མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི《མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་བཅུ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-12-22 01:26:37   |   280

  བྱང་སྲིད﹝2022﹞ཨང28པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར།  ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།

        《མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་བཅུ》དེ2022ལོའི་ཟླ4ཚེས26ཉིན་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས15པའི་ཐོག་ཞིབ་འཇུག་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ད་ལྟ་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རོགས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། 

2022ལོའི་ཟླ5ཚེས11ཉིན། 

མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་བཅུ།

ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་། དེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བའི་ཤེད་ཤུགས་སྔར་བས་ཆེ་རུ་གཏོང་བ། དོན་དངོས་ཐོག་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། སྲིད་ཇུས་ཁག་དམིགས་སར་འབྱོར་བ་དང་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་རྒྱུན་མཐུད་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་ཆེད། ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཆེད་དུ་གཤམ་གྱི་བྱེད་ཐབས་ཁག་བཏོན་པ་ཡིན།

གཅིག  ནོར་ཁྲལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། 

(གཅིག) རྒྱལ་ཁབ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་ནན་པོ་བྱེད་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི《ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད་གཞུང﹝2022﹞ཨང4པ)དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུ། ནོར་སྲིད་པུ་སོགས་སྡེ་ཁག་བཅུ་གཉིས་ཀྱི《བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་འགའ་དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར》(འཕེལ་སྒྱུར་ཐོན་ལས﹝2022﹞ཨང273པ)དང་། དེ་བཞིན་ཞིང་ཆེན་བཟོ་འཕྲིན་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གི《<མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་དཀའ་གནད་བསལ་ཏེ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་ཞིབ་སྲོལ>དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྔོན་བཟོ་འཕྲིན﹝2022﹞ཨང88པ)སོགས་སྲིད་ཇུས་དང་བྱེད་ཐབས་སོ་སོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་ཤུགས་སྔར་བས་ཆེ་རུ་བཏང་ནས། བཟོ་ལས་ཁེ་ལས་ཀྱི་ཁྲལ་གྲོན་སྲིད་ཇུས་དང་དངུལ་རྩའི་རྒྱབ་སྐྱོར། ཚན་རྩལ་གསར་གཏོད། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ། ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་བཅས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཡོང་བར་འགན་སྲུང་བྱེད་དགོས་ཤིང་། དོན་དངོས་ཐོག་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བ་སྲ་བརྟན་དུ་གཏོང་དགོས། 《ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་བྱེད་ཐབས་ཁག་བཅུ》(བྱང་སྲིད་གཞུང་འཕྲིན﹝2022﹞ཨང38པ)དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་བྱས་ནས། མཚོ་བྱང་བཟོ་ལས་ཁེ་ལས་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་བཟོ་ལས་ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེར་གཏོང་དང་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་དགོས། 

(གཉིས།) ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དཔྱ་ཁྲལ་འཕྲི་གཅོག་འཐེན་འཕྲི་བྱེད་ཤུགས་ཆེ་རུ་གཏོང་བ། 《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་དཀའ་སེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་ཞིབ་སྲོལ》ལག་བསྟར་བྱས་ནས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས2022ལོའི་ལོ་འཁོར་ནང་གསར་དུ་ཉོས་པའི་སྒྲིག་ཆས་ཡོ་བྱད་ཀྱི་རིན་གོང་སྒོར་ཁྲི500ཡན་ཟིན་ན། རྙིང་འགྱུར་ལོ་ཚད་ལོ་གསུམ་ཡིན་པའི་རིགས་དེར་རེབ་ཐེངས་གཅིག་གིས་དཔྱ་ཁྲལ་མ་འཇལ་གོང་འཐེན་ཆོག་པ་དང་། རྙིང་འགྱུར་ལོ་ཚད་ལོ4དང་ལོ5། ལོ10བཅས་ཀྱིས་ཕྱེད་ཀ་བཅག་ནས་འཐེན་ཆོག ཁེ་ལས་ཀྱིས་དུས་ཚིགས་གཞིར་བཟུང་ནས་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་དང་། ལོ་དེར་འཐེན་འཕྲི་མི་ཐུབ་པའི་རྐྱེན་གྱིས་བྱུང་བའི་གྱོང་གུན་དེ་རྗེས་ཀྱི་ཁྲལ་འཇལ་ལོ་འཁོར་ལྔའི་ནང་རྩིས་སྒྱུར་འཕྲི་འཐེན་བྱེད་ཆོག

