མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས23ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི《མཚོ་བྱང་ཁུལ་གྱི་ལས་ཞུགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2023-04-07 08:46:44   |   2491

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས།  བཤེར་འབེབས། རྡོ་རྗེ་བྱམས།


བྱང་སྲིད〔2022〕ཨང35པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་ཡིས་འཆར་འགོད་བྱས་པའི《མཚོ་བྱང་ཁུལ་གྱི་ལས་ཞུགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར》ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས18པར་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ལ། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།

                                                                       2022ལོའི་ཟླ7ཚེས4ཉིན།

མཚོ་བྱང་ཁུལ་གྱི་ལས་ཞུགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར།

 “འགན་སྲུང་དྲུག”དམ་འཛིན་དང“བརྟན་བརླིང་དྲུག”སྐུལ་འདེད་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  རང་ཁུལ་གྱི་སྤྱི་བའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བྱས་ཏེ།  མཁར་གྲོང་གཅིག་གྱུར་གྱི་ལས་ཞུགས་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་འགན་སྲུང་བྱེད་པ་དང་།  གཞི་རིམ་གྱི་སྤྱི་བའི་ལས་ཞུགས་ཞབས་ཞུའི་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་བ་བཅས་བྱེད་ཆེད། སྔར་བས་འདང་ངེས་དང་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་བྱས་ཏེ།  《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བའི་ལས་གཞིའི་ལག་བསྟར་ཇུས་གཞི》(མཚོ་མི་སྤྱི་ཐིང་སྤེལ〔2022〕ཨང3པ)《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》(མཚོ་ནོར་སྤྱི་ཡིག〔2020〕ཨང1833པ)སོགས་ཀྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། 《མཚོ་བྱང་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི“ལོ་ལྔ་ཚན་བཅུ་བཞིའི”དུས་སྐབས་ཀྱི་འཕེལ་རྒྱས་འཆར་འགོད》(བྱང་སྲིད〔2021〕ཨང77པ)དང་བྱ་བའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ་ལག་བསྟར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག  སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ།  རྒྱལ་ཁབ་དང་ཞིང་ཆེན།  ཁུལ་བཅས་ཀྱི་ལས་ཞུགས་བརྟན་བརླིང་གི་བྱ་བའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་།  མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་བཙུགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག   ཁྱོན་ཡོངས་ནས་དོན་འཁྱོལ་དང་།  བརྟན་བརླིང་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།  སྔར་བས་འདང་ངེས་དང་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བརྩིས་ནས། སྔར་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་།  ཁུལ་ཡོངས་ཀྱི་ཐོན་ལས་གཙོ་གནད་ཀྱི་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་ལ།  མུ་མཐུད་དུ་འགན་ཁུར་ཇེ་ཡང་དང་ལས་རྐང་ཇེ་བརྟན།  ལས་ཞུགས་རྒྱ་བསྐྱེད་པ་བཅས་མཉམ་དུ་སྤེལ་ནས།  མཁར་གྲོང་གཅིག་གྱུར་དང་དམངས་ཡོངས་ཁྱབ་གདལ། གོ་རིམ་ཧྲིལ་བོར་ཁྱབ་པ། སྟབས་བདེ་ནུས་ལྡན་གྱི་ཕྱོགས་ཡོངས་ཀྱི་སྤྱི་བའི་ལས་ཞུགས་ཀྱི་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་བ་རྒྱུན་མཐུད་ངང་སྲ་བརྟན་བཅས་བྱེད་པ་དང་།  ལས་ཤོར་བྱུང་བ་ཇེ་ཉུང་དང་ལས་ཞུགས་ལ་སྐུལ་འདེད།  སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ལ་འགན་སྲུང་བརྟན་པོ་མཁོ་འདོན་དང་།  མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བྱེད་ཆེད།  “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

གཉིས། བྱ་བའི་དམིགས་འབེན།

ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་བྱ་བའི་དམིགས་འབེན་ལ་དམ་པོར་དམིགས་ནས། ངལ་ནུས་མཉམ་ལས་ལས་གཞི་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་གི“བརྒྱ་བཅུའི”ལས་གཞི། རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་ལས་གཞི། སྤྱི་བའི་ལས་ཞུགས་ཞབས་ཞུ་ལས་གཞི། ལས་གཏོད་ཞབས་ཞུའི་ལས་གཞི། སྤྱི་ཕན་ལས་རྐང་གི་མཐའ་སྲུང་རོགས་སྐྱོར་ལས་གཞི་སོགས“རྣམ་གྲངས་དྲུག”གི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་སྤྱི་བའི་ལས་ཞུགས་ཞབས་ཞུའི་སྟོབས་ཤུགས་ལ་ཤུགས་སྣོན་ནུས་ལྡན་བྱས་ནས། མཁར་གྲོང་ལ་ཁྱབ་པའི་སྤྱི་བའི་ལས་ཞུགས་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། ཧྲན་ཏུང་རོགས་སྐྲུན་གྱི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་མ་དངུལ་བཙུགས་པ་བརྒྱུད་ནས། ཞིང་ཆེན་རིམ་པའི་ལས་ཞུགས་རོགས་སྐྱོར་མ་དངུལ་དང་ཕན་ཚུན་ཁ་གསབ་ནུས་ལྡན་བྱས་ཏེ། ལས་ཞུགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་ཐོབ་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་དགོས། ལོ་རེར་མཁར་གྲོང་ལས་ཞུགས་ཀྱི་མི་གྲངས1800གསར་དུ་འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་ནུས་སྤོ་སྒྱུར་ལས་ཞུགས་ཀྱི་མི་ཐེངས་ཁྲི4.5རུ་ཐོན་པ་མངོན་འགྱུར་བྱེད་པ། མཁར་གྲོང་ངལ་ནུས་ཀྱི་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་མི་ཐེངས་ཁྲི0.55སྤེལ་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད་3.5%ནང་ཚོད་འཛིན་བྱེད་པ། མཁར་གྲོང་གི་ལས་ཤོར་བརྟག་ཞིབ་བྱས་ཚད5.5%ནང་ཚོད་འཛིན་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད87%ཡན་དུ་སླེབས་པ་བཅས་བརྩོན་ལེན་བྱེད་དགོས།

གསུམ། ལས་འགན་གཙོ་བོ།

(གཅིག)རྨང་གཞིའི་ལས་དོན་སྲ་བརྟན་དུ་བཏང་ནས། ངལ་ལས་མཉམ་སྒྲུབ་ལས་གཞི་ནུས་ལྡན་ངང་ལག་བསྟར་བྱེད་དགོས།

གཅིག་ནི་ལས་ཞུགས་ཞབས་ཞུའི་རྨང་གཞིའི་ལས་དོན་ཏན་ཏིག་སྒོས་སྒྲུབ་དགོས། ངལ་རྩོལ་ནུས་ཤུགས་དང་གནས་སྤོར་ལས་ཞུགས་བྱེད་འདོད་ཡོད་པའི་མི་སྣའི་ཁྱིམ་ཚང་རེར་དང་མི་རེ་རེའི་ངོས་ནས་རིམ་བཞིན་ཕྱོགས་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་དང་། “ཡོད་པ་གཅིག་དང་གསལ་བོ་བཞི”སྒྲུབ་ཐུབ་པ་བྱེད་དགོས་ཏེ། དངོས་མིང་རྩིས་ཁྲ་ཡོད་པ་དང་། དེའི་ལས་རིགས་རྩལ་ནུས་དང་གསོ་སྦྱོང་གི་དགོས་མཁོ། ལས་རྐང་གི་བླང་བྱ། འདོད་བློའི་ཕྱིར་གཏོང་བྱ་ཡུལ་བཅས་གསལ་པོ་ཤེས་དགོས། རྒྱུན་ལྡན་རང་བཞིན་གྱི“ཞབས་ཞུ་སྐྱེལ་བའི”བྱེད་སྒོ་སྤེལ་བ་དང་། སྐོར་སྐྱོད་ལས་ཞུགས་ཞབས་ཞུ་ཚོ་ཆུང་རྩ་འཛུགས་བྱས་ཏེ། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་བཤད་བྱ་བ་སྤེལ་བ་དང་། སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་ནས་ལས་ཞུགས་སྲིད་ཇུས“སྡེ་བ་དང་ཁྱིམ་ཚང་དུ་ཐོན་པར”སྐུལ་འདེད་བྱེད་དགོས།

གཉིས་ནི་གནད་འཁེལ་གྱི་ལས་རྐང་ཆ་འཕྲིན་མཁོ་སྤྲོད་བྱེད་དགོས། ཐབས་ལམ་མང་པོ་བརྒྱུད་ནས་ལས་རྐང་འཚོལ་བསྡུ་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི“ལས་རྐང་མཁོ་སྤྲོད་ཀྱི་གསལ་ཐོ”བཟོས་ཏེ། རང་ས་གནས་ཀྱི་ངལ་རྩོལ་པའི་འདོད་བློ་དང་ཟུང་འབྲེལ་བྱས་ནས“ལས་ཞུགས་འདོད་མོས་དགོས་མཁོའི་གསལ་ཐོ”བཟོ་དགོས། ནང་འདྲེན་ས་ཁུལ་དང་གནད་འཁེལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་ནང་འདྲེན་ས་ཁུལ་ལ་ཆ་འཕྲིན་འདོན་སྤྲོད་བྱེད་དགོས། གནས་སྤོར་ལས་ཞུགས་ཀྱི་ཚད་ཐིག་ཏུ་ཐོན་ཟིན་པའི་ངལ་རྩོལ་ནུས་ཤུགས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ནས“ས་ཚིགས་དང་ས་ཚིགས་བར”སྣེ་ཁྲིད་དེ་ལས་ཀ་བྱ་ཡུལ་དུ་ཁྲིད་དགོས། དྲ་ཐོག་དང་ཐབས་ལམ་གཞན་བེད་སྤྱོད་གང་ལེགས་བྱེད་པ་དང་།  གནད་འཁེལ་གྱི་ལས་ཞུགས་ལས་རྐང་འོས་སྦྱོར་བྱས་ཏེ། གནས་སྤོར་ལས་ཞུགས་བྱེད་འདོད་ཡོད་པའི་ངལ་རྩོལ་ནུས་ཤུགས་རེ་ལ་མ་མཐར་ཁ་གཏད་རང་བཞིན་ལྡན་པའི་ལས་རྐང་ཆ་འཕྲིན3ཡན་ཐོབ་པར་འགན་ལེན་བྱེད་དགོས། 

