དེ་རིང་ནི2024ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི《མཚོ་བྱང་ཁུལ་གྱི་མགྱོགས་མྱུར་སྒོས་རིག་གནས་གནས་སྐོར་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་བཅུ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-10-10 08:37   |   2725

བྱང་སྲིད﹝2022﹞ཨང26པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར། 

   《མཚོ་བྱང་ཁུལ་གྱི་མགྱོགས་མྱུར་སྒོས་རིག་གནས་གནས་སྐོར་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་བཅུ》དེ་ཁུལ་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་བ་དང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་བཞིན་ལག་བསྟར་དོན་འཁྱོལ་བྱེད་རོགས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས། 

2022ལོའི་ཟླ4ཚེས20ཉིན། 

 མཚོ་བྱང་ཁུལ་གྱི་མགྱོགས་མྱུར་སྒོས་རིག་གནས་གནས་སྐོར་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་བཅུ།

ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་ཆེད། ད་ལྟ་མཚོ་བྱང་ཁུལ་གྱི་མགྱོགས་མྱུར་སྒོས་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་བཅུ་ཁག10གཏན་འབེབས་བྱས་ཡོད། 

གཅིག “སྲིད་ཇུས་ཁེ་ལས་བརྒྱ་རུ་སྐྱོད་པའི”བྱེད་སྒོ་སྤེལ་བ། རྒྱལ་ཁབ་དང་ཞིང་ཆེན་གྱིས་བཏོན་པའི་རིག་གནས་གནས་སྐོར་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་ཁག་ལེགས་སྒྲིག་གིས་ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་ཁེ་ལས་ལ་དཔར་འགྲེམ་བྱེད་པ་དང་སྲིད་ཇུས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་ཏེ། གཙོ་བོ་རིག་གནས་གནས་སྐོར་ཁེ་ལས་ལ་“གཅིག་གཏད་གཅིག”གི་སྲིད་ཇུས་སྒྲོག་འགྲེལ་བྱེད་དགོས། 

གཉིས། བྱེད་སྒོའི་འགུག་ནུས་ཆེ་རུ་གཏོང་བ། “5·19”ཀྲུང་གོའི་གནས་སྐོར་ཉིན་མོ་དང“མི་འབུམ་གཉིས་མཚོ་བྱང་དུ་གནས་སྐོར་བྱེད་པ”། མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་གློད་གཏོང་དང་གསེར་ཉ་ཚེ་ཐར་དུས་ཆེན་སོགས་བྱེད་སྒོ་གལ་ཆེན་ཡག་པོར་སྤེལ་བ་དང་། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་དེ་བས་མང་བ་འགུག་དགོས། རིག་གནས་གནས་སྐོར་ཁེ་ལས་སྒྲིག་འཛུགས་ཀྱིས་ཞིང་ཆེན་ཕྱི་ནང་དུ་སྤེལ་བའི་དྲིལ་སྒྲོག་འོས་སྦྱོར་དང་ཐོན་རྫས་གཉེར་ཚོང་གི་སྣ་སོ་སོའི་བྱེད་སྒོར་ཧུར་ཐག་གིས་ཞུགས་པ་དང་། རིག་གནས་གནས་སྐོར་ཁེ་ལས་ཀྱིས་ཉུང་ཞིང་ཁྱད་ཆོས་ཅན་གྱི་གནས་སྐོར་ཐོན་རྫས་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་བཏང་ནས། ཚོང་གཉེར་བྱེད་ཐབས་གསར་གཏོད་དང་འགྲུལ་ཁུངས་ཁྲོམ་ར་རྒྱ་ཆེར་གཏོང་བ། ཞིང་ཆེན་ཕྱིའི་བྱེད་སྒོར་ཞུགས་མཁན་གྱི་རིག་གནས་གནས་སྐོར་ཁེ་ལས་ལ་འགྲེམ་གནས་དང་འགྲིམ་འགྲུལ། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཐད་དུ་གསབ་དངུལ་སྤྲོད་པ་དང་། འགྲེམ་འཚོང་ལ་ཞུགས་ནས་བྱ་དགའ་ཐོབ་པའི་རིག་གནས་གནས་སྐོར་ཁེ་ལས་ལ་བྱ་དགའི་ཁ་གསབ་སྤྲོད་རྒྱུ། སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་དང་སྐད་འཕྲིན། པོད་འཕྲིན། འཁྱུག་དབྱིངས་སོགས་ཀྱི་ལས་སྟེགས་སྤྱད་དེ་ཁེ་ལས་ལ་རིན་མེད་དྲིལ་སྒྲོག་བྱེད་དགོས། 