(གསུམ།) ཁེ་ལས་ཆུང་ཕྲན་གྱི“ཁྲལ་དྲུག་དང་གྲོན་གཉིས”འཕྲི་གཅོག་བྱེད་པའི་སྲིད་ཇུས་སྤྱད་འཐུས་ཁྱབ་ཁོངས་རྒྱ་སྐྱེད་བྱེད་པ། སྲིད་ཇུས་དོན་འཁྱོལ་བྱེད་པའི་བྱེད་པོ་དེ་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ནས་ཁེ་ལས་ཆུང་ཕྲན་དུ་རྒྱ་བསྐྱེད་པ་དང་། ཁྲལ་འབབ་ཀྱི་ཚད་གཞི50%ལྟར་ཐོན་ཁུངས་དཔྱ་ཁྲལ་གྱི་སྲིད་ཇུས་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། ཁང་པའི་དཔྱ་ཁྲལ། མཁར་གྲོང་ས་ཆ་སྤྱོད་ཁྲལ། ཁྲལ་པར(དངུལ་འཛིན་ཉོ་ཚོང་གི་ཁྲལ་པར་ཚུད་མེད)། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་དང་སློབ་གསོའི་གྲོན་དངུལ་གྱི་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་བཅས་ཉུང་བསྡུ་བྱེད་དགོས། 

(བཞི།) ད་ཡོད་ཀྱི་ཁུལ་རིམ་པའི་ཆེད་དོན་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྨང་གཞི་ལྡན་པ་དང་མི་མངོན་པའི་ནུས་ཤུགས་ལྡན་པའི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ལོ་དེར་གསར་སྣོན་བྱས་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས(མཛོད་ནས་ཕྱིར་འཐེན་བྱས་པ་སླར་ཡང་མཛོད་འཇུག་ཁེ་ལས་ཚུད་མེད)གསོ་སྐྱོང་བྱེད་པར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི20སྤྲོད་དགོས། ཁུལ་ནང་ཁུལ་གྱི་བཟོ་ལས་ཁེ་ལས་ལ་མུ་མཐུད་དུ་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱ་རྒྱུར་སྐུལ་ལྕག་བཏང་ནས། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་དང་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ལེགས་པ་དང་ཚན་རྩལ་གསར་གཏོད་ནུས་པ་ཆེ་བ། གཙོ་གཉེར་ལས་སྒོའི་ཡོང་འབབ་ཐོག་དང་པོར་སྒོར་དུང་ཕྱུར1ལས་བརྒལ་བ། ཁུལ་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་ནུས་པ་གལ་ཆེན་ཐོན་པའི་བཟོ་ལས་ཁེ་ལས་ལ་སྒོར་ཁྲི40ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་དགོས།

(ལྔ།)   ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་བར་སྐུལ་མ་གཏོང་བ། བཟོ་ལས་ཁེ་ལས་ཀྱིས་དོན་དངོས་ཐོག་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་དཔལ་འབྱོར་ཉམས་པ་དང་ཚོང་ར་ཉམས་པ། པྲོག་གསར་རིམས་ནད་སོགས་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཧུར་ཐག་གིས་སེལ་ཐབས་བྱས་ཏེ། སྤྱི་ཚོགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ(ལོ་འཁོར་འདིའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་ལོ་གོང་མའི་དུས་མཚུངས་ལས10%ཡན་འཕར་བ)དང་། ལས་ཞུགས་ཐག་གཅོད་མང་བ(ལོ་འཁོར་འདིར་ས་གནས་དེ་གའི་ལས་ཞུགས་མི་གྲངས་ལོ་གོང་མའི་དུས་མཚུངས་ལས10%ཡན་འཕར་བ)། གསར་གཏོད་ནུས་པ་ཆེ་བ(ལོ་འཁོར་འདིའི་ཞིང་ཆེན་རིམ་པའི“ཆེད་ཞིབ་ཁྱད་གསར”ཁེ་ལས་ཀྱི་ཁས་ལེན་ཐོབ་པ)ཡི་བཟོ་ལས་ཁེ་ལས་ལ་སྒོར་ཁྲི30ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་དགོས།