གསུམ་ནི་ངལ་ལས་ཟོང་རྟགས་སྐྱེད་སྲིང་བྱེད་པར་ཤུགས་སྣོན་དགོས། ངལ་ལས་ཟོང་རྟགས་གཏོད་པ་དང་སྐྱེད་སྲིང་གི་ལས་གཞི་ལག་བསྟར་བྱས་ཏེ། ཁྱད་ཆོས་ལྡན་པ་དང་གཞི་ཁྱོན་ལྡན་པའི“རྫོང་ཁག་རེ་ལ་ཟོང་རྟགས་རེ”ཡོད་པའི་ངལ་ལས་ཟོང་རྟགས་འཕེལ་རྒྱས་གཏོང་དགོས། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ཞབས་ཞུ་འདོན་སྤྲོད། ནོར་སྲིད་ཀྱི་དངུལ་གཏོང་ཇེ་མང་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། “འཇུ་ལག་གི་འོ་ཁ”སོགས་ཁྱད་ལྡན་ངལ་ལས་ཟོང་རྟགས་རྒྱ་བསྐྱེད་དང་། “བོད་ཀྱི་གཙག་དྲུབ”དང“འཇུ་ལག་གི་ཨར་སྐྲུན་པ”“མདོ་ལའི་ཤ་མོ”སོགས་ཀྱི་ཟོང་རྟགས་སྐྱེད་སྲིང་བྱེད་པ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཟོང་རྟགས་ཀྱི་ཕན་འབྲས་ལ་བརྟེན་ནས་ངལ་ལས་ཕྱིར་གཏོང་གི་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་སྤུས་ཚད་དང་ལས་མིའི་ཡོང་འབབ་ཇེ་མཐོར་གཏོང་དགོས། ངལ་ལས་ཟོང་རྟགས་ཀྱི་གོང་འོག་ཐོན་ལས་ཀྱི་སྦྲེལ་ཕྲེང་མཉམ་སྡེབ་ངང་འཕེལ་རྒྱས་སུ་གཏོང་བ་དང་། གཞི་ཁྱོན་གྲུབ་པར་འཚོལ་ཞིབ་བྱས་ནས་ངལ་ལས་ཟོང་རྟགས་ཀྱི་ཁྱད་ལྡན་ཐོན་ལས་གླིང་བསྐྲུན་དགོས་ལ། ངལ་ལས་ཟོང་རྟགས་ཀྱི་ལས་གཉེར་མི་སྣའི་ལས་ཞུགས་ལས་གཏོད་ལ་སྲིད་ཇུས་ཀྱི་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ངལ་ལས་ཟོང་རྟགས་སུ་ངོས་འཛིན་བྱས་པའི་རིགས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་སྲིད་ཇུས་ལྟར། ཟོང་རྟགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་རྩལ་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་དང་། ལས་གཏོད་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་དུ་ཞུགས་ནས་གཏན་འབེབས་ལྟར་གསོ་སྦྱོང་གི་ཁ་གསབ་ལོངས་སྤྱོད་བྱས་ཆོག

བཞི་ནི་ངལ་ལས་མཉམ་སྒྲུབ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་ལ་བརྟེན་ནས། ཞིང་ཆེན་བརྒལ་བར་རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ལྡན་པའི་ངལ་ལས་མཉམ་སྒྲུབ་སྐུལ་འདེད་གཏོང་དགོས། ཧྲན་ཏུང་ཆིང་ཏའོ་དང་། ཏུང་ཡིང་། ཡན་ཐའེ། ཝེ་ཧེ། ལིན་དབྱི། ལིའོ་ཁྲེང་། པིན་ཀྲིག་སོགས་ངལ་ལས་ཕྱིར་གཏོང་ལས་དོན་ས་ཚིགས7གྱི་འདེགས་སྐྱོར་སྦྲེལ་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧྲན་ཏུང་གི་རོགས་སྐྲུན་ས་ཁུལ་གྱི་ཁེ་ལས་རང་ཁུལ་གྱི་ཆེད་དོན་གདན་ཞུ་བྱེད་སྒོར་ཞུགས་པར་རྩ་འཛུགས་བྱས་ཏེ། སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་པ་བསྡུ་ལེན་བྱེད་དགོས། “འཕང་འབྲས་འཐུ་བའི”ངལ་ལས་འབྲེལ་མཐུད་ཀྱི་མཉམ་སྡེབ་ཞབས་ཞུའི་ལས་སྟེགས་རྒྱུན་མཐུད་ངང་སྤྱད་དེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མཚོ་ནུབ་ཏུ་དུས་ཚིགས་རང་བཞིན་གྱི་འཕང་འབྲས་འཐུ་རུ་འགྲོ་བ་སོགས་ལ་སྣེ་ཁྲིད་བྱས་ནས་དུས་མཚམས་རང་བཞིན་གྱི་ངལ་ལས་ཡོང་སྒོ་ཇེ་མང་དུ་འགྲོ་བ་མངོན་འགྱུར་བྱེད་པ་དང་། ལོ་སར་གྱི་སྔ་གཞུག་དང་དབྱར་སྟོན་དུས་ཚིགས་སོགས་སུ་ལས་བཟོ་བ་དགོས་མཁོ་ཆེ་བའི་དུས་ཚིགས་སུ་གདན་ཞུ་བྱེད་སྒོ་སྤེལ་ནས་འབྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་དགོས།

ལྔ་ནི་འཇོན་མིའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ངལ་ལས་ཀྱི་ཚབ་གཉེར་གསོ་སྦྱོང་ལས་དོན་ལ་ཤུགས་བསྣན་ནས། ངལ་ལས་ཚབ་གཉེར་པའི་དཔུང་སྡེའི་རྒྱ་ཇེ་ཆེར་དང་བྱང་ཚད་ཇེ་མཐོར་གཏོང་དགོས། ཚབ་གཉེར་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། གནས་སྤོ་ཕྱིར་གཏོང་གི་གོ་རིམ་འཐུས་ཚང་དུ་གཏོང་བ། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཚང་མར་ཉུང་མཐར་ཡང་འཇོན་ཡོན་ལྡན་པའི་ངལ་ལས་ཚབ་གཉེར་པ1གསོ་སྐྱོང་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་གནས་སྤོ་ལས་ཞུགས་མངོན་འགྱུར་ཐུབ་པར་རྩ་འཛུགས་དང་སྣེ་ཁྲིད་བྱེད་དགོས། ཐེམ་ཐོ་མཚོ་བྱང་གི་ཡིན་པའི་རོང་འབྲོག་པ་རྩ་འཛུགས་སྣེ་ཁྲིད་བྱས་ནས་ཟླ6གི་ནང་དང་། ཟླ6ཡན་ནས་ལོ1བར། ལོ1ཡན་དུ་གནས་སྤོ་ལས་ཞུགས་བྱེད་དུ་འཇུག་པ་མ་ཟད། ངལ་ལས་ཕྱིར་གཏོང་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ཏུ་ཐོ་འགོད་སྙན་ཞུ་བྱས་པའི་ངལ་ལས་ཚབ་གཉེར་པར། ལས་ཞུགས་ཁ་གསབ་མ་དངུལ་ནང་ནས་སོ་སོར་མི་རེར་སྒོར50དང་། སྒོར100དང་། སྒོར200བཅས་ཀྱི་ཚད་གཞིའི་གཏན་ཁེལ་ལྟར་ཐེངས་གཅིག་ལ་ཁ་གསབ་སྟེར་རྒྱུ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་དབུལ་ཐར་ངལ་རྩོལ་ནུས་ཤུགས་གནས་སྤོ་ལས་ཞུགས་རྩ་འཛུགས་སྣེ་ཁྲིད་བྱེད་པ་ལ། གོང་གསལ་ཁ་གསབ་ཀྱི་རྨང་གཞིའི་སྟེང་སྒོར50ཁ་སྣོན་བྱེད་དགོས།

