མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།

2024-01-08 16:43:08   |   1801

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་སྲིད〔2023〕ཨང53པ། 

རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་དང་ལས་ཁུངས་སོ་སོ།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། མཚོ་བྱང་ཁུལ་གྱི་གནས་ཚུལ་དང་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་འགན་འཁྲི་ཁུར་ཕོད་པ་དང་དོན་དངོས་སྒྲུབ་མཁས་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་དམིགས་སུ་བཟོས་པ་ཡིན།
གཅིག སྐྱེ་ཁམས་ཀྱི་འགན་ཁུར་དང་དུ་བླངས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་ཐད་དམ་པ་དོན་གཉེར་བྱེད་དགོས།

1.སྐྱེ་ཁམས་མ་ལག་སྲུང་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་དོང་དང་པོ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བར་འགན་ལེན་དང་། མུ་རི་ཆུ་བོའི་ཆུ་ལག་སྤྱང་ཚང་ཆུའི་འབབ་ཡུལ་གྱི་ཆུའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་། ཆུ་ནག་ཆུ་བོའི་མགོ་ཁུངས་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་གྲྭར་དུས་ལྟར་སྐུལ་འདེད་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི127དང་བྱེ་འགོག་བྱེ་བཅོས་མུའུ་ཁྲི2.4དང་། ས་ཆུ་སྲུང་འཛིན་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ34.6བཅས་ཡོངས་འགྲུབ་བྱེད་དགོས། 

2.སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལྟར་ནུས་རྒྱུ་ཟད་གྲོན་ཚོད་འཛིན་བྱས་ཏེ། གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་ནུས་རྒྱུའི་འཛད་སྤྱོད་སྡོམ་འབོར་འཕར་ཚད2.6%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་། སྦགས་བཙོག་དངོས་པོ་གཙོ་བོའི་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱ་རྒྱུ། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དུ་སླེབས་རྒྱུ། ཆུ་བོ་གཙོ་བོ་ཁུལ་ཁོངས་ནས་ཐོན་པའི་བཅད་ངོས་ཀྱི་དེ་རིགསIIཡན་དུ་བྱེད་པ།
གཉིས། འཕར་སྣོན་བརྟན་པོ་ཡོང་བའི་འགན་ཁུར་དང་དུ་བླངས་ནས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཐད་དམ་པ་དོན་གཉེར་བྱེད་དགོས།

3.ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། འབྲུ་རིགས་སྐྱེ་དངོས་མུའུ་ཁྲི31དང་སྣུམ་རྒྱུ་མུའུ་ཁྲི43སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི7.1ཡན་དུ་ཟིན་པར་བྱེད་དགོས། ནོར་ལུག་བཤས་རར་བཏང་བའི་བྱ་དགའི་མ་དངུལ་སྒོར་ཁྲི1000བེད་སྤྱོད་ཡག་པོ་བྱས་ཏེ། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ནོར་ལུག་བཤས་རར་གཏོང་ཚད་ཁྲི145ཡི་དམིགས་ཚད་དེ་ཚད་བརྒལ་ངང་ཡོངས་འགྲུབ་བྱེད་དགོས། “གཅིག་ཅན་བརྒྱད”ཀྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་ལག་བསྟར་ཡག་པོ་བྱས་ཏེ། ལོ་འདིའི་ནང་རྫོང་རེར་འབྲི་གཡག་མགོ་གྲངས་ཁྲི་དང་བོད་ལུག་ཁྲི་རེའི་གསོ་ཚགས་རྟེན་གཞི1རེ་འཛུགས་སྐྲུན་བྱེད་དགོས། ལོ་ཧྲིལ་པོའི་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་དུས་མཚུངས་ལས4.5%འཕར་བར་བྱེད་དགོས།

