྤྲོད་ཀྱི་མ་དངུལ་མཁོ་སྤྲོད་བཅས་འདང་ངེས་ཡོད་པའི་འགན་ལེན་ཏན་ཏིག་དང། གཞི་རིམ་གྱི་འགན་ལེན་རིགས་གསུམ་གྱི་མ་མཐའི་མཚམས་ཐིག་བརྟན་པོ་བཟོས་ནས་ཆད་ལུས་མི་ཡོང་བར་བྱ་དགོས། ནོར་སྲིད་སྡེ་ཚན་ཁག་གིས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན། དེ་བཞིན་འབྲེལ་མཐུད་གསབ་འབྲེལ་སོགས་ཁྱབ་ཁོངས་གལ་ཆེན་གྱི་མ་དངུལ་དགོས་མཁོ་འགན་ལེན་བྱས་ནས་ཁུལ་ཡོངས་ཀྱི་ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
     6.གཏོང་སྒོའི་གཞི་ཁྱོན་བཀོད་སྒྲིག་ལུགས་མཐུན་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནོར་སྲིད་འཁོར་སྐྱོད་དེ་དུས་ཡུན་ཅུང་རིང་པོ་ཞིག་གི་ནང“ཉུང་ཞིང་དོ་སྙོམས”སུ་གནས་པར་ངོས་འཛིན་གང་ལེགས་བྱས་ཏེ། གོང་རིམ་གྱི་ཆེད་དོན་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་ཤིང་། ས་གནས་ཀྱི་གཏོང་ཡོང་འགལ་བ་ཧུར་ཐག་གིས་ཞི་ལྷོད་དུ་གཏོང་དགོས། སྔོན་རྩིས་བཟོ་འགོད་བྱེད་སྐབས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག ཧུར་བརྩོན་གྲོན་ཆུང་། འཁོས་དཔག་ལས་སྒྲུབ། ཕན་འབྲས་དང་གཏོང་ཡོང་དོ་མཉམ་གྱི་རྩ་དོན་བརྩི་སྲུང་བྱས་ནས། ཐིག་རྨང་སྔོན་རྩིས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། བྱ་བའི་མང་ཉུང་ལྟར་སྔོན་རྩིས་བྱེད་པའི་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་དགོས་ཏེ། སྡེ་ཁག་གི་འགན་འཁྲི་སྒྲུབ་པའི་དགོས་མཁོ་དང་སྒྲུབ་འགན་འཁུར་བའི་བྱ་བའི་ཚད་ལ་གཞིགས་ནས། རྣམ་གྲངས་ཀྱི་གནད་འགག་གི་ཚད་དང་། དུས་མགོའི་གྲ་སྒྲིག་གནས་ཚུལ། ཕན་འབྲས་གདེང་འཇོག་བྱས་འབྲས་བཅས་དང་ཟུང་འབྲེལ་བྱས་ཏེ་གཏོང་སྒོའི་སྔོན་རྩིས་ཀྱི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། རྣམ་གྲངས་དེ་སྡེ་ཚན་དང་སྡེ་ཁག་གི་སྔོན་རྩིས་དོ་དམ་གྱི་གཞི་རྩའི་ཚན་པར་བརྩིས་ནས་སྔོན་རྩིས་གཏོང་སྒོ་ཚང་མ་རྣམ་གྲངས་ཀྱི་རྣམ་པའི་ཐོག་ནས་སྔོན་རྩིས་རྣམ་གྲངས་ཀྱི་མཛོད་དུ་བཅུག་སྟེ། རྣམ་གྲངས་ཀྱི་འཁོར་ཡུན་ཧྲིལ་པོར་དོ་དམ་བྱེད་དགོས་པ་དང་སྔོན་རྩིས་རྣམ་གྲངས་ཀྱི་མཛོད་དུ་མ་བཅུག་པའི་རྣམ་གྲངས་ཚང་མར་སྔོན་རྩིས་བཀོད་སྒྲིག་བྱེད་མི་ཆོག ཕན་འབྲས་ཆུང་བ་དང་ཕན་འབྲས་མ་ཐོན་པའི་སྲིད་ཇུས་རྣམ་གྲངས་མཐའ་གཅིག་ཏུ་མེད་པར་བཟོས་ནས་ནོར་སྲིད་ཀྱི་གཏོང་ཡོང་འཕར་ཚད་དམ་ཡང་ན་ཐོན་སྐྱེད་རིན་ཐང་སྡོམ་འབོར་དང་འབྲེལ་བའི་རྣམ་གྲངས་གཙང་བཤེར་བྱེད་དགོས།
 7.འཚོ་བ་དམ་ཚགས་རོལ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུ་འདོན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་བསམ་བློ་བརྟན་པོ་འཆང་བ་དང་། གྲོན་ཆུང་ནན་ཏན་གྱིས་བྱ་གཞག་ཡོད་ཚད་བསྒྲུབ་ནས། སྤྱིར་བཏང་གི་གཏོང་སྒོ་དང“གཞུང་གྲོན་རིགས་གསུམ་” གྱི་འགྲོ་གྲོན་ཚོད་འཛིན་ནན་པོ་བྱ་དགོས། སྲིད་གཞུང་གི་མ་འཇོག་རྣམ་གྲངས་གལ་ཆེན་ཚན་རིག་དང་མཐུན་པའི་འཆར་འགོད་དང་བརྟན་པོའི་ངང་ལག་བསྟར་བྱས་ཏེ། ནོར་ཤུགས་ཀྱི་དོན་དངོས་དང་ཁ་བྲལ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལས་བརྒལ་ནས་འཛུགས་སྐྲུན་བྱེད་རིགས་གཏན་འགོག་བྱ་དགོས། སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་པ་དང་། ཕོགས་སྣོན་དང་ཁ་གསབ་སྤྲོད་ཁོངས་ཀྱི་ཚད་གཞི་རང་དགར་མཐོ་རུ་གཏོང་བ་གཏན་འགོག་བྱ་དགོས། གཞུང་དོན་བྱེད་སྒོ་སྣ་ཚོགས་ཀྱི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་པ་དང་། ཚོགས་འདུ་དང་། གསབ་སྦྱོང་། སྣེ་ལེན་སོགས་ཁྱབ་ཁོངས་ཀྱི་བཅད་གྲངས་ཚད་གཞི་ལག་བསྟར་ནན་པོ་བྱེད་དགོས། “རྒྱས་སྤྱོད་རྒྱས་སྒྲུབ” གཏན་འགོག་བྱེད་པ། རྒྱུ་ནོར་ཉོ་སྒྲུབ་དང་། དྲ་རྒྱའི་ཆ་འཕྲིན། གཟེངས་བསྟོད་བྱ་དགའ། དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་སོགས་ཐད་ཀྱི་སྔོན་རྩིས་བཀོད་སྒྲིག་དམ་པོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བྱེད་སྒོ་སྣ་ཚོགས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་ལ་སྔ་སྣུར་དུ་སྙན་སེང་ཞུས་ནས་གྲ་སྒྲིག་བྱེད་དགོས་པ་དང་། རྗེས་སུ་རེ་ཞུ་བྱས་པའི་མ་དངུལ་ཚང་མ་བཀོད་སྒྲིག་བྱེད་མི་རུང་། ཆེད་སྤྱོད་མ་དངུལ་ནང་ནས“གཞུང་གྲོན་རིགས་གསུམ”གྱི་གྲོན་དངུལ (གཏན་འབེབས་གཞན་དག་ཡོད་པ་ཕུད)གཏོང་རྒྱུ་གཏན་འགོག་བྱེད་པ་དང་། “གཞུང་གྲོན་རིགས་གསུམ”གྱི་གྲོན་དངུལ་ཚན་པ་གཞན་དུ་སྙོམས་སྒྲིག་བྱེད་མི་ཆོག་པ། ལོ་དེའི“གཞུང་གྲོན་རིགས་གསུམ”གྱི་གྲོན་དངུལ་ལྷག་འཕྲོའི་དམིགས་ཚད་དེ་ནོར་སྲིད་ཀྱིས་གཅིག་གྱུར་ཐོག་བསྡུ་དགོས། གོང་རིམ་གྱིས་གཏན་འབེབས་ཁ་གསལ་བྱས་པ་ཕུད། འཆར་འགོད་དང་། ཇུས་གཞི། སྔོན་ཇུས། དཔྱད་དཔོག་སོགས་ཕྱོགས་གསུམ་པའི་བཟོ་འགོད་བྱ་རྒྱུའི་མངག་བཅོལ་བྱེད་མི་ཆོག ལོ་མཇུག་ཏུ་དྲིལ་བསྒྲགས་ཡིག་རིགས་པར་འདེབས་དང་སྔ་སྣུར་དུ་དངུལ་སྤྲོད་པ། རྗེས་སུ་འཛད་སྤྱོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དངུལ་འཕྲལ་དུ་སྤྱོད་རྒྱུ་གཏན་འགོག་བྱ་དགོས།