དྲུག་ནི་རྩ་འཛུགས་ཅན་གྱི་ཕྱིར་གཏོང་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ། ངལ་ལས་མངག་གཏོང་དང་ལས་མི་བཀོལ་སྤྱོད་བྱེད་སྟངས་ཧུར་ཐག་སྒོས་ཁྱབ་གདལ་བཏང་ནས། འགུལ་རྣམ་ཅན་གྱི་ཚོང་རའི་ལས་གཉེར་སྒྲིག་སྲོལ་དང་འཚམ་པའི་ངལ་ལས་མངག་གཏོང་ལས་ཁུངས་སྐྱེད་སྲིང་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གི་ཐོ་འགོད་མ་དངུལ་གྱི་ཐབས་ལམ་དང་གཟིགས་སྐྱོང་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱས་ཏེ། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཚང་མར་ཉུང་མཐར་ཡང་ངལ་ལས་མངག་གཏོང་ལས་ཁུངས་རེར་འཛུགས་ཐུབ་པར་བརྩོན་ལེན་བཅས་བྱས་ནས། ངལ་ལས་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཚད་གཞི་དང་གཞི་ཁྱོན་ཏན་ཏིག་སྒོས་ཆེ་རུ་གཏོང་དགོས། ཚོང་ར་ལྟ་སྐུལ་སྡེ་ཁག་ཏུ་ཐོ་འགོད་བྱས་པའི་དམངས་གཉེར་སྤྱི་བའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུ་ལས་ཁུངས་དང་། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་དང་ལས་རིགས་མཐུན་ཚོགས་བཅས་ཀྱིས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་། ལས་ཞུགས་བྱེད་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་རིན་མེད་ངང་འོས་སྦྱོར་བྱེད་དགོས་ལ། མི་སྣ་བཀོལ་སྤྱོད་ལས་ཁུངས་ལ་ལོ1དང2དང3ཡན་གྱི་ངལ་རྩོལ་གན་རྒྱ་འཇོག་པ་མ་ཟད། ལས་ཞུགས་ཐོ་འགོད་བྱས་པའི་རིགས་ལ་སོ་སོར་མི་རེར་སྒོར200དང་སྒོར300དང་སྒོར400བཅས་ཀྱི་ཚད་གཞི་ལྟར་ཐེངས་གཅིག་ནང་ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་སྟེར་དགོས། གོང་གི་མི་ཚོགས་རིགས་གསུམ་ཕུད་པའི་ལས་ཤོར་མི་སྣ་ལས་ཞུགས་བྱེད་པར་འོས་སྦྱོར་བྱས་པ་ལ་སོ་སོར་མི་རེར་སྒོར100དང་སྒོར150དང་སྒོར200བཅས་ཀྱི་ཚད་གཞི་ལྟར་ཐེངས་གཅིག་ནང་ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་སྟེར་རྒྱུ། གོང་གསལ་ཁ་གསབ་དག་ལས་ཞུགས་ཁ་གསབ་མ་དངུལ་ནང་ནས་གཏོང་དགོས།

བདུན་ནི་ལས་ཞུགས་ཕན་འབྲས་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་པ། ལས་ཞུགས་ལས་གཏོད་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁུལ་ནོར་སྲིད་ཀྱིས་ལོ་རེར་ལས་ཞུགས་ལས་གཏོད་ཀྱི་རྨང་གཞི་བྱ་དགའི་སྒོར་འབུམ3དང་གོང་འཕར་བྱ་དགའི་སྒོར་འབུམ2བཀོད་སྒྲིག་བྱས་ནས། ལོ་འཁོར་གྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་གྲུབ་འབྲས་འབུར་དུ་ཐོན་པའི་ས་ཁུལ་དང་ཡུལ་ཚོ། གྲོང་རྡལ། སྲིད་འཛིན་སྡེ་བ། ཁེ་ལས་འབྲིང་ཆུང་ཕྲན་གསུམ། ངལ་ལས་མངག་གཏོང་ལས་ཁུངས། ངལ་ལས་ཚབ་གཉེར་པ། དེ་བཞིན་སྡེ་བ་རིམ་པའི་ལས་ཞུགས་འབྲེལ་གཏུག་པ་བཅས་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་རྒྱུ། གདམ་ཐོན་བྱུང་བའི་སྔོན་ཐོན་ས་ཁུལ་ལ་སྒོར་ཁྲི5དང་། སྔོན་ཐོན་ཡུལ་ཚོ་དང་གྲོང་རྡལ་ལ་སྒོར་ཁྲི2དང་། སྔོན་ཐོན་སྡེ་བར་སྒོར་ཁྲི1དང་། ལས་ཞུགས་བསྡུ་ལེན་གྱི་ཕན་འབྲས་མངོན་གསལ་ཡིན་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་སྒོར་ཁྲི2བཅས་སྟེར་རྒྱུ་དང་། ཕུལ་བྱུང་ངལ་ལས་མངག་གཏོང་ལས་ཁུངས་དང་ངལ་ལས་ཚབ་གཉེར་པ་སོ་སོར་སྒོར་ཁྲི1སྟེར་རྒྱུ་ཡིན་ལ། སྡེ་བ་རིམ་པའི་ལས་ཞུགས་འབྲེལ་གཏུག་མཁན་ཕུལ་བྱུང་ཅན་ལ་སྒོར5000བཅས་སྟེར་རྒྱུ་ཡིན།

(གཉིས།)མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ཚོགས་སྤྱིའི་ལས་ཞུགས་སྐུལ་འདེད་བྱས་ནས་ལྟ་སྦྱོང་གི“བརྒྱ་བཅུ”ལས་གཞི་ལག་བསྟར་བྱེད་དགོས།

གཅིག་ནི་ལས་ཞུགས་ལྟ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྦྱོང་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བྱས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལྟ་སྦྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ལས་ཞུགས་ལྟ་སྦྱོང་ལས་རྐང་ས་ཡ་ཙམ་གྱི་བསྡུ་རུབ་འཆར་གཞི་དོན་འཁྱོལ་ཧུར་ཐག་དང་། 《མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞི་དོ་དམ་ཐད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》(བྱང་སྲིད་གཞུང་ལས་ཁང་གི〔2022〕ཨང19པ)ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལོ་རེར་འགུལ་རྣམ་ཅན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི30ཙམ་བཙུགས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བརྒྱ་ལྷག་ལྟ་སྦྱོང་བཀོད་སྒྲིག་བྱེད་དགོས། ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ་ཚང་མ་དོན་འཁྱོལ་དང་ཧྲན་ཏུང་རོགས་སྐྱོར་གྱི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་ནུས་ལྡན་ངང་ཁ་སྣོན་བྱེད་པ་དང་། ལྟ་སྦྱོང་མི་སྣ་བཀོལ་སྤྱོད་ལས་ཁུངས་ཀྱིས་ལུགས་མཐུན་སྒོས་ཁ་གསབ་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། གཏན་ཁེལ་ལྟར་དུས་ཐོག་ཏུ་ལྟ་སྦྱོང་ཁ་གསབ་དོན་འཁྱོལ་བྱེད་དགོས།

གཉིས་ནི་ཁེ་ལས་ཀྱིས་ལས་ཞུགས་དང་ལེན་བྱེད་པར་སྐུལ་མ་གཏོང་བ། རིགས་སྣ་ཚོགས་ཀྱི་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་པར་བསྡུ་བའི་ཐབས་ལམ་གཙོ་བོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་འཚམ་པའི་ལས་རྐང་སྔོག་འདོན་བྱས་ཏེ་ལས་ཞུགས་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་རིགས་སྣ་ཚོགས་ཀྱི་རྒྱལ་དབང་ཁེ་ལས(ཞིང་ཆེན་གྱི་ཁུལ་དུ་སྡོད་པའི་ཁེ་ལས་ཀྱང་ཚུད)དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་ལྕག་དང་སྣེ་ཁྲིད་བྱེད་པ་དང་། མཚོ་བྱང་མངའ་ཁོངས་ཀྱི་ཁེ་ལས་ཀྱིས་སློབ་གྲྭ་ལས་མཐར་ཕྱིན་ཡང་ལོ2ནང་ལས་ཞུགས་བྱེད་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་སློབ་མ1རེ་དང་ལེན་བྱས་པ་མ་ཟད་ངལ་རྩོལ་གན་རྒྱ་བཞག་པའི་རིགས་ལ། གཏན་ཁེལ་ལྟར་ལས་ཞུགས་ཁ་གསབ་མ་དངུལ་ཁྲོད་ནས་མི་རེར་སྒོར1000གི་ཚད་གཞི་ལྟར་ཐེངས་གཅིག་གི་བྱ་དགའ་སྟེར་རྒྱུ། ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་པའི་ཚོང་གཉེར་གཙོ་བོ་སྣེ་ཁྲིད་གསར་སྒྲུབ་བྱས་པ་མ་ཟད། སྤྱི་བའི་ལས་ཞུགས་འཇོན་མི་ཞབས་ཞུ་ལས་ཁུངས་སུ་ལས་ཞུགས་ལས་གཏོད་ཀྱི་ཐོ་འགོད་བྱས་ཟིན་པའི་སློབ་གྲྭ་ཆེ་འབྲིང་གི་ཆེད་ཚན་མཐར་ཕྱིན་སློབ་མའི་མི་སྒེར་གྱིས་དངོས་སུ་སྤྲད་པའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་དང་། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ། ལས་ཤོར་འགན་བཅོལ་གྲོན་དངུལ་བཅས་ཀྱི70%ལྟར་ཁ་གསབ་སྟེར་རྒྱུ་མ་ཟད། མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར1000སྟེར་རྒྱུ་ཡིན་ལ། ཁ་གསབ་སྟེར་བའི་དུས་ཡུན་ལོ3ལས་མི་བརྒལ། ལྟ་སྦྱོང་དུས་ཚད་ལོན་ནས་ལོ་གཅིག་རིང་གི་ངལ་རྩོལ་གན་རྒྱ་བཞག་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཧྲན་ཏུང་རོགས་སྐྱོར་གྱི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་ནང་ནས་གཏན་ཁེལ་ལྟར་མི་རེར་ཟླ་རེར་སྒོར1000ནས1500བར་གྱི་ཚད་གཞི་མི་འདྲ་བའི་འཚོ་བའི་ཁ་གསབ་སྟེར་རྒྱུ་དང་། ཁ་གསབ་ཀྱི་དུས་ཡུན་ལོ1ལས་མི་བརྒལ།