4.བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཧེ་བདག་གཏེར་ཁས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཧྭ་ཐེ་སྣུམ་སྙིགས་དང་། ཤིན་ཧྲུའུ་གཏེར་འདེམས། ཧའེ་ཤིན་གཏེར་ལས་སོགས་གཙོ་གནད་ཁེ་ལས་ཀྱི་འཕར་སྣོན་གྱི་གཏིང་ཤུགས་སྔོག་འདོན་གང་ཐུབ་དང་། “གློག་ཁུངས་དང་གློག་དྲ། ཐེག་རྩོལ། གསོག་འཇོག”བཅས་གཞི་གཅིག་ཅན་གྱི་རྣམ་གྲངས་དང་རྡོ་སོལ་སྔོག་འདོན་བྱས་ཤུལ་གྱི་འོད་ཤུགས་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ཆབས་ཅིག ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང7%འཕར་པར་བྱས་ཏེ། གྲུབ་འབྲས་སྔར་ལས་ལེགས་པོ་ཐོབ་པར་བརྩོན་ལེན་བྱ་དགོས།

5.ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་ཡོང་བར་སྐུལ་འདེད་་ཤུགས་ཆེན་གཏོང་བ།“123”གནས་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་དམིགས་ཚད་ལ་དམིགས་ནས་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་དང་དེ་བཞིན་དམིགས་བསལ་གཉེར་སྐྱོང་ས་ཚིགས6འཛུགས་སྐྲུན་དང་གཉེར་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྟོན་དུས་ཆེན་དང་། ཟླ་མཆོད་དུས་ཆེན། དེ་བཞིན་“ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་དང་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས”སོགས་ཀྱི་མཚམས་ཚིགས་བེད་སྤྱོད་གང་ལེགས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ། ལོ་ཧྲིལ་པོའི་ཐོན་ལས་གསུམ་པའི་ཐོན་རྫས་རིན་ཐང་དུས་མཚུངས་ལས4%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྡོམ་འབོར7%ཡས་མས་འཕར་བར་བྱེད་དགོས།
གསུམ། རིགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་དུ་བླངས་ནས། འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི་ཐད་དམ་པ་དོན་གཉེར་བྱེད་དགོས།

6.རྣམ་གྲངས་མག་མ་དངུལ་འཇོག་པར་སྐུལ་ཁྲིད་ཤུགས་ཆེན་བྱེད་པ། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་གྱི་འགན་གཙང་ལེན་བྱེད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཇུ་ལག་གི1·08ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་ནུབ་མཚོ་གྲོང་རྡལ་གྱི་དངུལ་མཚོ་ཟམ་ཆེན་འཛུགས་སྐྲུན་སོགས་ཁུལ་རིམ་པའི་གཙོ་གནད་རྣམ་གྲངས31གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་མཐུད་སྐྲུན་རྣམ་གྲངས་ཁག379ཡི་འཛུགས་སྐྲུན་ལ་དུས་རིམ་ལྟར་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་སྒོས་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད8%ཡན་འཕར་བར་བྱེད་དགོས།

7.ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྐབས24པའི“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི”གན་རྒྱ་བཞག་པའི་རྣམ་གྲངས་ལས་མགོ་འཛུགས་རྒྱུ་དང་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྣམ་གྲངས་ཀྱི་གན་རྒྱ་བཞག་ཚད་དང་། མ་དངུལ་དོན་འཁྱོལ་བྱེད་ཚད། རྣམ་གྲངས་ལས་མགོ་འཛུགས་ཚད་སོགས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ། ལོ་འདིའི་ནང་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར11ཡན་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ཕྱི་ཕྱོགས་ཉོ་ཚོང་གི་སྡོམ་འབོར15%ཡན་འཕར་བར་བརྩོན་ལེན་བྱ་དགོས།