གསུམ།  ཐོན་ལས་ལ་ཁྲིད་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་ཁྲིད་སྟོན་མ་དངུལ་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གནས་སྐོར་དྲིལ་སྒྲོག་ཁྱབ་གདལ་སོགས་ལ་རྒྱབ་སྐྱོར་བྱེད་པར་གཅིག་སྡུད་སྒོས་བཀོལ་སྤྱོད་བྱེད་དགོས། ཁུལ་རིམ་པའི་ཐོན་ལས་རོགས་སྐྱོར་ཀྱི་ཁྲིད་སྟོན་མ་དངུལ་དེ་གནས་སྐོར་ཐོན་ལས་ཐད་བཀོལ་སྤྱོད་བྱེད་པའི་བསྡུར་ཚད་ལ་ཤུགས་སྣོན་བྱེད་པ་མ་ཟད། མ་དངུལ་གྱི་གཞི་ཁྱོན་ལ་གཞིགས་ནས་འོས་འཚམ་གྱིས་འཕར་སྣོན་བྱེད་དགོས། རྫོང་སོ་སོའི་གནས་སྐོར་ཐོན་ལས་ཀྱི་མ་དངུལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། 

བཞི། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་གནས་སྐོར་ཁེ་ལས་སྒྲིག་འཛུགས་ཀྱིས་ཧུར་ཐག་གིས་ཁུལ་ཡོངས་ཀྱི་དངུལ་ཁང་དང་ཁེ་ལས་ཀྱི་སྦྲེལ་མཐུད་བྱེད་སྒོའི་ནང་ ཞུགས་སུ་འཇུག་པ་དང་། མངའ་ཁོངས་ཀྱི་དངུལ་ཁང་དང་གུན་སྐྱོབ་འགན་ལེན་སོགས་དངུལ་རྩའི་སྡེ་ཁག་གིས་ཆེད་དོན་ཡིད་རྟོན་དངུལ་བུན་དང་གུན་སྐྱོབ་འགན་ལེན་ཐོན་རྫས་གསར་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། རིག་གནས་གནས་སྐོར་ཁེ་ལས་ལ་དངུལ་རྩའི་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་གནས་སྐོར་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་ཉེན་ཁ30%ལྟར་ཁ་གསབ་སྤྲོད་དགོས། 

ལྔ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། གནས་སྐོར་ཁྲོམ་རའི་ནད་ཡམས་རྗེས་ཀྱི་སླར་གསོ་བྱེད་ཡུན་རིང་བའི་དོན་དངོས་ལ་དམིགས་ནས། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པས་ཚོགས་འདུ་དང་ཚོགས་འགྲེམ། གསོ་སྦྱོང་སོགས་ཀྱི་ལས་སྒོ་དེ་ཁུལ་ནང་ཁུལ་གྱི་གནས་སྐོར་ལས་དོན་ཁང་དང་སྐར་རིམ་གསོལ་མགྲོན་ཁང་སོགས་ཁེ་ལས་ལ་གཙོ་སྒྲུབ་བྱེད་པར་སྐུལ་མ་བྱས་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བར་རོགས་སྐྱོར་བྱེད་དགོས། 