གསུམ་ནི་དངོས་མིང་ཐོ་འགོད་ཞབས་ཞུར་ཤུགས་སྣོན་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དངོས་མིང་ཆ་འཕྲིན་གྱི་གྲངས་གཞིའི་མཛོད་བཟོ་བ་དང་། ཆ་འཕྲིན་འཚོལ་སྡུད་དང་གསར་སྒྱུར། ཞུ་འབུལ་བཅས་ཀྱི་ལས་དོན་ཚད་ལྡན་དུ་བཏང་སྟེ་དངོས་མིང་ཆ་འཕྲིན་ཚང་མ་ཐོ་འགོད་བྱེད་པར་འགན་ལེན་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་བྱེད་དགོས། སློབ་གསོ་སྡེ་ཁག་དང་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆ་འཕྲིན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་། ཆ་འཕྲིན་ངོ་མ་དང་ཆ་ཚང་ཡིན་པ། ཞབས་ཞུའི་འབྲེལ་མཐུད་ནུས་ལྡན་ཡོང་བ་བཅས་ལ་འགན་ལེན་བྱས་ཏེ། མཐར་ཕྱིན་སློབ་མའི་ལས་ཞུགས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ཞབས་ཞུ་བྱེད་དགོས། སློབ་མཐར་ཕྱིན་པར་ཕྱིར་འགྱངས་བྱས་པའི་ལོ་དེའི་མཐར་ཕྱིན་སློབ་མའི་འབྱོར་ཐོ་དང་ལེན་དང་། ཡིག་ཚགས་བརྒྱུད་སྤྲོད། གཞིས་ཆགས་ལས་སྒྲུབ་བཅས་ཀྱི་དུས་བཀག་སྐབས་བསྟུན་གྱིས་ཇེ་རིང་དུ་གཏོང་བ་དང་། དབུལ་ཐར་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆ་འཕྲིན་མཐིལ་རྟོགས་རྒྱུས་ལོན་བྱེད་པ། ཆ་འཕྲིན་རྩིས་ཐོའི་རྐྱང་དེབ་བཟོ་བ་དང་འགུལ་རྣམ་གསར་སྒྱུར་བཅས་བྱས་ནས་ལས་ཞུགས་རོགས་སྐྱོབ་ཕྱོགས་ཡོངས་སུ་ཁྱབ་ཏུ་འཇུག་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དངོས་མིང་ཐོ་འགོད་བྱེད་ཚད100%ཟིན་པར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་ཡུལ་དོན་འཁྱོལ་བྱེད་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས།

(གསུམ།)ལས་ཞུགས་ནུས་པ་ཆེ་རུ་བཏང་ནས་ལས་རིགས་རྩལ་ནུས་ཇེ་མཐོར་གཏོང་བའི་ལས་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གཅིག་ནི་གནད་འཁེལ་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ། རྩལ་ནུས་གསོ་སྦྱོང་གིས་ལས་ཞུགས་ལ་ཁྲིད་སྟོན་བྱེད་པ་འབུར་དུ་བཏོད་པ་དང་། མཚོ་བྱང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་ཟུང་འབྲེལ་བྱས་ནས། “1+N”གྱི་རྩལ་ནུས་གསོ་སྦྱོང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་རིགས་སྣ་ཚོགས་ལ་སྤྱི་འདོམས་སྐུལ་འདེད་བྱེད་དགོས་ལ། གསོ་སྦྱོང་སྣ་ཚོགས་ཀྱི་ཁ་གསབ་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས། ལས་ཞུགས་ཀྱིས་ཁྲིད་སྟོན་དང་། ཚོགས་སྤྱི་དང་བྱ་ཡུལ་མི་འདྲ་བར་དམིགས་ནས་གནད་འཁེལ་གསོ་སྦྱོང་བྱས་ཏེ། ཁེ་ལས་ཀྱི་ལས་བཟོ་བ་དང་གཙོ་གནད་ཚོགས་སྤྱི། དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་དང་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ལས་ཞུགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་གཏོང་དགོས།

གཉིས་ནི་གསོ་སྦྱོང་གཞི་རྟེན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ་ལས་རིགས་གསོ་སྦྱོང་གི་ལས་ཁུངས་འཛུགས་དགོས། ལས་རིགས་སློབ་གྲྭའི་ལྟ་སྐུལ་དོ་དམ་དང་ཕན་འབྲས་དཔྱད་ཞིབ་ལ་ཤུགས་བསྣན་ནས། ལས་རིགས་རྩལ་ནུས་གསོ་སྦྱོང་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཐོན་སློབ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་ཀྱི“རྒྱུ་གཉིས”གསོ་སྐྱོང་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ། སྤྱི་བའི་དངོས་སྦྱོང་རྟེན་གཞི་དང་ཐོན་སློབ་མཉམ་འདྲེས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་མ་ཟད་དེའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།

གསུམ་ནི་དངོས་སྦྱོང་རྟེན་གཞིའི་ནུས་པ་འདོན་སྤེལ་བྱེད་པ། ད་ཡོད་ཀྱི་སྤྱི་བའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིའི་སྒྲིག་བཀོད་ཆ་རྐྱེན་དང་ཞབས་ཞུའི་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་པར་ཁྱབ་ཁོངས་མང་པོ་དང་དངོས་སྤྱོད་རང་བཞིན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་མཁོ་འདོན་བྱས་ནས། གསོ་སྦྱོང་གི་སྤུས་ཚད་ཇེ་མཐོར་དང་དངོས་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། ཁུལ་སྲིད་གཞུང་གི་ལས་བགོས་མགོ་ཁྲིད་ཚན་གཙོ་ཡིན་པའི་མཚོ་བྱང་ཁུལ་གྱི་སྤྱི་བའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་ཕན་འབྲས་ཐོན་མེད་པའི་གནད་དོན་དག་ཐེར་ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་ནས། དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གསོ་སྦྱོང་བྱེད་པ་གཙོ་བོར་འཛིན་པ་དང་། འཕེལ་རྒྱས་བཅོས་སྒྱུར་དང་འཕྲོད་བསྟེན་བདེ་ཐང་། ཞིང་ཕྱུགས། བཟོ་ཚོགས། སློབ་གསོ། གྲོང་གསེབ་དར་སྤེལ་སོགས་འབྲེལ་ཡོད་སྡེ་ཁག་གིས་གསོ་སྦྱོང་ལ་སྤྱི་འདོམས་བྱས་ནས། དངོས་སྦྱོང་འཆར་གཞི་བཟོ་བ་དང་དངོས་སྦྱོང་ལས་རིགས་སྒྲིག་བསྟར་བྱེད་པ། ཚོགས་སྤྱི་སྣ་ཚོགས་དང་ལས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ལ་དངོས་སྦྱོང་ཞབས་ཞུ་མཁོ་འདོན་བྱས་ནས། དངོས་སྦྱོང་གཞི་ཁྱོན་དང་ཕན་འབྲས་ལོ་རེར་བཞིན་ཇེ་མཐོར་འགྲོ་རྒྱུ་འགན་ལེན་བྱེད་དགོས། ཁུལ་དང་རྫོང་གི་ལས་རིགས་ལག་རྩལ་སློབ་གྲྭ་ལ་མཉམ་འབྲེལ་བྱེད་པར་ཤུགས་སྣོན་པ་དང་། ལས་རིགས་སློབ་གྲྭའི་དངོས་སྦྱོང་བྱ་ཡུལ་དང་ཕན་ཚུན་གསབ་རེས་ནུས་ལྡན་བྱས་ཏེ། ཁུལ་ལས་རིགས་སློབ་གྲྭས་ལོ་རེར་རྟེན་གཞི་ནས་གསོ་སྦྱོང(དངོས་སྦྱོང)བྱས་ཏེ་མི་གྲངས200ཡི་གཞི་ཁྱོན་ལ་སླེབས་དགོས།

བཞི་ནི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་རྒྱ་ཁྱབ་ཏུ་སྤེལ་དགོས། ལས་རིགས་རྩལ་ནུས་འགྲན་བསྡུར་གྱིས་སློབ་སྦྱོང་དང་དངོས་སྦྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་གྱི་འགྲན་བསྡུར་ནང་ཞུགས་རྒྱུ་གཙོ་བོར་བྱས་ནས། ཁེ་ལས་ཀྱི་ལས་རྐང་སྦྱོང་བརྡར་འགྲན་བསྡུར་རྨང་གཞིར་བྱེད་པའི་ཕྱོགས་བསྡུས་འགྲན་བསྡུར་མ་ལག་བཙུགས་ཏེ། རྒྱ་ཆེའི་ངལ་རྩོལ་པ་དང་ལྷག་པར་དུ་ན་གཞོན་ངལ་རྩོལ་པ་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་དང་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་འདོད་བློ་སྐྱེད་དགོས། རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོར་ཞུགས་རྒྱུ་རྩ་འཛུགས་བྱས་ནས། ལས་རིགས་ཁག་གིས(ཁེ་ལས)ལས་རྐང་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་བར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ་ཕུལ་བྱུང་རྩལ་ནུས་ཀྱི་འཇོན་ཐང་ལྡན་པའི་མི་སྣ་འབྱུང་བར་ཆ་རྐྱེན་བསྐྲུན་དགོས།

ལྔ་ནི་ཚན་རིག་ལྟར་གཞན་ཡུལ་ནས་གསོ་སྦྱོང་བྱེད་དགོས། ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་འདོན་སྤེལ་བྱས་ནས། ཧྲན་ཏུང་གི་རོགས་སྐྱོར་ས་ཁུལ་ཁག་གི་དགེ་རྒན་གྱི་སྟོབས་ཤུགས་དང་། གསོ་སྦྱོང་མ་དངུལ་སོགས་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། དུས་བཀག་དང་དུས་བཅད་མེད་པར་ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྩ་འཛུགས་བྱས་ཏེ། ཧྲན་ཏུང་གི་རོགས་སྐྱོར་ས་ཁུལ་ཁག་ཏུ་སོང་ནས་གཞན་ཡུལ་གྱི་གསོ་སྦྱོང་བྱེད་དགོས། རོགས་སྐྱོར་ས་ཁུལ་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས། རང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འཚམ་པའི་ལས་རིགས་རྩལ་ནུས་ཀྱི་དྲ་རྒྱའི་སློབ་ཁྲིད་གསར་སྤེལ་བྱས་ཏེ། གསོ་སྦྱོང་གི་ཐབས་ལམ་རྒྱ་བསྐྱེད་དགོས།