8.ཚོང་གཉེར་ཁོར་ཡུག་་ལེགས་སུ་གཏོང་གང་ཐུབ་བྱེད་པ། ཐོན་ལས་ཐེངས་གསུམ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི5000བེད་སྤྱོད་ཡག་པོ་བྱས་ནས་ལོ་འདིའི་ནང་ཁྲོམ་རའི་བྱེད་པོ་དུད་ཚང330ཡན་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དུད་ཚང50ཡས་མས་གསར་དུ་འཕར་བའི་བརྩོན་ལེན་བྱས་ཏེ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས4དང་བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས4ལ་རྗེས་སྙེག་གསོ་སྐྱོང་བྱེད་དགོས།

9.ནོར་སྲིད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་མཐུན་སྦྱོར་ངང་འཕར་བར་ཁག་ཐེག་བྱས་ཏེ། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་6.6ཡོངས་འགྲུབ་བྱེད་དགོས། ལོ་འདིའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར112.69ཡོངས་འགྲུབ་བྱེད་པ་མ་ཟད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་རྒྱུ།
བཞི། དམངས་འཚོར་ཕན་པའི་ལས་འགན་དང་དུ་བླངས་ནས། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཐད་དམ་པ་དོན་གཉེར་བྱེད་དགོས།

10.གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས“ཡོང་འབབ་ཁག་གཉིས”མང་དུ་བཏང་ནས་དབུལ་སྒྲོལ་དང་ལྟ་ཞིབ་ཚད་ལེན་མི་འབོར་གྱི་ལས་མི་ལས་ཞུགས་བྱེད་ཚད9000ཡན་ཟིན་པ་བྱས་ཏེ། ལོ་འདིའི་ནང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ10%ཡན་ཟིན་པ་དང་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་དེ15%ཡན་ཟིན་པ་བྱེད་དགོས། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ9དང་གྲོང་གསེབ་དར་རྒྱས་ཚོད་ལྟའི་གྲོང་ཚོ16འཛུགས་སྐྲུན་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་དགོས།

11.ལས་ཞུགས་འགན་སྲུང་ཁྱོན་ཡོངས་ནས་བརྟན་པོ་ཡོང་བར་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད87%ཡན་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.5ཟིན་པ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ6%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་བཅས་བྱ་དགོས། ཚོང་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ2ནང་ཚུན་དུ་ཚོད་འཛིན་བྱ་དགོས།

12.སྤྱི་ཚོགས་འགན་སྲུང་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས“འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ”དང“སྐྱོབ་དགོས་རིགས་སྐྱོབ་པའི”ཐད་འབད་བརྩོན་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཐོབ་ཐང་གཉིས་ཀྱི་འགྲོ་ལུགས“ཞིང་ཆེན་བརྒལ་ནས་སྒྲུབ་ཐུབ་པ”དང་འགུལ་རྣམ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྲང་འཁྱམ་དང་གནས་སྐབས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཁྲོད་འཚོ་བ་རང་མགོ་ཐོན་པའི་ནུས་པ་རྦད་དེ་ཤོར་བའི་མི་ཚོགས་ཀྱི་ནད་གཡོག་ཁ་གསབ་ཚད་གཞི་ལོ་གོང་མ་ལས10%ཡན་མཐོ་རུ་གཏོང་དགོས།
ལྔ། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་དུ་བླངས་ནས། སྤྱི་ཚོགས་ཀྱི་བྱ་གཞག་དར་རྒྱས་གཏོང་བའི་ཐད་དམ་པ་དོན་གཉེར་བྱེད་དགོས།

13.དམངས་ཡོངས་ཀྱི་བདེ་ཐང་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དུས་ཚོད་ཐུང་ཤོས་ནང་ཁུལ་མི་དམངས་སྨན་ཁང་གཉིས་པ་དང་འཇུ་ལག་རྫོང་ཀྲུང་ལུགས་སྨན་ཁང་གིས་རིམ་གསུམ་སྨན་ཁང་གསར་འཛུགས་བྱེད་པའི་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས། ཟླ10པའི་ཟླ་མཇུག་ཏུ། སྨན་བཅོས་འགན་ལེན་ནང་ཞུགས་པའི་ཁྱབ་རྒྱ་ཆེ་རུ་གཏོང་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འགྲོ་གྲོན་རྩིས་རྒྱག་ཚད70%ཡན་ཟིན་པ་བྱེད་དགོས།