གཉིས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། 

(དྲུག) དངུལ་བུན་གྱི་ཉེན་ཁའི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་གམ་ཡང་ན་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྡེ་ཁག་གིས་དངུལ་བུན་གཏོང་བའམ་ཡང་ན་མ་དངུལ་བསྡུ་སྒྲིལ་ཁག་ཐེག་གི་ལས་སྒོ་སྒྲུབ་རྗེས། དངུལ་བུན་གྱོང་གུན་བཟོས་བའི་ངོས་འཛིན་བྱས་པའམ་ཡང་ན་ཁག་ཐེག་གིས་གྱོང་གུན་ཚབ་འཇལ་བྱེད་པའི་རིགས་ལ་ཉེན་ཁའི་ཁ་གསབ་ཐེབས་རྩས་རེབ་ཐེངས་གཅིག་ལ་ཉེན་ཁའི་ཁ་གསབ30%སྤྲོད་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་དང་མ་དངུལ་མཉམ་འདྲེས་ཁག་ཐེག་སྡེ་ཁག་གིས་དངུལ་ཁང་གི་འགན་འཁུར་མཉམ་ལས་རྐྱེན་སྲོལ་བཙུགས་པའི་འོག་བྱུང་བའི་དངུལ་བུན་ནམ་ཡང་ན་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ལས་སྒོ་ལས་བྱུང་བ་མ་ཟད། ངོས་འཛིན་བྱས་པའི་དངུལ་བུན་གྱི་གྱོང་གུན་ནམ་ཡང་ན་ཁག་ཐེག་ཚབ་འཇལ་གྱི་གྱོང་གུན་ལ། ཉེན་ཁའི་ཁ་གསབ་ཐེབས་རྩས་དངུལ་ཁང་གི་ཉེན་ཁ་འཁུར་བའི་བསྡུར་ཚད་ལྟར་སོ་སོར་རེབ་ཐེངས་གཅིག་ལ་ཉེན་ཁའི་ཁ་གསབ40%སྤྲོད་དགོས། དེའི་ནང་བཟོ་ལས་ཁེ་ལས་ཆུང་གྲས་ཀྱི་དུད་ཚང་རེར་སྒོར་ཁྲི80ལས་མི་བརྒལ་བ་དང་། བཟོ་ལས་ཁེ་ལས་ཆེས་ཆུང་གྲས་དུད་ཚང་རེར་སྒོར་ཁྲི50ལས་བརྒལ་མི་རུང་། 

(བདུན།) རྣམ་གྲངས་ཀྱི་དངུལ་བུན་ཁ་གསབ་དོན་འཁྱོལ་བྱེད་བ། འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་རིང་ཐོན་པའི་དངུལ་བུན་ལ་བསྡུར་ཚད་ངེས་ཅན་ལྟར་སྐྱེད་ཀ་སྤྲོད་པ་དང་། སྐྱེད་གསབ་དངུལ་གྲངས་མང་ཤོས་སྒོར་ཁྲི100ལས་བརྒལ་མི་ཆོག དངུལ་རྩའི་སྡེ་ཁག་གིས་མུ་མཐུད་དངུལ་བུན་གཏོང་བའི་ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་རྒྱུན་ལྡན་གྱི་དངུལ་བུན་གཏོང་བའི་ལས་སྒོ་སྒྲུབ་པར་སྐུལ་མ་གཏོང་དགོས་པ་ལས། རྨོངས་ཚོད་ཀྱིས་དངུལ་བུན་མི་གཏོང་བ་དང་དངུལ་བུན་ལེན་པ། དངུལ་བུན་གཏོང་མཚམས་འཇོག་པ། དངུལ་བུན་གཅོག་པ་བཅས་བྱེད་མི་ཆོག་ལ། ལུགས་མཐུན་གྱི་འཁོར་རྒྱུག་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། 

གསུམ། ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་ལ་འགན་སྲུང་བྱེད་བ། 

(བརྒྱད།) བཟོ་ལས་འཁོར་སྐྱོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དུས་བབ་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་རྟོག་འཇལ་དང་ཕྱོགས་བསྡུས་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ། “ཁུལ་རིམ་པའི་མགོ་ཁྲིད་ཀྱི‘1+10’སྦྲེལ་མཐུད་ས་ཚིགས་ཀྱི་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི”རོགས་སྐྱོར་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ། ཁེ་ལས་ལ་རྟོག་འཇལ་དང་ཁེ་ལས་ཀྱི་དགོས་མཁོ་དྲིས་ཏེ་སྐོང་བ། ཁེ་ལས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱེད་པ། ཁེ་ལས་ལ་རྟོག་འཇལ་དང་ཁེ་ལས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ལྷག་པར་དུ་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་འདེགས་སྐྱོར་ནུས་པ་ཆེ་བའི་གཙོ་གནད་ཁེ་ལས་ལ“ཁེ་ལས་རེར་བྱེད་ཐབས་རེ”ཡི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཞབས་ཞུ་བྱས་ནས། ཁེ་ལས་ལ་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ཀྱི་དཀའ་གནད་དང་མདོ་གནད། འགག་གནད་བཅས་ཐག་གཅོད་ཏན་ཏིག་བྱས་ཏེ། གཙོ་གནད་ས་ཁུལ་དང་གཙོ་གནད་ཁེ་ལས། གཙོ་གནད་ཐོན་རྫས་བཅས་བརྟན་པོའི་ངང་འཁོར་སྐྱོད་ཡག་པོ་ཡོང་བ་འགན་ལེན་བྱེད་དགོས།   