དྲུག་ནི་གསོ་སྦྱོང་ཁ་གསབ་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས། ལས་ཞུགས་རྩལ་ནུས་གསོ་སྦྱོང་ནང་ཞུགས་མཁན་ལ་ད་ཡོད་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལྟར། གསོ་སྦྱོང་ལས་ཁུངས་སམ་མི་སྒེར་ལ་གསོ་སྦྱོང་ཁ་གསབ་སྤྲོད་དགོས། ཁེ་ལས་ཀྱིས་གསར་དུ་བསྡུས་པའི་མི་སྣ་རྩ་འཛུགས་བྱས་ནས་ལས་རྐང་སུ་མ་ཞུགས་གོང་གི་གསོ་སྦྱོང་བྱེད་པར། གཏན་ཁེལ་ལྟར་མི་རེར་སྒོར600ཡི་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྤྲོད་དགོས།  ཁེ་ལས་ཀྱི་ལས་བཟོ་བ་ལས་རྐང་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ནང་ཞུགས་པ་མ་ཟད། དམའ་རིམ་བཟོ་པ་དང་། འབྲིང་རིམ་བཟོ་པ། མཐོ་རིམ་བཟོ་པ། བཟོ་རྩལ་པ། མཐོ་རིམ་བཟོ་རྩལ་པ་བཅས་ཀྱི་ལས་རིགས་ཐོབ་ཐང་འཛིན་ཡིག་དང་། ཡང་ན་ལས་རིགས་རྩལ་ནུས་རིམ་པའི་འཛིན་ཡིག་བླངས་ཡོད་པའི་རིགས་ཀྱི་ལས་བཟོ་བའམ་ཡང་ན་གསོ་སྦྱོང་འགན་ལེན་ལས་ཁུངས་ལ་སོ་སོར་སྒོར1000དང་སྒོར1500དང་། སྒོར2000དང་། སྒོར2500དང་། སྒོར3000བཅས་ཀྱི་ཁ་གསབ་སྤྲོད་དགོས། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་ཁོངས་མི། “དབུལ་ཕོངས་ཁྱིམ་ཚང་གི་རིགས་གཉིས་ཀྱི་སློབ་ཕྱོལ་སློབ་མའི”ཁྲོད་ཀྱི་ཞིང་སྡེའི་སློབ་མ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་གསོ་སྦྱོང་ནང་ཞུགས་མཁན་ལ་གཏན་ཁེལ་ལྟར་མི་རེར་ཉིན་རེར་སྒོར30ཡི་འཚོ་བའི་ཁ་གསབ་དང་། ཞིང་ཆེན་ནང་ཁུལ་དང་ཁུལ་ཕྱི་ལ་སྒོར500དང་། ཞིང་ཆེན་ཕྱི་ལ་སྒོར1000གི་ཐེངས་གཅིག་གི་འགྲིམ་འགྲུལ་ཁ་གསབ་སྤྲོད་དགོས།

བདུན་ནི“དགེ་རྒན་གྱིས་སློབ་མ་སྐྱོང་བའི”གསོ་སྦྱོང་འཚོལ་ཞིབ་བྱས་ནས་སྤེལ་དགོས། ལས་མི་བཀོལ་སྤྱོད་ཁེ་ལས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “དགེ་རྒན་གྱིས་སློབ་མ་སྐྱོང་བའི”གསོ་སྦྱོང་འཚོལ་ཞིབ་དང་ཁྱབ་སྤེལ་གཏོང་དགོས་ལ། ཁེ་ལས་ཀྱི་ལས་རྐང་གི་དགོས་མཁོ་གཞིར་བཟུང་ནས་འདོད་མོས་ཡོད་པའི་ངལ་རྩོལ་ནུས་ཤུགས་ཁེ་ལས་སུ“སློབ་ཕྲུག”རྣམ་པའི་གསོ་སྦྱོང་ནང་ཞུགས་རྒྱུ་འོས་སྦྱོར་བྱེད་པ་དང་། ཁེ་ལས་ཀྱིས་རྩལ་ནུས་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་བཟོ་རྩལ་པ(དགེ་རྒན)བཀོད་སྒྲིག་བྱས་ནས“སློབ་སྐྱོང་རྣམ་པའི”གསོ་སྦྱོང་བྱེད་དུ་བཅུག་སྟེ། ལས་རྐང་གི་རྩལ་ནུས་སློབ་ཁྲིད་དང་ལས་རིགས་ཀྱི་ཀུན་སྤྱོད་སྐྱེད་སྲིང་བྱ་རྒྱུ་ནང་དོན་གཙོ་བོར་འཛིན་དགོས། ཁེ་ལས་དང་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་རྩལ་ནུས་ལས་རྐང་གསར་དུ་བསྡུ་སྤྱོད་དང་། ལས་རྐང་སྤོར་བ་སོགས་མི་སྣ་ཁེ་ལས་ཀྱི་རྣམ་པ་གསར་བའི་སློབ་ཕྲུག་ལམ་ལུགས་ཀྱི་གསོ་སྦྱོང་ནང་ཞུགས་པའི་རིགས་ལ། གཏན་ཁེལ་ལྟར་ཁེ་ལས་ལ་མི་རེར་ལོ་རེར་སྒོར4000ཡི་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྤྲོད་དགོས།

(བཞི།)ཞབས་ཞུའི་རིམ་པ་རྒྱ་བསྐྱེད་བཏང་ནས་སྤྱི་བའི་ལས་ཞུགས་ཞབས་ཞུའི་ལས་གཞི་ལག་བསྟར་ནུས་ལྡན་བྱེད་དགོས།

གཅིག་ནི་ལས་ཞུགས་ཀྱི་ཤོང་ཚད་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། “ས་ཁུལ་བཞི”འཛུགས་སྐྲུན་དང“234”ཡི་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་པ་གཅིག་ཏུ་སྒྲིལ་ནས། ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚོང་རའི་གཙོ་གཞི་ཧུར་ཐག་གིས་སྐྱེད་སྲིང་དང་ལས་ཞུགས་ལས་རྐང་ནུས་ཤུགས་ཡོད་རྒུས་གསར་སྤེལ་བྱེད་དགོས། ཁུལ་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། བཟོ་འཕྲིན། ཞིང་ཕྱུགས། རིག་གནས་གནས་སྐོར། གྲོང་ཁྱེར་ལྟ་སྐུལ་སོགས་སྡེ་ཁག་གིས་ཚོང་རའི་གཙོ་གཞི་རྒྱུན་མཐུད་དུ་སྐྱེད་སྲིང་བྱས་ནས། ལས་ཞུགས་ཀྱི་གཞི་རྩའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་ནས། ཚོང་རའི་གཙོ་གཞི་མགྱོགས་མྱུར་ངང་འཕར་བར་འགན་ལེན་བྱས་ཏེ་སྤྱི་ཚོགས་ཀྱི་ལས་ཞུགས་ཤོང་ཚད་ནུས་ལྡན་ངང་ཆེ་རུ་གཏོང་དགོས། ལུགས་མཐུན་སྒོས་གནས་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གནས་སྐོར་ལས་རིགས་ཀྱི་ལས་ཞུགས་བསྡུ་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། སྲིད་གཞུང་གི་དངུལ་གཏོང་རྣམ་གྲངས་ནང་གི་མཚོ་བྱང་གི་ཡིན་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་མི་སྤྱོད་པའི་བསྡུར་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས། མཚོ་བྱང་གི་ཁྱད་ལྡན་དགེ་མཚན་ཡོད་པའི་ཐོན་ལས་དང་གཙོ་གནད་ཁེ་ལས། གཙོ་གནད་རྣམ་གྲངས་བཅས་ཀྱིས་རང་ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱེད་པའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། རྒུད་གསབ་ལས་སྤྲོད་རྣམ་གྲངས་ཀྱིས་ལས་ཞུགས་བསྡུ་ལེན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། རྐང་འཛིན་ཐོན་ལས་དང་ཁེ་ལས་ཆེ་འབྲིང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲོལ་རྒྱུན་གྱི་བཟང་ཆ་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་གཏོང་དགོས།

གཉིས་ནི་མི་དང་ལས་རྐང་སྦྲེལ་མཐུད་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་ཤུགས་ཐོན་ཁུངས་ཞབས་ཞུའི་འབྲེལ་ཐག་མཁོ་སྤྲོད་འཐུས་ཚང་དུ་བཏང་ནས། “ལས་ཞུགས་རོགས་སྐྱོར་ཟླ་བ”དང“དཔྱིད་རླུང་ལས་འགུལ”སོགས“12+N”གྱི་སྤྱི་བའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས་ལ། ལོ་རེར་ཁུལ་རིམ་པའི་ངོས་ནས་སྣེ་ཁྲིད་དེ་ཆེད་དོན་གདན་ཞུའི་བྱེད་སྒོ་ཐེངས1སྤེལ་བ་དང་། རྫོང་སོ་སོས་ལོ་རེར་གཏན་ཁེལ་སྣེ་ཁྲིད་བྱས་ཏེ་ཆེད་དོན་བྱེད་སྒོ1སྤེལ་ནས། ཁུལ་དང་རྫོང་གིས་མཉམ་འབྲེལ་ལས་སྒྲུབ་དང་མཉམ་དུ་ཕན་འབྲས་ཐོབ་པའི་བྱེད་ཐབས་སྤྱད་དེ། རིགས་སྣ་ཚོགས་ཀྱི་མི་སྣ་བཀོལ་སྤྱོད་ལས་ཁུངས་དང་མཁར་གྲོང་ངལ་རྩོལ་པར་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་པ་དང་། ཚོང་རའི་གཙོ་གཞིར་ལས་བཟོ་བ་མཁོ་བའི་དགོས་མཁོ་གང་ལེགས་ཀྱིས་སྐོང་དགོས།