     8.སྔོན་རྩིས་ཀྱི་སྔོན་ལ་ཞིབ་བཤེར་བྱེད་པ་དོན་འཁྱོལ་ནན་མོ་བྱེད་དགོས། ས་ཁུལ་ཁག་གིས་སྔོན་རྩིས་ཇུས་ཐག་གཅོད་པའི་ལམ་སྲོལ་དང་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་ནས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་དང་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་ཆོག་མཆན་མ་སྤྲད་གོང་ལ་གོ་རིམ་ལྟར་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་འབུལ་དགོས་པ་མ་ཟད། རིམ་པ་དེ་གའི་ཏང་ཨུ་དང་སྲིད་གཞུང་ལ་གྲོས་ཞིབ་འབུལ་དགོས། “འགན་ལེན་རིགས་གསུམ”གྱི་སྔོན་རྩིས་མ་ཟིན་སྔོན་གྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་ཏེ། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྔོན་རྩིས་འཆར་ཟིན་དེ་རྫོང་རིམ་པའི་མི་དམངས་འཐུས་ཚོགས་ལ་ཐོག་མའི་ཞིབ་བཤེར་མ་བྱས་གོང་། “འགན་ལེན་རིགས་གསུམ”གྱི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ་དང་། ཚོད་རྩིས་བརྒྱུད་རིམ་གྱི་གསལ་བཤད། དགོས་ངེས་ཀྱི་རྨང་གཞིའི་གྲངས་གཞི་སོགས་སྔོན་རྩིས་འཆར་ཟིན་དང་མཉམ་དུ་ཁུལ་ནོར་སྲིད་སྡེ་ཚན་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་འབུལ་དགོས། སྡེ་ཚན་ཁག་གི་སྔོན་རྩིས་འཆར་ཟིན་དེ་ནོར་སྲིད་སྡེ་ཚན་ལ་ཞིབ་བཤེར་མ་ཕུལ་གོང་སྡེ་ཚན་དེ་གའི་ཏང་ཙུའུ(ཏང་ཨུ)ལ་གྲོས་ཞིབ་བྱེད་པར་འབུལ་དགོས།
     9.སྔོན་རྩིས་ལག་བསྟར་བྱེད་པར་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་བཀོད་པ་དང་ནོར་སྲིད་སྡེ་ཁག་གིས་མཆན་འགོད་བཀའ་ལན་གནང་བའི་སྔོན་རྩིས་ལག་བསྟར་ནན་པོ་བྱེད་དགོས་ཤིང་། སྔོན་རྩིས་ལ་ཆོག་མཆན་ཐོབ་རྗེས་ཁྲིམས་བཀོད་གོ་རིམ་མ་བརྒྱུད་ན་ལེགས་སྒྲིག་བྱེད་མི་ཆོག སྔོན་ལ་སྔོན་རྩིས་ཡོད་པ་དང་རྗེས་སུ་གཏོང་སྒོ་ཡོད་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་རྩིས་ལེགས་སྒྲིག་དང་། སྙོམ་སྒྲིག གསབ་སྣོན་བཅས་ཀྱི་དོན་ཚན་རྣམས་ཚོད་འཛིན་ནན་པོ་བྱེད་པ་དང་། སྔོན་རྩིས་མེད་པ་དང་སྔོན་རྩིས་ལས་བརྒལ་བའི་བཀོད་སྒྲིག་གམ་ཡང་ན་སྲིད་གཞུང་གི་ཉོ་སྒྲུབ་བྱེད་པ་གཏན་འགོག་བྱ་དགོས། ལོ་འཁོར་ལག་བསྟར་ཁྲོད་འཕྲལ་སྡོམ་གེགས་སེལ་སོགས་ཀྱི་གཏོང་སྒོའི་གྲ་སྒྲིག་གྲོན་དངུལ་ལ་བརྟེན་ནས་ཐག་གཅོད་བྱེད་པ་ཕུད། སྤྱིར་བཏང་དུ་ལོ་དེའི་གཏོང་སྒོ་གསར་དུ་བསྣན་པའི་སྲིད་ཇུས་འདོན་རྒྱུ་མེད། ལོ་དེའི་སྔོན་རྩིས་ལེགས་སྒྲིག་གི་བཀོད་སྒྲིག་བརྒྱུད་དགོས་ངེས་ཡིན་པའི་ཐེངས་གཅིག་ལ་སྒོར་ཁྲི1000ལས་བརྒལ་བའམ་ཡང་ན་རིམ་རྩིས་བྱས་ན་སྒོར་ཁྲི1500ལས་བརྒལ་བའི་གཏོང་སྒོའི་དོན་ཚན་ལ་སྔོན་ལ་ནོར་སྲིད་ཀྱི་ཐེག་ནུས་དཔྱད་དཔོག་བྱས་ཏེ། ཁྲིམས་བཀོད་གོ་རིམ་ལྟར་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཞིབ་བཤེར་ཆོག་མཆན་ཞུས་རྗེས་གཞི་ནས་ལག་བསྟར་བྱས་ཆོག སྡེ་ཚན་གྱི་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོའི་དོན་ཚན་གསར་སྣོན་བྱས་པ་ཚང་མ་ལོ་མགོའི་སྔོན་རྩིས་ཀྱི་གཅིག་གྱུར་འཆར་འགོད་དང་། གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག གསོག་འཇོག་མ་དངུལ་ཅི་སྤྱོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཐག་གཅོད་བྱ་དགོས།