(དགུ།) ཐོན་སྐྱེད་རྒྱུ་རྐྱེན་གྱི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ། 《ཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་འགའ》ཡི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ། 2022ལོར་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་གྲས་སུ་བཞག་པའི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ནང་གི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་གཞུང་ཁོངས་ཁང་པ་བོགས་མར་བླངས་ཡོད་ན། 2022ལོར་ཟླ6གི་བོགས་དངུལ་མེད་པར་གཏོང་ཞིང་། ས་ཁུལ་གཞན་དག་ཏུ་ལོ་སྟོད་ཀྱི་ཟླ3གྱི་བོགས་དངུལ་མེད་པ་གཏོང་བ་ཡིན། རྒྱུན་ལྡན་གྱི་གཉེར་སྐྱོང་དང་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་བཟོ་ལས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ས་ཁུལ་སོ་སོའི་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ལེགས་སྐྱེས་སོགས་ལ་གཞིགས་ནས་ལོ་འཁོར་གོང་མར་དངོས་སུ་སྤྲད་པའི་བཟོ་ཁང་གི་བོགས་དངུལ་སྡོམ་འབོར་གྱི་བསྡུར་ཚད་ངེས་ཅན་ལྟར་ཁ་གསབ་སྤྲོད་དགོས། བཟོ་ལས་ཁྱབ་ཁོངས་ཀྱི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཐོན་ལས་སྦྲེལ་ཐག་ཁྲོད་ཀྱི་སྣུར་སྲིང་སྦྲེལ་ཐག་དང་ཁ་གསབ་འབྲེལ་ཐག་སོགས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་མཁན་ཁེ་ལས་འབྲིང་ཆུང(ནུས་ཁུངས་ཟད་གྲོན་ཆེ་བ་དང་། ཆུ་ཟད་གྲོན་ཆེ་བ། དེ་བཞིན་ཆུ་དང་། གློག རླངས་བཅས་རྒྱུ་ཆ་ཐོན་སྐྱེད་བྱེད་པར་སྤྱོད་པའི་ཁེ་ལས་ཕུད)དེའི་ལོ་འཁོར་གོང་མའི་ཐོན་སྐྱེད་གཉེར་སྐྱོང་བརྒྱུད་རིམ་ནང་ཐོན་པའི་ཆུ་རིན་དང་གློག་རིན། སྐྱེལ་འདྲེན་འགྲོ་གྲོན(ལྕགས་ལམ་སྐྱེལ་འདྲེན་འགྲོ་གྲོན་ཚུད་མེད)སོགས་ཐོན་སྐྱེད་རྒྱུ་རྐྱེན་གྱིས་དེའི་བསྡུར་ཚད་ཅུང་ཆེ་བའི་ཁྲོད་ཀྱི་ཚན་པ་གཅིག་བསྡུར་ཚད་ངེས་ཅན་ཞིག་ལ་གཞིགས་ནས་ཁ་གསབ་སྤྲོད་དགོས། 

(བཅུ།) ལས་ཤོར་ལས་ཞུགས་འགན་སྲུང་དོན་འཁྱོལ་བྱེད་པ། ལས་ཤོར་ཉེན་འགོག་འགན་ལེན་ལག་བསྟར་གྱིས་ལས་གནས་བརྟན་པོའི་ངང་ལས་ཞུགས་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་དང་། ལས་ཤོར་ལས་རྨས་ཉེན་འགོག་འགན་ལེན་གྱི་གྲོན་ཚད་དང་ལས་རིགས་གསོ་སྦྱོང་གི་ཁ་གསབ། ཁེ་ལས་ཀྱིས་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་བསྡུ་ལེན་སོགས་གཙོ་གནད་རིགས་ཚོགས་ལས་ཞུགས་ཀྱི་སྤྱི་ཚོགས་ཁ་གསབ་སྲིད་ཇུས་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བཅས་བྱས་ཏེ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་དམག་འཁྱུར་དམག་མི། ཞིང་སྡེའི་དབུལ་ཐར་མི་འབོར་སོགས་གཙོ་གནད་རིགས་ཚོགས་ལས་ཞུགས་སྔར་ལས་མང་བ་བསྡུ་ལེན་བྱེད་དགོས། ཀུན་ཕན་རང་བཞིན་གྱི་ལས་ཤོར་ཉེན་འགོག་འགན་ལེན་གྱིས་ལས་གནས་བརྟན་པོའི་ངང་ཕྱིར་སློག་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། 2022ལོར་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཕྱིར་སློག་བསྡུར་ཚད་དེ་ཁེ་ལས་དང་དེའི་ལས་བཟོ་པས་ལོ་འཁོར་གོང་མར་དངོས་སུ་འཇལ་བའི་ལས་ཤོར་ཉེན་འགོག་འགན་ལེན་གྲོན་དངུལ་གྱི60%ནས90%བར་མཐོ་རུ་གཏོང་དགོས། 



本期证报PDF文件