གསུམ་ནི་གཞི་རིམ་གྱི་ཞབས་ཞུའི་སྟོབས་ཤུགས་ལ་ཤུགས་སྣོན་དགོས། སྤྱི་བའི་ལས་ཞུགས་ཞབས་ཞུའི་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། ཞབས་ཞུ་མི་སྣའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ད་ཡོད་ཀྱི་ཞབས་ཞུ་བྱ་ཡུལ་ཇེ་ལེགས་སུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་དང་སྤྱི་ཕན་རང་བཞིན་གྱི་ལས་རྐང་སོགས་ད་ཡོད་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་འདོམས་ཀྱིས་བེད་སྤྱོད་ཡག་པོ་དང་། ཡུལ་ཚོ་དང་གྲོང་རྡལ་རེ་རེར་ཉུང་མཐར་ཡང་ལས་ཞུགས་ཞབས་ཞུའི་ལས་རོགས་པ1ནས2ཁག་ཐེག་བྱས་ནས། སྤྱི་བའི་ལས་ཞུགས་ཞབས་ཞུ་དེ་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ། གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་ཁུལ་དུ་སྔར་བས་སྣུར་སྲིང་བྱེད་དགོས། སྡེ་བ་རིམ་པའི་ལས་ཞུགས་འབྲེལ་གཏུག་པའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་དང་། སྲིད་འཛིན་སྡེ་བ་རེའི་སྡེ་བའི“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཁྲོད་ནས་འགུལ་རྣམ་ལས་ཞུགས་འབྲེལ་གཏུག་པ1བསྡུས་ཏེ། ལས་ཞུགས་ཞབས་ཞུའི“མཇུག་མཐའི་གནད་འགག་གི་སྤྱི་ལེ་གཅིག”ཤར་གཏོང་ཏན་ཏིག་ཐུབ་པ་བྱེད་དགོས་ལ། ཁུལ་དང་རྫོང་གི་ལས་ཞུགས་སྡེ་ཁག་གིས་ལོ་རེར་སྒོར1000ལས་མི་དམའ་བའི་ཁ་གསབ་སྤྲོད་དགོས། མཁར་གྲོང་གི་སྡེ་ཁུལ་དུ་ལས་ཞུགས་ཞབས་ཞུའི་སྒེའུ་ཁུང་བཙུགས་ནས། ཉུང་མཐར་ཡང་ལས་དོན་མི་སྣ་གཅིག་བཀོད་སྒྲིག་བྱེད་པ་དང་། ལས་ཞུགས་ཞབས་ཞུ་དེ་སྡེ་ཁུལ་གྱི་བྱ་བའི་ཁྱབ་ཁོངས་ནང་སྔོན་མར་འཇོག་དགོས་ལ་ལས་ཞུགས་ཞབས་ཞུའི་སྟོབས་ཤུགས་གཞི་རིམ་དུ་འཐིམ་པར་སྣེ་ཁྲིད་བྱེད་དགོས།

(ལྔ།)ལས་གཏོད་གཞི་རྟེན་ཇེ་ལེགས་སུ་བཏང་ནས་ལས་གཏོད་ཞབས་ཞུའི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་དགོས།

གཅིག་ནི་ལས་གཏོད་ལ་སྐུལ་འདེད་བྱས་ནས་ལས་ཞུགས་སྐུལ་ཁྲིད་བྱེད་དགོས། ལས་གཏོད་ཁག་ཐེག་དངུལ་བུན་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་ལས་གཏོད་མི་སྣར་གཏན་ཁེལ་ལྟར་ལས་གཏོད་མི་སྒེར་ལ་སྒོར་འབུམ2ལས་མི་བརྒལ་བ་དང་། མཉམ་འབྲེལ་ལས་གཏོད་མཁན་ལ་ཆེས་མང་ནའང་སྒོར་ས་ཡ2.2ལས་མི་བརྒལ་བ། ཁེ་ལས་ཆུང་ཕྲན་ལ་ཆེས་མང་ནའང་སྒོར་ས་ཡ3(ལོ་དེར་གསར་དུ་བསྡུས་པའི་མི་གྲངས་དེ་སྔར་ཡོད་ལས་བཟོའི་མི་གྲངས་ཀྱི15%ཟིན་པའམ་ཡང་ན་མི100ལས་བརྒལ་ཚད་ཁེ་ལས་ཀྱི8%ཐོན་པ)དང་སྒོར་ས་ཡ4(མུ་མཐུད་དུ་ལས་གཉེར་གཞི་ཁྱོན་ཆེ་རུ་བཏང་ནས། ལས་ཞུགས་གསར་སྣོན་བྱས་པའི་མི་གྲངས་དེ་ཁེ་ལས་ཀྱི་ད་ཡོད་ཀྱི་ལས་བཟོ་བའི་མི་གྲངས་ཀྱི30%ལ་ཐོན་པའམ་ཡང་ན་མི་གྲངས100ལས་བརྒལ་ཚད་ཁེ་ལས་ཀྱི15%རུ་ཐོན་པ)ཡི་ལས་གཏོད་ཁག་ཐེག་དངུལ་བུན་སྟེར་རྒྱུ་མ་ཟད་གཏན་ཁེལ་ལྟར་ནོར་སྲིད་ཀྱིས་སྐྱེད་ཀ་སྤྲོད་རྒྱུ། རྫོང་རིམ་པའི་ཞིང་སྡེའི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་དང་དངོས་ཟོག་སྡེབ་སྐྱེལ་ལྟེ་གནས། གྲོང་གསེབ་ཀྱི་ཞབས་ཞུ་ས་ཚིགས་བཅས་ཁག་ཅིག་འཛུགས་སྐྲུན་བྱེད་པ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་ནུས་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་མི་ཚོགས་གཙོ་བོ་དང་དབུལ་ཐར་སྡེ་བའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ། ཞིང་སྡེའི་གློག་རྡུལ་ཚོང་དོན་འཇོན་ཐང་མི་སྣ་སོགས་ཀྱི་གསོ་སྦྱོང་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཞིང་ཆེན་ནང་ཁུལ་དུ་ཁེ་ལས་ཆུང་བ་དང་ཕྲན་བུ་འཛུགས་པའམ་ཡང་ན་མི་སྒེར་གྱི་ཚོང་ལས་གཉེར་བ་མ་ཟད་ཁྲིམས་ལྟར་ཐོ་འགོད་བྱས་ཏེ། ལས་གཉེར་འཛིན་ཡིག་བླངས་ཏེ་རྒྱུན་གཏན་ལྟར་ཚོང་གཉེར་ལོ1ཡན་བྱས་པའི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་། སློབ་གྲྭ་ནས་མཐར་ཕྱིན་ནས་ལོ2རིང་ལ་ལས་ཞུགས་བྱེད་ཐུབ་མེད་པའི་སློབ་ཆེན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ལ་ཐེངས་གཅིག་གིས་ལས་གཏོད་ཁ་གསབ་སྒོར་ཁྲི1སྤྲོད་དགོས།

གཉིས་ནི་ལས་གཏོད་ཀྱི་གཞི་རྟེན་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་དགོས།  ད་ཡོད་ཀྱི་གླིང་ཁུལ་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལོ་རེར་ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་འགུལ་རྣམ་གྱི་གསོ་སྐྱོང་བྱེད་དགོས། མཚོ་བྱང་ཁུལ་གྱི་ལས་གཏོད་གསོ་སྐྱོང་རྟེན་གཞི་ནུས་ལྡན་ངང་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས། ལས་གཏོད་གསོ་སྦྱོང་དང་རྣམ་གྲངས་འདེམས་པ། མ་དངུལ་གྱི་རྒྱབ་སྐྱོར། གཉེར་སྐྱོང་མཛུབ་ཁྲིད་སོགས་ཐད་ལ་ཁྱོན་ཡོངས་ཀྱི་གསོ་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་ཀྱི་ཁ་གསབ་དང་གསོ་སྐྱོང་རྟེན་གཞིའི་བྱ་དགའི་ཁ་གསབ། གཉེར་སྐྱོང་ཕྱོགས་གསུམ་པའི་གྲོན་བསྡུ་སོགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། རྟེན་གཞིའི་གཉེར་སྐྱོང་འགྲོ་གྲོན་ལ་འགན་སྲུང་བྱེད་པ་དང་། ནོར་སྲིད་སྡེ་ཁག་གིས་རྟེན་གཞིའི་རྗེས་མཐུད་དོ་དམ་འགྲོ་གྲོན་དེ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་འཇོག་དགོས། “ཕྱོགས་གསུམ་པའི་དོ་དམ་ནང་འདྲེན་དང་། ཁུལ་དང་རྫོང་གཏོགས་ཀྱི་རྒྱལ་དབང་ཁེ་ལས་གཉེར་སྐྱོང་མངག་བཅོལ་བྱེད་པ། ལས་བདག་ཨུ་ཡོན་ཁང་བཙུགས་ནས་རང་བརྟེན་དོ་དམ་བྱེད་པ”སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ནས་གཉེར་སྐྱོང་བྱས་ཏེ། ཁུལ་དང་རྫོང་གི་ལས་ཞུགས་སྡེ་ཁག་གིས་ཚོགས་པ་རྩ་འཛུགས་བྱས་ནས་ཁེ་ལས་སུ་འདུག་ཏུ་བཅུག་སྟེ་ལས་རིགས་མཛུབ་ཁྲིད་དང་། སྲིད་ཇུས་ཀྱི་བློ་འདྲི་སོགས་འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱེད་དགོས།

གསུམ་ནི་ལས་གཏོད་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། གླ་རྒྱག་ཞིང་པ་སོགས་མི་སྣ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་དང་གྲོང་གསེབ་ཀྱི་འཇོན་མིས་རང་སར་ལས་གཏོད་བྱེད་པར་ཁྲིད་སྟོན་བྱེད་དགོས། “ལས་གཏོད+རྩལ་ནུས”གསོ་སྦྱོང་དང“སྒེར་གྱིས་ཁེ་ལས་གཉེར་བ(SYB)”  “རང་གི་ཁེ་ལས་ལེགས་བཅོས(IYB)གཏོང་བའི”གསོ་སྦྱོང་རིགས་གསུམ་གྱི་ནང་དུ་ཞུགས་མཁན་གྱི་ངལ་རྩོལ་ནུས་ཤུགས་ལ་གཏན་ཁེལ་ལྟར་ལས་གཏོད་གསོ་སྦྱོང་གི་ཁ་གསབ་སྤྲོད་དགོས། ལས་གཏོད་འདུ་ཚོགས་དང་ལས་གཏོད་གླེང་སྟེགས་སོགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ལས་གཏོད་ཀྱི་རིག་ལམ་གསར་གཏོད་དང་ལས་གཏོད་ཀྱི་ཐབས་ལམ་རྒྱ་བསྐྱེད། ལས་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ནས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་སྔར་བས་མངོན་གསལ་ཡིན་དགོས།