    11.སྔོན་རྩིས་ལག་བསྟར་བྱེད་ཚད་མགྱོགས་སུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་བྱེད་པའི་ལམ་ལུགས་དང་ནོར་སྲིད་མ་དངུལ་ཐད་གཏོང་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། སྒྲིག་འགལ་ངང་རྒྱལ་མཛོད་མ་དངུལ་ནོར་སྲིད་ཆེད་སྤྱོད་རྩིས་ཁྲའམ་ཡང་ན་སྔོན་རྩིས་ཚན་པའི་དངོས་ཡོད་མ་དངུལ་རྩིས་ཁྲའི་ནང་འཇུག་པ་གཏན་འགོག་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་དང་སྔོན་རྩིས་སྡེ་ཚན་གྱིས་ནོར་སྲིད་མ་དངུལ་ཞིབ་བཤེར་དང་གཏོང་སྤྲོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་བརྒྱུད་རིམ་ལེགས་སུ་གཏོང་བ། མ་དངུལ་གཏོང་སྤྲོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ནོར་སྲིད་མ་དངུལ་སྤྱོད་པའི་ནུས་ལྡན་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། སྡེ་ཚན་ཁག་གིས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་དང་འཛུགས་སྐྲུན་ལག་བསྟར་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། སྔོན་རྩིས་ལ་མཆན་འགོད་བཀའ་ལན་ནམ་ཡང་ན་གཤམ་སྤྲོད་བྱས་ཚེ་རྣམ་གྲངས་དོན་འཁྱོལ་ཐུབ་པ་དང་། མ་དངུལ་རྣམས་གཏོང་སྒོ་ཆགས་ཐུབ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་ཀྱི་སྔོན་རྩིས་ལག་བསྟར་བྱེད་ཚད་སྔར་བས་མགྱོགས་སུ་བཏང་ནས། རིམ་པ་དེ་གའི་སྔོན་རྩིས་བཀོད་སྒྲིག་རྣམ་གྲངས་ཀྱི་གོ་རིམ་ལྟར་གཏོང་སྒོ་བཟོ་དགོས་པ་དང་ལོ་སྟོད་དུ་ལག་བསྟར་བྱེད་ཚད45% ཟིན་དགོས། ལོ་མཇུག་སྔོན་ལ་ལག་བསྟར་བྱེད་ཚད100%ཟིན་དགོས། ལོ་གོང་མའི་རྩིས་ཁོངས་སྤོས་པའི་མ་དངུལ་དང་གསོག་འབོར་མ་དངུལ་སླར་ཡང་རྣམ་གྲངས་བཀོད་སྒྲིག་བྱས་ནས་ལོ་སྟོད་དུ་ལག་བསྟར་བྱེད་ཚད60%ཟིན་དགོས་པ་དང་། དུས་ཚིགས་གསུམ་པའི་སྔོན་ལ་ལག་བསྟར་བྱེད་ཚད90%ཡན་ཟིན་དགོས་པ་རེད།《ནོར་སྲིད་པུ་དང་སྡོད་ཁང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུ་ཡི་འཛུགས་སྐྲུན་ལས་གྲྭའི་སྡོམ་རྩིས་མགྱོགས་མྱུར་གྱིས་རྒྱག་རྒྱུའི་འབྲེལ་ཡོད་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུའི་ཐད་ཀྱི་བརྡ་སྦྱོར》(ནོར་སྲིད་འཛུགས་སྐྲུན〔2022〕ཨང183པ)ཁྲོད་དུ་འཛུགས་སྐྲུན་ལས་གྲྭའི་འཕེལ་རིམ་དངུལ་གཏོང་སྤྲོད་ཀྱི་བསྡུར་ཚད་དང་བརྒྱུད་རིམ་སྡོམ་རྩིས་ཁྱབ་གདལ་གཏོང་རྒྱུའི་འབྲེལ་ཡོད་བླང་བྱ། དེ་བཞིན《མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གཞུང་གི་ཉོ་སྒྲུབ་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་ཀྱི་བརྡ་སྦྱོར》(མཚོ་སྔོན་ནོར་སྲིད་ཉོ་སྒྲུབ〔2022〕ཨང684པ)ཁྲོད་དུ་སྔོན་གཏོང་དངུལ་གྱི་བསྡུར་ཚད་དེ་གན་རྒྱའི་དངུལ་གྲངས་ཀྱི30%ལས་མི་དམའ་བ་བྱས་ནས་ནོར་སྲིད་མ་དངུལ་གྱི་གཏོང་སྤྲོད་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་དགོས་པ་ཞེས་པ་དེ་ལག་བསྟར་ནན་པོ་བྱེད་དགོས། ལོ་འཁོར་ལས་བརྒལ་ནས་ལག་བསྟར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་དེ་ལོ་དེར་ཕན་ནུས་ལྡན་པའི་གཏོང་སྒོ་ཆགས་གང་ཐུབ་བྱ་དགོས། ནོར་སྲིད་སྡེ་ཚན་གྱིས་དུས་བཀག་ལྟར་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་བྱས་ཏེ་ལག་བསྟར་བྱེད་ཐབས་བྲལ་བ་དང་། ནང་དོན་ཉུང་འཕྲི་བྱེད་པ། ལག་བསྟར་བྱེད་ཚད་དལ་བ། དུས་མགོའི་གྲ་སྒྲིག་གང་ལེགས་མ་བྱུང་བ་བཅས་ཀྱི་རིམ་པ་དེ་གའི་སྔོན་རྩིས་རྣམ་གྲངས་དང་དེ་བཞིན་ལོ་མཇུག་སྔོན་དུ་གཏོང་སྒོ་ཆགས་དཀའ་བའི་མ་དངུལ་མཐའ་གཅིག་ཏུ་ཉུང་དུ་གཏོང་བའམ་ལེགས་སྒྲིག་བྱ་དགོས།
     གསུམ། ནོར་སྲིད་དོ་དམ་གྱི་རྨང་གཞི་བརྟན་དུ་བཏང་ནས་སྔོན་རྩིས་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
     12.སྡེ་ཚན་ཁག་གི་ནོར་དོན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་བཅའ་ཁྲིམས》དང་།《སྲིད་གཞུང་གི་རྩིས་གཉེར་ཚད་གཞི》《རྩིས་གཉེར་རྨང་གཞིའི་ལས་དོན་ཚད་གཞི》བཅས་དོན་འཁྱོལ་ནན་པོ་བྱས་ཏེ་ནང་ཁུལ་གྱི་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ནོར་དོན་དོ་དམ། རྣམ་གྲངས་དོ་དམ། དམངས་འཚོའི་ཁ་གསབ་སྤྲོད་པ་སོགས་ལྟེ་བའི་ལས་སྒོའི་ཉེན་ཁའི་དོ་དམ་ཚོད་འཛིན་དང་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ནོར་དོན་རྩིས་གཉེར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་མ་དངུལ་བདེ་འཇགས་དང་། ནུས་ལྡན། ཚད་ལྡན་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་ཐུབ་དགོས། ནོར་སྲིད་མ་དངུལ་གཞན་སྒྱུར་རམ་ཡང་ན་གཡོ་ལེན་བྱེད་རིགས་གཏན་འགོག་བྱེད་དགོས་ཤིང་། “དངུལ་མཛོད་ཆུང་ཆུང”ལྐོག་ཏུ་འཛུགས་པ་དག་གཏན་འགོག་བྱས་ཏེ། ནོར་སྲིད་མ་དངུལ་མི་སྒེར་རམ་ཁེ་ལས་ལ་གཡར་བ་དང་། ཆེད་སྤྱོད་མ་དངུལ་ཧམ་བཟུང་། བཀག་ཉར། གཞན་སྤྱོད། ཆེད་སྤྱོད་མ་དངུལ་གྱི་སྤྱོད་སྒོ་རང་དགར་འགྱུར་ལྡོག་གཏོང་བ། ནོར་དོན་རྫུན་བཟོའི་བྱ་སྤྱོད་དག་གཏན་འགོག་བྱེད་དགོས། བཙན་ཤེད་ཀྱིས་གཞུང་སྒྲུབ་བྱང་བུ་ཡིས་རྩིས་རྒྱག་པའི་དཀར་ཆག་ལམ་ལུགས་ལག་བསྟར་བྱས་ནས་གཞུང་སྒྲུབ་བྱང་བུས་སྡོམ་རྩིས་རྒྱག་རྒྱུ་ལག་བསྟར་ནན་པོ་བྱེད་དགོས། ནོར་སྲིད་སྡེ་ཚན་གྱིས་རྩིས་གཉེར་གཅིག་སྡུད་ཞིབ་རྩིས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་སྟེ། ཁུལ་རིམ་པའི་རྩིས་གཉེར་གཅིག་སྡུད་ཞིབ་རྩིས་བྱེད་སྟངས་དེ་ཁུལ་ཡོངས་ལ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྡེ་ཚན་ཁག་གིས་ནོར་དོན་དོ་དམ་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། རྩིས་ཁྲའི་དཔྱད་ཡིག་ཚད་ལྡན་གྱི་བླང་བྱ་ལག་བསྟར་ནན་པོ་བྱེད་པ། སྡེ་ཚན་དུ་བྱུང་བའི་དཔལ་འབྱོར་ལས་སྒོའི་དོན་ཚན་དང་དེ་བཞིན་རྩིས་ཐོ་སྙན་སེང་ཞུ་བའི་དཔྱད་ཡིག་མཁོ་འདོན་བྱེད་པའི་དངོས་ཡོད་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། ཆ་ཚང་རང་བཞིན་བཅས་ཀྱི་འགན་འཁུར་དགོས་པ་ལས་དཔལ་འབྱོར་ལས་སྒོའི་དོན་ཚན་རྫུན་བཟོ་བྱེད་པའམ་ཡང་ན་ཐོག་མའི་དཔང་ཡིག་རྫུན་མ་བཟོ་བ་སོགས་རྩིས་ཐོའི་དཔྱད་ཡིག་མཁོ་འདོན་བྱེད་མི་ཆོག
     13.སྲིད་གཞུང་གིས་མ་དངུལ་འཇོག་པའི་སྔོན་རྩིས་དོ་དམ་ཚད་ལྡན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་སྔོན་རྩིས་ཞིབ་མཆན་འགོད་པའི་དོ་དམ་ནན་པོ་ལག་བསྟར་བྱས་ཏེ། ལག་བསྟར་བྱེད་རྩིས་ཡོད་པའི་རྣམ་གྲངས་སྔོན་ལ་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་འཆར་གཞི་དང་སྔོན་རྩིས་རྣམ་གྲངས་མཛོད་ནང་དུ་འཇུག་དགོས་པ་དང་། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་འཆར་གཞི་དང་སྔོན་རྩིས་རྣམ་གྲངས་མཛོད་དུ་མ་བཅུག་པའི་རིགས་ཚང་མར་མ་དངུལ་བཀོད་སྒྲིག་བྱེད་མི་རུང་། སྲིད་གཞུང་གི་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་འཇོག་པ་དེ་རྩ་དོན་ཐོག་ཆོག་མཆན་ཐོབ་པའི་མ་དངུལ་འཇོག་པའི་རགས་རྩིས་ལས་བརྒལ་མི་ཆོག་ལ།《གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཛུགས་སྐྲུན་མ་གནས་དོ་དམ་ཐད་ཀྱི་གཏན་འབེབས》གཞིར་བཟུང་ནས་ལས་གྲྭའི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་དགོས། མ་འཇོག་འཆར་གཞིའི་ནང་བཅུག་པའི་རྣམ་གྲངས་ལ་མ་དངུལ་འཇོག་པའི་རགས་རྩིས་དངོས་སུ་ཇེ་མང་དུ་གཏོང་དགོས་པ་དག་རྣམས་གྲངས་ཚན་པས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་དང་གྲོས་མོལ་བྱས་ཏེ། མ་དངུལ་གྱི་ཡོང་ཁུངས་གཏན་འཁེལ་བྱས་རྗེས་མ་དངུལ་འཇོག་པའི་རགས་རྩིས་ལེགས་སྒྲིག་ཇུས་གཞི་བཏོན་ནས་དེ་སྔའི་ཞིབ་མཆན་འགོད་པའི་གོ་རིམ་ལྟར་ཆོག་མཆན་ཞུ་དགོས། ནོར་སྲིད་སྡེ་ཚན་ཁག་གིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཐོག་མའི་ཇུས་འགོད་དང་རགས་རྩིས་ལག་བསྟར་བྱེད་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྣམ་གྲངས་ཀྱི་མྱུར་ཚད་དམ་ཡང་ན་གན་རྒྱའི་ཁ་ཆད་ལ་གཞིགས་ནས་གཏོང་སྤྲོད་ཀྱི་རེ་ཞུ་འདོན་དགོས་པ་ལས་སྒྲིག་འགལ་ངང་སྔ་སྣུར་རམ་ཡང་ན་དངུལ་སྤྲོད་ནར་འགྱངས་བྱེད་མི་ཆོག རྣམ་གྲངས་བསྐྲུན་རྗེས《མཚོ་བྱང་ཁུལ་གྱི་ཁུལ་རིམ་པའི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་གྲིལ་བའི་ནོར་དོན་ངེས་རྩིས་ཀྱི་ཞིབ་བཤེར་མཆན་འགོད་བཀའ་ལན་གྱི་བཀོལ་སྤྱོད་སྒྲིག་སྲོལ》གྱི་གཏན་འབེབས་གཞིར་བཟུང་ནས་མཇུག་གྲིལ་བའི་ཞིབ་བཤེར་རྩིས་ལེན་དང་། ནོར་དོན་མཇུག་རྩིས། རྒྱུ་ནོར་རྩིས་སྤྲོད་བེད་སྤྱོད་བཅས་ཀྱི་གོ་རིམ་དུས་ཐོག་ཏུ་ལག་བསྟར་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་ཐོན་དབང་ཐོ་འགོད་བྱེད་དགོས། ལས་གྲྭ་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་དུ་མ་ལོངས་ན། བེད་སྤྱོད་བྱེད་པར་རྩིས་སྤྲོད་བྱེད་མི་ཆོག་ལ། བེད་སྤྱོད་བྱེད་མཁན་སྡེ་ཚན་གྱིས་རྩིས་ལེན་ཡང་བྱེད་མི་ཆོག
    14.སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་ཚད་ལྡན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཉོ་སྒྲུབ་བྱེད་པོའི་འགན་འཁྲི་ཆེ་རུ་བཏང་ནས་སྲིད་གཞུང་གི་ཁྲིམས་བཀོད་ཉོ་སྒྲུབ་གོ་རིམ་དང་བྱེད་ཐབས་ལག་བསྟར་ནན་པོ་བྱེད་པ་དང་། སྲིད་གཞུང་གི་གཅིག་སྡུད་ཉོ་སྒྲུབ་དཀར་ཆག་དང་བཅད་གྲངས་ཀྱི་ཚད་གཞི་ལག་བསྟར་བྱེད་པ། རྣམ་གྲངས་བགོ་བ་སོགས་ཀྱི་རྣམ་པའི་ཐོག་ནས་སྲིད་གཞུང་གི་ཉོ་སྒྲུབ་ལས་གཡོལ་ཐབས་བྱེད་པ་གཏན་འགོག་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་གྱིས་ཉོ་སྒྲུབ་བྱེད་སྟངས་བསྒྱུར་མི་ཆོག