14.ཀུན་ཕན་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འོས་འགན་སློབ་གསོའི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་། སློབ་སྔོན་སློབ་གསོའི་སློབ་གྲྭར་ཞུགས་ཚད། འོས་འགན་སློབ་གསོའི་སྲ་བརྟན་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད་བཅས་སོ་སོར96.5%དང་། 98%དང96%ཡན་ཟིན་པ་དང་། ལས་རིགས་སློབ་གསོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐུབ་ཚད95%ཡན་རྒྱུན་འཁྱོངས་བྱེད་དགོས།

15.རྒན་གསོ་དང་བྱིས་སྐྱོང་གི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཆེ་རུ་གཏོང་བ། ཟས་རིན་རོགས་སྐྱོར་དང་ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ས་ཚིགས13 གསར་སྐྲུན་པ་བྱེད་པ་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རང་མགོ་མི་ཐོན་པའི་རྒན་རྒོན་དུད་ཚང172ལ་རྒན་པར་འཚམ་པའི་སྒྱུར་བཀོད་བྱེད་དགོས། མཁར་གྲོང་གི་ནར་མ་སོན་པའི་མིའི་བདག་སྐྱོང་ས་ཚིགས་སམ་ཡང་ན་གྲོང་ཚོའིསྡེ་ཁུལབྱིས་པའི་གཞིས་ཁྱིམ10བསྐྲུན་པ་དང་། བཅོལ་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི་རྣམ་གྲངས3འཛུགས་དགོས།
དྲུག བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དང་དུ་བླངས་ནས། སྤྱི་ཚོགས་བདེ་འཇགས་དོགས་ཟོན་ཐད་དམ་པ་དོན་གཉེར་བྱེད་དགོས།

16.སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་ཏན་ཏིག་བྱེད་པ།  ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དངོས་གཞི་ཅན་དང་ནུས་ལྡན་འཁོར་སྐྱོད་ལ་སྐུལ་འདེད་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་མི་དམངས་ཡིག་བསྐུར་ངོ་བཅར་དང་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་བྱེད་དགོས། ཡིག་བསྐུར་ངོ་བཅར་གྱོད་གཞི་སྒྲུབ་ཚད85%ཡན་ཟིན་པ་དང་བདེ་འཇགས་གྱོད་གཞི་དང་། ཉེས་དོན་གྱོད་གཞི། གློག་གཡོ་གྱོད་གཞི་བཅས་ཀྱི་གྱོད་གཞི་རྩད་ཆོད་ཚད་བརྟན་པོའི་ངང་འཕར་བར་བྱེད་པ།

17.བདེ་འཇགས་ཐོན་སྐྱེད་དམ་འཛིན་ཏན་ཏིག་བྱེད་པ།“དོ་དམ་གསུམ་དང་ངེས་པར་གསུམ”དང “བྱེད་ཐབས་ནུས་ལྡན་བཅོ་ལྔ”དང་། ཞིང་ཆེན་གྱི་དོན་ཚན33དང་། ཁུལ་གྱི་བྱེད་ཐབས51བཅས་དོན་འཁྱོལ་ནན་པོ་བྱས་ཏེ། ཆེད་དོན་བཅོས་སྒྲིག་བརྒྱད་གཙོ་རུ་བཟུང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་དོགས་ཟོན་དང་བཀག་འགོག་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ལས་འཛོལ་ལས་མི་ཤི་བའི་གྲངས་ཀ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་ནན་པོ་བྱེད་དགོས།
                                                                                                                                                                                                                                                                                         མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
                                                                                                                                                                                                                                                                                                   2023ལོའི་ཟླ9ཚེས6ཉིན།(ཡིག་ཆ་འདི་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས)



本期证报PDF文件