(དྲུག)མཐའ་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་སྐྱོར་རོགས་སྐྱོར་ལས་གཞི་གཅིག་གྱུར་གྱིས་ལག་བསྟར་བྱེད་དགོས།

གཅིག་ནི་གཙོ་གནད་ཚོགས་སྤྱིའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་བྱ་རྒྱུར་ཤུགས་བསྣན་ནས། ཆ་རྐྱེན་འཛོམས་པའི་དབུལ་ཐར་མི་འབོར་དང་རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་དེ་ལས་ཞུགས་རོགས་སྐྱོར་ཁྱབ་ཁོངས་སུ་བསྡུ་དགོས། སྡེ་ཁག་བར་གྱི་ཆ་འཕྲིན་མཉམ་སྤྱོད་དང་གཞི་གྲངས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་མ་ལག་གི་གཞི་གྲངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་གྱི་ཆ་ཚང་རང་བཞིན་དང་བཀོལ་སྤྱོད་རང་བཞིན། གནད་ཁེལ་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་པའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་སྲོལ་དོན་འཁྱོལ་བྱེད་པ། གཞི་རིམ་གྱིས་རང་འགུལ་ངང་ཤེས་རྟོགས་དང་ཉེན་ཟོན་ཐུབ་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ལས་ཞུགས་ལས་ཤོར་མི་སྣར་དུས་ཐོག་ཏུ་ལས་རིགས་མཛུབ་ཁྲིད་དང་ལས་རིགས་ངོ་སྤྲོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། རྒྱལ་ཡོངས་ཀྱི་ཡང་བསྐྱར་དབུལ་བོར་གྱུར་བའི་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་ལ་བརྟེན་ནས། དབུལ་ཐར་མི་འབོར་དང་ལྟ་ཞིབ་ཚད་ལེན་བརྒྱུད་པའི་རོགས་སྐྱོར་བྱ་ཡུལ། རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་དང་གནས་སྤོར་དབུལ་སྐྱོར་མང་ཚོགས་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནས་ཚུལ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

གཉིས་ནི་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས།  ཁེ་ལས་ཀྱིས་ལས་ཞུགས་ལས་རྐང་གསར་སྣོན་བྱས་ནས་ལས་ཞུགས་ལ་དཀའ་ངལ་ཡོད་པ་དང་། མཐར་ཕྱིན་ནས་ལོ2ནང་ལས་ཞུགས་བྱེད་ཐུབ་མེད་པའི་སློབ་ཆེན་སློབ་མ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ལས་ཞུགས་སུ་བསྡུ་ལེན་བྱེད་པ་མ་ཟད། ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་པའི་རིགས་ལ“སྔོན་སྤྲད་རྗེས་གསབ”ཀྱི་རྩ་དོན་གཞིར་བཟུང་ནས། ཁེ་ལས་ཀྱིས་དངོས་སུ་སྤྲད་པའི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་མ་དངུལ་དང་། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་མ་དངུལ། ལས་ཤོར་འགན་བཅོལ་མ་དངུལ་བཅས་ཁ་གསབ་བྱེད་དགོས།(མི་སྒེར་གྱིས་སྤྲོད་དགོས་པ་མི་ཚུད) ལས་ཞུགས་ལ་དཀའ་ངལ་ཡོད་པ་དང་མཐར་ཕྱིན་ནས་ལོ2ནང་ལས་ཞུགས་བྱེད་ཐུབ་མེད་པའི་སློབ་ཆེན་སློབ་མ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ཀྱིས་ལས་ཞུགས་བྱེད་ཐུབ་ཟིན་པ་མ་ཟད། སྤྱི་བའི་ལས་ཞུགས་འཇོན་ཐང་མི་སྣའི་ཞབས་ཞུ་ལས་ཁུངས་སུ་ལས་ཞུགས་ཐོ་འགོད་བྱས་པའི་རིགས་ལ། དེས་སྤྲད་པའི་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་མ་དངུལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་མ་དངུལ(ཡང་ན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་མ་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་མ་དངུལ)དངོས་སུ་སྤྲད་པའི70%གསབ་སྤྲོད་བྱེད་དགོས། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣའི་ཁ་གསབ་ལོ5ལས་མི་བརྒལ། ལོ2ནང་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཁ་གསབ་ལོ2ལས་མི་བརྒལ།

གསུམ་ནི་ཞབས་འདེགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣར་དངོས་མིང་འགོད་པའི་ལམ་ལུགས་ཀྱི་འགུལ་རྣམ་དོ་དམ་དང་རིགས་དབྱེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣའི་གནས་ཚུལ་རྒྱུས་ལོན་གསལ་བོ་དང་། རིགས་དབྱེ་སྐུལ་འདེད་དང་བབ་བསྟུན་གྱི་བྱེད་ཐབས་སྤྱོད་དགོས། ད་ཡོད་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་གནད་ཁེལ་རོགས་སྐྱོར་བྱས་ཏེ། ཁྱིམ་ཚང་དུ་ལས་ཞུགས་གཅིག་ཀྱང་མེད་པ་གཙང་སེལ་བྱེད་པ་འགན་ལེན་བྱེད་དགོས། ལས་རྐང་སྣ་ཚོགས་གཅིག་གྱུར་གྱིས་དོ་དམ་དང་བེད་སྤྱོད་བྱས་ཏེ། ཆ་རྐྱེན་འཛོམས་པའི་དབུལ་ཐར་མི་འབོར་དང་ལྟ་ཞིབ་ཚད་ལེན་རོགས་སྐྱོར་བྱ་ཡུལ། ལྷག་པར་དུ་དེའི་ནང་གི་ངལ་རྩོལ་ནུས་ཤུགས་ཞན་པ་དང་ངལ་རྩོལ་ནུས་ཤུགས་ཕྱེད་ཙམ་སྔོན་ལ་བཀོད་སྒྲིག་བྱེད་དགོས་ལ། གནས་ཚུལ་ལྟར་བཀོད་སྒྲིག་བྱ་ཡུལ་གྱི་ཆ་རྐྱེན་ལེགས་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་སྤྱི་ཕན་ལས་རྐང་གི་མཐའ་སྐྱོང་བཀོད་སྒྲིག་ནུས་པ་འདོན་སྤེལ་བྱེད་དགོས། རྫོང་སོ་སོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་དགོས་མཁོར་གཞིགས་ནས། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་རྐང་གཅིག་གྱུར་འཆར་འགོད་ཀྱིས་གསར་སྤེལ་བྱེད་དགོས།

བཞི་ནི་ལས་རྐང་དོ་དམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  《མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཚད་ལྡན་ངང་དོ་དམ་བྱེད་པར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》(མཚོ་སྲིད་གཞུང་ལས་ཁང〔2019〕ཨང112པ)ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཚད་ལྡན་དོ་དམ་ལ་ཤུགས་སྣོན་དགོས། སྡེ་བའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་། ས་ཁོངས་གཅིག་པའི་ནང་གི་ལས་རྐང་འདྲ་མཚུངས་བར་གྱི་གདན་ཞུའི་ཚད་གཞི་དང་ཐོབ་ཐང་འགན་སྲུང་ཆུ་ཚད་སོགས་གཞི་རྩའི་ཆ་ནས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། འོད་ཤུགས་སྤྱི་ཕན་ལས་རྐང་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་། གཙང་སྦྲ་ལྗང་སྲུང་སོགས་གྲོང་གསེབ་ཀྱི་སྤྱི་ཕན་ལས་རྐང་སྣ་ཚོགས་ཀྱི་སྲིད་ཇུས་རིམ་བཞིན་ལེགས་སྒྲིག་བྱེད་པ་དང་། དགོས་མཁོ་ལྟར་ལས་རྐང་འཛུགས་པ་དང་ལས་རྐང་གཅིག་ལ་འགན་འཁྲི་སྣ་མང་། ལས་རྐང་ལ་བརྟེན་ནས་གདན་ཞུ་ལས་བསྐོ་བྱེད་པ། ལས་རྐང་དུ་སྡོད་པར་གསབ་དངུལ་ལེན་པ། གོ་རིམ་ལྡན་པའི་སྒོ་ནས་ལས་རྐང་ཕྱིར་འཐེན་བྱེད་པ་བཅས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་བཀོད་སྒྲིག་མི་སྣར་གཏན་ཁེལ་ལྟར་ལས་རྐང་ཁ་གསབ་སྤྲོད་པ་དང་། བསམ་ཡུལ་ལས་འདས་པའི་གནོད་འཚེའི་ཚོང་ལས་འགན་བཅོལ་ཉོ་བ། ཁྲིམས་ལྟར་ངལ་རྩོལ་གན་རྒྱའམ་ཡང་ན་ངལ་ལས་གྲོས་མཐུན་འཇོག་དགོས།