སྲིད་གཞུང་གི་ཉོ་སྒྲུབ་སྔོན་རྩིས་བཟོ་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་མེད་ན་ཉོ་སྒྲུབ་མི་བྱེད་པ་མཐའ་འཁྱོངས་བྱ་དགོས། ཉོ་སྒྲུབ་དོན་ཚན་གཏན་འཁེལ་བྱས་རྗེས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོའི་ཉོ་སྒྲུབ་འདོད་བློ་སྔ་སྣུར་དུ་ཡོངས་བསྒྲགས་བྱེད་དགོས། སྡེ་ཚན་ཁག་གིས《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གློག་རྡུལ་ཉོ་སྒྲུབ་ཚོང་རའི་ཉོ་སྒྲུབ་དོ་དམ་བྱ་ཐབས(གནས་སྐབས་ལག་བསྟར)》ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། ཉོ་སྒྲུབ་ཀྱི་བཅད་གྲངས་ཚད་གཞི་མན་དང་གཅིག་སྡུད་ཉོ་སྒྲུབ་དཀར་ཆག་ཁྱབ་ཁོངས་ཕུད་པའི་གཅིག་གྱུར་གྱི་དངོས་ཟོག་རྣམ་གྲངས་ལ་རྩ་དོན་ཐོག་གློག་རྡུལ་ཚོང་ཁེར་བརྒྱུད་ནས་ཉོ་སྒྲུབ་བྱེད་པ་ལས་མཁོ་འདོན་ཚོང་པ་གང་འདོད་ལྟར་གཏན་འཁེལ་བྱེད་མི་རུང་། སྡེ་ཁག་གིས་རང་བདག་ཉོ་སྒྲུབ་ཀྱི་ཚད་བཀག་ཚད་གཞི་མན་གྱི་དངོས་ཟོག་རིགས་དང་ཞབས་ཞུའི་རིགས་ཀྱི་རྣམ་གྲངས་ལ་དྲ་ཐོག་ནས་གོང་ཚད་འདྲི་རྩད་དང་གོང་ཚད་གྲོས་བསྡུར་གྱིས་ཉོ་སྒྲུབ་བྱེད་དགོས། “832”དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཀྱི་དྲ་རྒྱའི་ཕྱིར་འཚོང་ལས་སྟེགས་ཀྱི་ཉོ་སྒྲུབ་ལས་དོན་ཡག་པོ་བསྒྲུབས་ནས་སྡེ་ཁག་ཟ་ཁང་གི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་བྱེད་སྐབས་རང་ས་ནས་འཛད་སྤྱོད་བྱེད་དགོས།
      15.རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ཁྱིམ་རྟིང་གསལ་རྟོགས་དང་། མཐའ་མཚམས་གསལ་པོ་བཟོ་བ། འཛུལ་སྒོ་ནན་སྲུང་། ཕན་འབྲས་ཆེ་བའི་བེད་སྤྱོད། སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་སྲིད་འཛིན་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་སྔར་བས་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས། གསར་བསྣན་རྒྱུ་ནོར་བཀོད་སྒྲིག་བྱ་རྒྱུ་དེ་རྒྱུ་ནོར་གསོག་གྲངས་དང་ཟུང་འབྲེལ་བྱས་ཏེ། གསར་བསྣན་རྒྱུ་ནོར་བཀོད་སྒྲིག་གི་ཚད་གཞི་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། རྒྱུ་ནོར་བཀོད་སྒྲིག་བྱེད་པར་ངེས་པར་དུ་སྔོན་ལ་ཞིབ་རྩིས་དང་བཀོད་སྒྲིག་གི་ཚད་གཞི་བཟོ་དགོས་པ་ལས། སྔོན་རྩིས་མེད་པ་དང་ཚད་གཞི་ལས་བརྒལ་ནས་རྒྱུ་ནོར་བཀོད་སྒྲིག་བྱེད་པ་གཏན་འགོག་བྱ་དགོས། སྡེ་ཚན་ཁག་གིས་རྒྱུ་ནོར་དོ་དམ་དང་བེད་སྤྱོད་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱས་ཏེ་གཏན་འཇགས་རྒྱུ་ནོར་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འགན་འཁྲི་དེ་དོ་དམ་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་གྱིས་དོན་འཁྱོལ་བྱེད་དགོས། བསགས་འབོར་རྒྱུ་ནོར་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། དུས་བཀག་ལྟར་རྒྱུ་ནོར་གཙང་བཤེར་བྱེད་པ། རྒྱུ་ནོར་དོ་དམ་དང་། ཐག་གཅོད། སྙིགས་དོར་བཅས་ཀྱི་བརྒྱུད་རིམ་དོན་འཁྱོལ་བྱེད་པ། ཆོག་མཆན་མ་ཐོབ་པར་རྒྱུ་ནོར་རང་དགར་ཐག་གཅོད་བྱེད་མི་ཆོག གསོག་འཇོག་རྒྱུ་ནོར་གྱི་སྤྱོད་ཤུགས་ཆེ་རུ་བཏང་ནས་གཞུང་ཁོངས་རྒྱུ་ནོར་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྤྱི་སྤྱོད་སྒྲིག་ཆས་ཀྱི་དགོས་མཁོ་དེ་བེད་མེད་དུ་བཞག་ཡོད་པ་དང་ཚད་གཞི་ལས་བརྒལ་བ། དེ་བཞིན་གནས་སྐབས་རྒྱུ་ནོར་ཁྲོད་ནས་སྙོམས་སྒྲིག་བེད་སྤྱོད་བྱེད་དགོས།
    16.སྔོན་རྩིས་ཀྱི་བྱས་འབྲས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱས་འབྲས་དམིགས་འབེན་བཀོད་སྒྲིག་བྱ་རྒྱུ་དེ་སྔོན་རྩིས་བཀོད་སྒྲིག་གི་རྨང་གཞིར་བརྩིས་ནས་བྱས་འབྲས་དམིགས་འབེན་ཚད་ལྡན་དང་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས་པ་དང་། མཆན་བཀོད་བཀའ་ལན་ཐོབ་རྗེས་ཀྱི་བྱས་འབྲས་དམིགས་འབེན་དེ་ནོར་སྲིད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་རང་དགར་ལེགས་སྒྲིག་བྱས་མི་ཆོག