དྲུག རིག་གནས་གནས་སྐོར་རྣམ་གྲངས་འཛུགས་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འཛུགས་སྐྲུན་ས་ཆའི་བཀོད་སྒྲིག་ཐད་རྒྱབ་སྐྱོར་བྱས་ཏེ། རིག་གནས་གནས་སྐོར་རྣམ་གྲངས་ཐད་བཀོལ་བའི་ས་ཆ་དེ་དམིགས་བསལ་གྱིས་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་ས་ཆ་སྤྱོད་པའི་འཆར་གཞིའི་ནང་བཅུག་ནས། རིག་གནས་གནས་སྐོར་རྣམ་གྲངས་ཀྱི་བཤེར་འགོད་དང་མ་དངུལ་གཏོང་སྤྲོད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས། 

བདུན། གནས་སྐོར་ཁྲོམ་རའི་བྱེད་པོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་དང་མ་རྩ་འདྲེན་འགུག་གི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་། གཟིགས་སྐྱོང་སྲིད་ཇུས་བཟོ་བ། བཤེར་འགོད་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་མཚོ་བྱང་དུ་མ་འཇོག་ལས་དར་བྱེད་པར་འགུག་ཐབས་བྱེད་དགོས། ཁུལ་རིག་གནས་སྡེ་ཚོགས་མགྱོགས་མྱུར་སྒོས་བཙུགས་ནས་རྒྱལ་དབང་མ་དངུལ་འཇོག་པ་དང་བསྡུ་བའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིག་གནས་གནས་སྐོར་ཁེ་ལས་རྒྱ་སྐྱེད་པར་སྣེ་ཁྲིད་བྱེད་དགོས། 

བརྒྱད། གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། 《མཚོ་བྱང་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་ལོ་གསུམ་ལས་བསྟར་ཇུས་གཞི》དང་། 《མཚོ་སྐོར་བྱང་ངོགས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་གྱི་ལོ་གསུམ་ལག་བསྟར་འཆར་གཞིའི》ནང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ལག་བསྟར་འཕེལ་རིམ་མགྱོགས་སུ་བཏང་ནས་གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱིAཅན5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་དང་། “འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས”སོགས་གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་གལ་ཆེན་དམ་འཛིན་ཡག་པོ་བྱས་ཏེ། གནས་སྐོར་འགྲིམ་འགྲུལ་ཤར་གཏོང་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། 

དགུ། ལས་ཞུགས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“དྲ་ཐོག+དྲ་ཕྱི”སོགས་སྟབས་བསྟུན་བྱེད་ཐབས་བརྒྱུད་ནས་གནས་སྐོར་ལས་རིགས་ཀྱི་མི་སྣའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་གནས་གནས་སྐོར་ཁེ་ལས་ཀྱི་དགོས་མཁོ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། “མངགས་ཐོ་རྣམ་པའི”གསོ་སྦྱོང་སྒྲིག་འཛུགས་བྱེད་པ་དང་། གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། 

བཅུ། ལས་ཞུགས་བྱས་མེད་པའི་སློབ་ཆེན་སློབ་མ་རིག་གནས་གནས་སྐོར་ཁེ་ལས་སུ་ལས་ཞུགས་བྱེད་པར་སྐུལ་མ་གཏོང་བ། མི་སྤྱི་ཁོངས་གཏོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག རིག་གནས་གནས་སྐོར་ཁེ་ལས་སུ་ལས་ཞུགས་ལྟ་སྦྱོང་ལས་གནས་བཀོད་སྒྲིག་གིས་ལས་ཞུགས་བྱས་མེད་པའི་སློབ་ཆེན་སློབ་མ་བསྡུ་ལེན་བྱས་ནས་ལས་ཞུགས་བྱེད་པར། ཁ་གསབ་རོགས་དངུལ་སྤྲོད་དགོས། 






མཉམ་སྤྱོད།