འཕྲལ་སྡོམ་གེགས་སེལ་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་ཕུད། སྡེ་ཚན་ཁག་གིས་ལོ་འཁོར་གྱི་གཏོང་སྒོ་དེ་སྒོར་ཁྲི200ཡན་ནམ་ཡང་ན་རིམ་རྩིས་བྱས་ན་སྒོར་ཁྲི400ཡན་ལ་བུད་པའི་གསར་བསྣན་བྱས་པའི་གཏོང་སྒོའི་སྲིད་ཇུས་དང་རྣམ་གྲངས་གལ་ཆེན་དག་ལ་སྔོན་གྱི་བྱས་འབྲས་དཔྱད་དཔོག་བྱེད་དགོས་པ་དང་། དཔྱད་དཔོག་བྱས་འབྲས་དེ་ནི་ལོ་འཁོར་རྗེས་མའི་སྔོན་རྩིས་མ་དངུལ་དང་རྣམ་གྲངས་ཀྱི་མཛོད་དུ་འཇུག་པའི་རེ་ཞུའི་དགོས་ངེས་ཆ་རྐྱེན་དུ་བརྩི་དགོས། “སུ་ཞིག་གིས་འགྲོ་སོང་བཏང་ན་དེས་འགན་འཁུར་དགོས་པའི”རྩ་དོན་ལྟར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱས་འབྲས་དམིགས་འབེན་མངོན་འགྱུར་བྱེད་ཚད་དང་སྔོན་རྩིས་ལག་བསྟར་བྱེད་ཚད་ལ“ལྟ་སྐུལ་ཚོད་འཛིན་གཉིས་”ལག་བསྟར་བྱེད་པ་དང་། དུས་ཐོག་ཏུ་རིགས་དབྱེ་ཐག་གཅོད་བྱེད་ཐབས་སྤྱད་དེ། བྱས་འབྲས་དམིགས་འབེན་ལག་བསྟར་བྱེད་པའི་ནོར་འཛོལ་དང་དོ་དམ་གྱི་སྐྱོན་ཆ་ཡོ་བསྲང་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྔོན་རྩིས་ལག་བསྟར་དང་། སྲིད་ཇུས། རྣམ་གྲངས་ལག་བསྟར་བྱེད་ཚུལ་བཅས་ལ་བྱས་འབྲས་གདེང་འཇོག་བྱས་ཏེ་གདེང་འཇོག་བྱས་འབྲས་དེ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། དོ་དམ་ལེགས་བཅོས་བྱེད་པ། སྔོན་རྩིས་བཟོ་འགོད་བྱེད་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།
   17.གནས་སྐབས་གདན་ཞུའི་མི་སྣའི་དོ་དམ་ཚད་ལྡན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཕན་རང་བཞིན་དང་། ལྟ་སྦྱོང་། ལས་འདྲ་ཡོན་འདྲ། དེ་བཞིན་ནོར་སྲིད་ཀྱིས་འགན་འཁུར་བ་གཞན་དག་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གནས་སྐབས་གདན་ཞུའི་མི་སྣར་དོ་དམ་དང་བཀོད་སྒྲིག་བྱེད་པའི་གོ་རིམ་སྔར་ལས་ཚད་ལྡན་དུ་གཏོང་བ། མི་སྤྱོད་སྡེ་ཚན་གྱིས་རང་དགར་གྱིས་གནས་སྐབས་གདན་ཞུའི་མི་སྣའི་གྲངས་འབོར་མང་དུ་བཏང་ནས་ནོར་སྲིད་ཀྱི་ཁུར་པོ་ལྗིད་དུ་གཏོང་བར་གཏན་འགོག་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་ཁོངས་ཕྱིའི་གདན་ཞུ་མི་སྣ་གཙང་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྤྱོད་སྡེ་ཚན་གྱི་འགན་ནུས་ལེགས་སྒྲིག་དང་། ལས་འགན་ལེགས་གྲུབ། ལས་གནས་ཀྱི་དགོས་མཁོ་ཉུང་དུ་སོང་བའམ་ཡང་ན་དགོས་མཁོ་མེད་པ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་ཚེ་ཁྲིམས་ལྟར་དུས་ཐོག་ཏུ་གདན་ཞུའི་འབྲེལ་བ་མེད་པ་བཟོ་དགོས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་པ་བརྒྱུད་ནས་རྣམ་པ་གཞན་གྱི་སྒྲིག་ཁོངས་ཕྱིའི་གདན་ཞུའི་མི་སྣ་མང་དུ་གཏོང་མི་ཆོག་པ་དང་། “ཕྱོགས་གཅིག་ནས་ཞབས་ཞུ་ཉོ་སྒྲུབ་དང་། ཕྱོགས་གཞན་ཞིག་ནས་མི་གསོ་སྐྱོང་གིས་བྱ་བ་སྒྲུབ་པ”གཏན་འགོག་བྱ་དགོས།
      བཞི། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་དགོས།
     18.སྲིད་གཞུང་གི་ཁྲིམས་བཀོད་བུ་ལོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བུན་འཛིན་གྱི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་རྣམ་གྲངས་ལ་ཞིབ་འཇུག་བྱེད་རུང་བའི་སྒྲིག་བཅད་དང་རྣམ་གྲངས་དམིགས་འཇུག་འོས་དཔོག་མ་བྱས་གོང་། རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། སྤྱིར་བཏང་གི་བུན་འཛིན་མ་དངུལ་དེ་སྔོན་ལ་གནད་སྨིན་ཞིང་ཚད་ཅུང་མཐོ་བའི་གསར་སྐྲུན་མཐུད་སྐྲུན་རྣམ་གྲངས་ལ་སྤྱོད་དགོས། ཆེད་དོན་བུན་འཛིན་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཕན་འབྲས་དོ་སྙོམས་ཇུས་གཞི་དང་ལས་དོན་མ་བསྒྲུབ་གོང་གི་ལས་རྗེས་དཔྱད་དཔོག་བྱེད་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་ཏེ། རྣམ་གྲངས་ཀྱི་ངོ་བོ་དང་ཁྱབ་ཁོངས་མི་མཐུན་པ། རྣམ་གྲངས་འཐུས་ཚང་བྱུང་ཚད་མཐོན་པོ་མེད་པ། དེ་བཞིན་ཁེ་བཟང་གིས་མ་རྩ་དང་སྐྱེད་ཀ་མི་འདང་བ་མ་ཟད་བུན་འཛིན་མ་དངུལ་གྱི་ལྡོག་ཕྱོགས་གསལ་ཐོའི་ནང་དོན་ཡོད་པའི་རེ་ཞུའི་རྣམ་གྲངས་ཡིན་ཕྱིན་ཡིག་ཐོག་སྙན་ཞུ་འབུལ་མི་ཆིག བུན་འཛིན་གྱི་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་བ་དང་། སྤྱིར་བཏང་བུན་འཛིན་དེ་ཁེ་བཟང་མེད་པའི་སྤྱི་ཕན་རང་བཞིན་གྱི་མ་རྩའི་གཏོང་སྒོར་སྤྱོད་པ། ཆེད་དམིགས་བུན་འཛིན་དེ་ཁེ་བཟང་ངེས་ཅན་ཡོད་པའི་སྤྱི་ཕན་རང་བཞིན་གྱི་མ་རྩའི་གཏོང་སྒོར་སྤྱོད་པ་ལས། རྒྱུན་ལྡན་རང་བཞིན་གྱི་གཏོང་སྒོ་དང་། བུ་ལོན་གྱི་མ་སྐྱེད་འཇལ་བ། ལས་གྲྭའི་གྲོན་དངུལ་ཆད་འགྱངས་བྱེད་པ། མགྲོན་ཁང་དང་ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་། གཟུགས་བརྙན་ལས་གྲྭ་སོགས་ཀྲུང་དབྱང་གིས་བཀག་སྡོམ་བཀའ་རྒྱ་ཁྱབ་བསྒྲགས་པའི་རྣམ་གྲངས་ཀྱི་གཏོང་སྒོར་སྤྱོད་པ་གཏན་འགོག་བྱེད་དགོས་པ་དང། བཅད་ཉར། གཞན་སྤྱོད། ཕྱི་གཡར། ཡུན་རིང་བེད་མེད་དུ་བཞག་པ་ཡང་གཏན་འགོག་བྱེད་དགོས། ས་ཁུལ་སོ་སོས་སྲིད་གཞུང་གིས་བུ་ལོན་འཇལ་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། ལོ་ལྔའི་དུས་བཀག་ལོན་པའི་སྤྱིར་བཏང་གི་བུན་འཛིན་དང་། མ་དངུལ་བསྡུ་སྒྲིལ་གྱི་བུན་འཛིན། ཆེད་དོན་བུན་འཛིན་བཅས་ལ་སྔ་སྣུར་དུ་སྐྱིན་ཚབ་འཇལ་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཐེངས་གཅིག་རང་བཞིན་གྱི་མ་རྩ་ཕྱིར་སློག་གི་གནོན་ཤུགས་ཆུང་དུ་གཏོང་དགོས། འགྲེམས་སྤེལ་བྱས་ཟིན་པའི་ཆེད་དམིགས་བུན་འཛིན་རྣམ་གྲངས་ཡོང་འབབ་ཀྱིས་བུ་ལོན་འཇལ་མི་ཐུབ་ན། རྒྱུ་ནོར་ཐག་གཅོད་དང་རྒྱུ་ནོར་སྤྱོད་དབང་ནང་བཤུག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་དངུལ་ཕྱིར་བསྡུ་བྱས་ཏེ། བུ་ལོན་འཇལ་བའི་ཁ་ཆད་དང་འགལ་བའི་ཉེན་ཁ་མི་ཡོང་བ་བྱ་དགོས། ཆེད་དོན་བུན་འཛིན་གྱི་ལྟོས་ཟླའི་རྒྱུ་ནོར་དེ་མ་དངུལ་བསྡུ་སྒྲིལ་ལས་སྟེགས་སྤྱི་གཉེར་སོགས་ཁེ་ལས་ཀྱིས་མ་དངུལ་བསྡུ་སྒྲིལ་བྱེད་པར་ཁག་ཐེག་བྱེད་པར་སྤྱོད་པ་གཏན་འགོག་བྱ་དགོས།
     19.སྲིད་གཞུང་གི་མངོན་མེད་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། བུ་ལོན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མངོན་མེད་བུ་ལོན་གསར་སྣོན་བྱེད་པར་གཏན་འགོག་བྱེད་དགོས་པ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་སོགས་ཀྱི་མངོན་མེད་བུ་ལོན་མང་དུ་གཏོང་བར་མོས་མཐུན་དང་ཆོག་མཆན་འགོད་པའམ་ཡང་ན་བླང་བྱ་བཏོན་མི་ཆོག སྡེ་ཚན་གཞན་དག་དང་མི་སྒེར་གང་རུང་ཞིག་ལ་བུ་ལོན་འཇལ་བའི་འགན་འཁུར་མི་ཆོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་རྒྱལ་གྱི་སྲིད་གཞུང་ངམ་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་དངུལ་བུན་སྤྱད་དེ་དངུལ་བུན་བརྒྱུད་གཏོང་བྱེད་པར་ཆོག་མཆན་སྤྲོད་པ་ཕུད། སྡེ་ཚན་དང་མི་སྒེར་གང་རུང་ཞིག་གི་བུ་ལོན་ལ་བྱེད་ཐབས་གང་རུང་གི་ཐོག་ནས་ཁག་ཐེག་བྱེད་མི་ཆོག དབང་ཆ་སྤྲོད་པ་དང་། ཚབ་འཇལ་བྱེད་པ། ཕྱིར་ཉོ། རྟིང་སྲུང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ། སྲིད་གཞུང་གི་མ་འཇོག་ཐེབས་རྩ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས(PPP)སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་མངོན་མེད་བུ་ལོན་མང་དུ་གཏོང་མི་ཆོག གཞི་རྩའི་འཛུགས་སྐྲུན་གྱི་གཞི་ཁྱོན་རང་དགར་དུ་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་གྱི་ཚད་གཞི་མཐོ་རུ་གཏོང་བ། འཛུགས་སྐྲུན་གྱི་ནང་དོན་སྒྱུར་བ། ལས་གྲྭའི་དངུལ་འགྱངས་ཆད་བྱེད་པ་སོགས་བྱེད་ཏེ་མངོན་མེད་བུ་ལོན་ཆགས་པར་གཏན་འགོག་བྱ་དགོས། སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་སྤྱི་གཉེར་གྱིས་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་གྱི་འགན་ནུས་མུ་མཐུད་དུ་འཁུར་རྒྱུ་གཏན་འགོག་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་ལོགས་སུ་དབྱེ་རྒྱུ་དོན་འཁྱོལ་བྱེད་དགོས་པ་ལས་ཁེ་བཟང་མེད་པའི་སྤྱི་ཕན་རང་བཞིན་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་འཛུགས་སྐྲུན་ལས་འགན་ཁེ་ལས་ལ་སྤྲོད་མི་ཆོག མངོན་མེད་བུ་ལོན་འཇལ་མཁན་སྡེ་ཚན་ཁག་གིས་གཏན་འཁེལ་བྱས་པའི་ཇུས་གཞི་ལྟར་བསགས་འབོར་གྱི་མངོན་མེད་བུ་ལོན་གོ་རིམ་ལྡན་པའི་ངང་སེལ་དགོས་པ་དང་། བུ་ལོན་རྫུན་བཟོ་བྱས་ཏེ་མེད་པར་བཟོ་བ་འགོག་བྱ་དགོས།
     20.ནོར་སྲིད་འཁོར་སྐྱོད་ཀྱི་ཞེན་ཁའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་གིས་ནོར་སྲིད་ཀྱི་ཐེག་ནུས་ལ་དཔྱད་དཔོག་དང་། ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་ཆེན་པོ་འགོག་ཟོན། འཕྲལ་བསྟུན་ཐག་གཅོད་ལམ་སྲོལ་འཛུགས་པ་སོགས་འཐུས་ཚང་དུ་བཏང་སྟེ། ཁྱབ་ཁོངས་ཀྱི་གློ་བུར་དུ་བྱུང་བའི་བུ་ལོན་གྱི་ངོ་སྐྱེད་འཇལ་བའམ་ཡང་ན་ཁ་ཆད་དང་འགལ་ལ་ཉེ་བ། གཞི་རིམ་གྱི“འགན་ལེན་རིགས་གསུམ”དང་དུས་ཡུན་རིང་ཐུང་གི་འགྱུར་མེད་གཏོང་སྒོར་གསབ་ཐབས་བྲལ་བའི་མ་དངུལ་གྱི་ཆད་གྲངས་གལ་ཆེན་སོགས་ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁའི་དོན་རྐྱེན་ཚབས་ཆེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་སྲུང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནོར་སྲིད་གཏོང་སྒོའི་དོན་དག་གསར་སྣོན་བྱེད་པར་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་སྔོན་ཚུད་ནས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་དང་། ས་གནས་ནོར་སྲིད་ཀྱི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བྱ་དགོས་པ་ལས། འཕེལ་རྒྱས་དུས་རིམ་དང་ནོར་ཤུགས་ལས་བརྒལ་ནས་རྨོངས་ཚོད་ཀྱིས་སྲིད་ཇུས་འདོན་པ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་གང་འདོད་དུ་རྒྱ་སྐྱེད་གཏོང་བ། གཏོང་སྒོའི་ཚད་གཞི་མཐོ་རུ་གཏོང་བ་སོགས་བྱེད་མི་ཆོག ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་གཅིག་གྱུར་བླང་བྱ་དང་དེ་བཞིན་ཐུན་མོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དེ་ཁུལ་རིམ་པས་འཁུར་དགོས་པའི་གཏོང་སྒོའི་ནང་དོན་ཁག་གཅིག་ཕུད། ཁུལ་རིམ་པའི་སྡེ་ཚན་ཁག་གིས་རང་འགུལ་ངང་སྲིད་ཇུས་བཏོན་ནས་རྫོང་རིམ་པས་འཁུར་དགོས་པའི་གཏོང་སྒོའི་ལས་འགན་འཁུར་མི་ཆོག
ལྔ། སྔོན་རྩིས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་གསལ་ཚད་ཆེ་རུ་གཏོང་དགོས།
    21.ནོར་རྩིས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཚན་གྱིས་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མཐུན་སྦྱོར་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ནོར་སྲིད་དང་། ནོར་དོན། རྩིས་གཉེར་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ཚུལ་ལ་ལྟ་སྐུལ་བྱེད་པའི་སྣེ་ཁྲིད་སྒྲིག་འཛུགས་བྱེད་དགོས། ཁྲལ་འཕྲི་དངུལ་གཅོག་དང་། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་དམ་ཚགས་སྐྱེལ་བ། “འགན་ལེན་རིགས་གསུམ”ལ་འགན་ལེན་བྱེད་པ། རྒྱལ་མཛོད་དོ་དམ་ཚད་ལྡན་དུ་གཏོང་བ། རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། བུ་ལོན་གྱི་ཉེན་ཁར་དོགས་ཟོན་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས། ནོར་སྲིད་ཡོང་འབབ་བདེན་པ་མིན་པ་དང་། སྒྲིག་སྲོལ་དང་མི་མཐུན་པ། སྒྲིག་འགལ་ངང་མགྲོན་ཁང་དང་ཐོག་ཁང་ཚོགས་ཁང་སྐྲུན་པ། ནོར་སྲིད་ཆེད་སྤྱོད་རྩིས་ཁྲ་གང་བྱུང་དུ་འཛུགས་པ། སྒྲིག་འགལ་ངང་རྒྱུ་ནོར་ཐག་གཅོད་བྱེད་པ། སྒྲིག་འགལ་ངང་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་མང་དུ་གཏོང་བ་སོགས་གནད་དོན་ཚབས་ཆེན་དག་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཞིང་འབྲེལ་མ་དངུལ་དང་། “འགན་ལེན་རིགས་གསུམ”གྱི་འགྲོ་གྲོན། དངུལ་ཉར་ལྐོག་མཛོད་སོགས་གཙོ་གནད་ཁྱབ་ཁོངས་ལ་ཆེད་དོན་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ནོར་དཔལ་ཁྱབ་ཁོངས་སུ་བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་མི་ཉན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། 
     22.ལམས་གཟུགས་ཀྱི་ལྟ་སྐུལ་རྣམ་པ་འཛུགས་སྐྱོང་བྱེད་དགོས། ས་ཁུལ་ཁག་གིས་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་དང་མི་དམངས་འཐུས་ཚོགས་ཀྱི་ཞིབ་བཤེར་ལྟ་སྐུལ། རྩ་འཛུགས་ཀྱི་ལྟ་སྐུལ། སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ། སྐོར་གཟིགས་སྐོར་དཔྱོད་ལྟ་སྐུལ། རྩིས་བཤེར་ལྟ་སྐུལ། ཁྲིམས་འཛིན་ལྟ་སྐུལ་སོགས་ཀྱི་ལས་དོན་གྱི་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ལྟ་སྐུལ་འཆར་གཞི་དང་། 
གནད་དོན་ངོ་བོ་གཏན་འཁེལ། ཁུངས་སྣེ་རྩིས་སྤྲོད། ཆད་གཅོད་སོགས་ཀྱི་ཐད་ཆ་འཕྲིན་མཉམ་སྤྱོད་དང་མཇུག་འབྲས་ཕན་ཚུན་ངོས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གནད་དོན་གྱི་ཁུངས་སྣེ་དབྱེ་འབྱེད་དང་། ཐག་གཅོད། རྩིས་སྤྲོད་བཅས་བྱས་ཏེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་མཐའ་གཅིག་ཏུ་གཅོད་དགོས།
     ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་ནས་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། “འདུ་ཤེས་བཞི”ཆེ་རུ་བསྐྱེད་པ། “ཡིད་ཆེས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” སྒྲུབ་ཐུབ་པ་བཅས་བྱས་ནས། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅས་ཀྱིས་ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། སྔོན་རྩིས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནོར་སྲིད་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ད་ལྟ་དང་མ་འོངས་པའི་ལས་འགན་གལ་ཆེན་ཞིག་ཏུ་ཡང་བརྩིས་ནས་རང་འགན་གཙང་སྒྲུབ་དང་དོ་དམ་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས།





མཉམ་སྤྱོད།