བཞི། འགན་སྲུང་བྱ་ཐབས།

(གཅིག)བྱ་བའི་རྩ་འཛུགས་འགན་སྲུང་འཐུས་ཚང་དུ་གཏོང་དགོས།  ཁུལ་ཡོངས་དང་རྫོང་གི་ལས་ཞུགས་བྱ་བའི་མགོ་ཁྲིད་མཐུན་སྦྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་བྱ་བའི་ལྟ་སྐུལ་ཞིབ་བཤེར་སྒྲིག་སྲོལ་ཇེ་བརྟན་དུ་བཏང་ནས། ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། ཁུལ་གྱི་ལས་ཞུགས(གླ་རྒྱག་ཞིང་པ)ལས་དོན་མགོ་ཁྲིད་ཚན་ཆུང་གི་འགན་ནུས་འདོན་སྤེལ་བྱས་ཏེ། དུས་བཀག་ལྟར་རྫོང་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁྲི་སྒྲུབ་ཚུལ་ལ་བཀོད་གཏོང་སྐུལ་འདེད་གཏོང་བ་དང་། ལོ་རེར་བཟོ་འཕྲིན་དང་རིག་གནས་གནས་སྐོར། ཞིང་ཕྱུགས། འཕེལ་རྒྱས་བཅོས་སྒྱུར། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གིས་མཁོ་འདོན་བྱས་པའི་ལས་རྐང་གི་དགོས་མཁོ་དང་ལས་མི་བསྡུ་ལེན་བྱས་པའི་གནས་ཚུལ་བཀོད་གཏོང་དང་སྡོམ་རྩིས་རྒྱག་པ་མ་ཟད། རིམ་བཞིན་དམིགས་ཚད་དཔྱད་ཞིབ་ཀྱི་མ་ལག་ནང་བཅུག་ནས་ལོ་རེའི་ལོ་མཇུག་ཏུ་སྡེ་ཁག་སོ་སོས་ལས་ཞུགས་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཁུལ་སྲིད་གཞུང་ལ་སྙན་སེང་འབུལ་དགོས།

(གཉིས།)ལས་ཞུགས་ཞབས་ཞུའི་འགན་ནུས་འདོན་སྤེལ་བྱེད་དགོས། རིམ་པ་སོ་སོའི་ལས་ཞུགས་ཞབས་ཞུའི་མ་ལག་གི་ནུས་པ་འདོན་སྤེལ་དང་། ལས་ཞུགས་འབྲེལ་གཏུག་པ་དང་ངལ་ལས་ཚབ་གཉེར་བ། ངལ་ལས་མངག་གཏོང་ལས་ཁུངས་བཅས་ལ་བརྟེན་ནས། གནས་སྤོ་ལས་ཞུགས་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་དགོས། ཁུལ་དང་རྫོང་གི་ལས་ཞུགས་སྡེ་ཁག་གི་ཞབས་ཞུའི་འགན་ནུས་འདོན་སྤེལ་བྱས་ཏེ། ངལ་ལས་མངག་གཏོང་ལས་ཁུངས་དང་ངལ་ལས་ཚབ་གཉེར་པས་མི་སྣ་བཀོལ་སྤྱོད་བྱ་སྤྱོད་དང་འབྲེལ་ཡོད་དགོས་མཁོར་རྗེས་འདེད་འགན་ལེན་བྱེད་པ་དང་། དེའི་ལས་ཞུགས་ཁ་གསབ་མ་དངུལ་རེ་ཞུ་དང་དཔྱད་གཞི་འཚོལ་བསྡུ་སོགས་ཐད་ལ་དུས་ཐོག་ཏུ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

(གསུམ།)མ་དངུལ་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས།  ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ་བརྩོན་ལེན་དང་དོ་དམ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁུལ་ནོར་སྲིད་སྡེ་ཁག་གིས་དགོས་ངེས་ཀྱི་ལས་ཞུགས་ཁ་གསབ་མ་དངུལ་དེ་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་འཇོག་དགོས། ལོ་རེར་ཧྲན་ཏུང་རོགས་སྐྱོར་གྱི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་དེ་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་མ་དངུལ་བགོ་བཤའི་རྣམ་གྲངས་ནང་བཞག་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་འགྲོ་སྒོའི་རྨང་གཞིའི་ཐོག  གནས་ཚུལ་ལ་གཞིགས་ནས་མ་དངུལ་ཇེ་མང་དུ་གཏོང་བ་དང་། ཁ་གསབ་ཁྱབ་ཁོངས་དེ་ལས་ཞུགས་ལས་གཏོད་ཀྱི་རྣམ་གྲངས་གཞན་དག་གི་ཁྱབ་ཁོངས་སུ་ཁྱབ་དགོས།

(བཞི།)ཉིན་གླའི་ཚོང་རའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།  བབ་བསྟུན་ལས་ཞུགས་དང་ཉིན་གླའི་ཆ་འཕྲིན་དེ་སྤྱི་བའི་ལས་ཞུགས་ཞབས་ཞུའི་ཁྱབ་ཁོངས་ནང་འཇུག་པ་དང་། བབ་བསྟུན་ལས་ཞུགས(ཉིན་གླའི་ཆ་འཕྲིན)ཆེད་དོན་ཁུལ་འཛུགས་པ། ངལ་ལས་ངོ་འཕྲད་གྲོས་མོལ་རྩ་འཛུགས་བྱས་ཏེ་ངལ་རྩོལ་པར་སྒོ་ཁའི་ལས་ཞུགས་གོ་སྐབས་སྔར་བས་མང་བོ་མཁོ་འདོན་བྱེད་པ་དང་། གདན་ཞུ་དང་བྱ་བ་བཙལ་བ་ཕྱོགས་གཉིས་ཀྱི་འབྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱེད་དགོས། སྲིད་གཞུང་གི་སྲིད་འཛིན་བྱ་གཞག་ལས་ཁུངས་ཀྱི་བེད་མེད་ཁང་བ་དང་ས་ཆ་བེད་སྤྱོད་ནུས་ལྡན་དང་། ཉིན་གླའི་ཚོང་ར་ཁག་གཅིག་འཛུགས་སྐྲུན་བྱས་ཏེ། ངལ་ལས་ངོ་འཕྲད་གྲོས་མོལ་བྱེད་ས་དང་ལས་རྐང་གི་ཆ་འཕྲིན་སྤྱི་བསྒྲགས། དྲོད་ཆུ་དང་གློག་གསོག་པ་སོགས་ཀྱི་གཞི་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ལ། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དང་མི་སྣ་བཀོལ་སྤྱོད་ལས་ཁུངས། ཉིན་གླ་མཁན་བཅས་ཚོང་རར་ཞུགས་པ་གོ་རིམ་ལྡན་པའི་ངང་ངལ་ལས་སྦྲེལ་མཐུད་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།

(ལྔ།)བྱེད་སྒོ་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་དགོས། དུས་བཀག་ལྟར་ལས་ཞུགས་ལས་དོན་མི་སྣ་རྩ་འཛུགས་བྱས་ནས་སྲིད་ཇུས་གསལ་འགྲེལ་དང་ལས་སྒོ་དངོས་སྤྱོད། ལས་ཞུགས་སྡོམ་རྩིས་སོགས་ཀྱི་གསོ་སྦྱོང་སྤེལ་དགོས། དྲ་ཐོག་གི་ལས་ཞུགས་ཞབས་ཞུའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་སྣ་བཀོལ་སྤྱོད་ལས་ཁུངས་དང་ངལ་རྩོལ་པར་མཛུབ་ཁྲིད་བྱས་ཏེ། “མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས”དང“མཚོ་སྔོན་མི་སྤྱི་ཤར་གཏོང་གིAPP”ཕབ་ལེན་དང་ཐོ་འགོད། བེད་སྤྱོད་བཅས་བྱས་པ་བརྒྱུད། སྲིད་ཇུས་སྣ་ཚོགས་འདྲི་རྩད་དང་བྱེད་སྒོ་རེ་ཞུ་སོགས་ཀྱི་ལྷུ་ཚིགས་ཁག་ཁོང་དུ་ཆུད་པར་བྱས་ནས། མང་ཚོགས་ཀྱི་སྣ་མང་ཅན་གྱི་ལས་ཞུགས་ལས་གཏོད་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

(དྲུག)འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་དགོས། 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁེ་ལས་ཀྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་ཀྱི་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ནས། ཁེ་ལས་ཀྱིས་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་པ་མ་ཟད་ངལ་རྩོལ་གན་རྒྱ་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ། ངལ་རྩོལ་གྱི་ཐོབ་ཆ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་མཛུབ་ཁྲིད་བྱེད་དགོས། སྲིད་གཞུང་དང་བཟོ་ཚོགས། ཁེ་ལས་བཅས་མཉམ་དུ་ཞུགས་པའི་གྲོས་མོལ་མཐུན་སྦྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ངལ་རྩོལ་འབྲེལ་བའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ནང་གི་མངོན་གསལ་གྱི་འགལ་བ་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱེད་པ་དང་། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ངལ་རྩོལ་འབྲེལ་བའི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱེད་དགོས་ལ། ངལ་རྩོལ་འབྲེལ་བ་འཆམ་མཐུན་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

ལྔ། བྱ་བའི་བླང་བྱ།

(གཅིག)བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་དགོས།  ལས་ཞུགས་ལས་དོན་ལ་སྐུལ་འདེད་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡག་པོ་བྱས་ནས། ལས་ཞུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱ་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་དགོས། སྤྱི་བའི་ལས་ཞུགས་ཞབས་ཞུའི་སྤུས་ཚད་ལ་གདེང་འཇོག་བྱེད་པའི་བྱ་བར་ཤུགས་སྣོན་དང་། ལས་ཞུགས་ཞབས་ཞུའི་ཕན་འབྲས་ལ་དཔྱད་དཔོག་བྱེད་པ་རྩ་འཛུགས་བྱས་ནས། ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།

(གཉིས།)སྒྲིག་ལམ་ལེགས་པོར་སྲུང་སྐྱོང་བྱེད་དགོས། ལས་ཞུགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་ལམ་ལུགས་སྣ་སོ་སོ་འཐུས་ཚང་དུ་གཏོང་བ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”སོགས་མི་ཤུགས་ཐོན་ཁུངས་ཚོང་རའི་ལྟ་སྐུལ་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་པ། ཚོང་རའི་ལྟ་སྐུལ་ལ་ཤུགས་སྣོན་དང་། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་སྲིད་འཛིན་ཁྲིམས་བསྟར་ལ་ཤུགས་སྣོན་བྱེད་པ། ངལ་རྩོལ་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་བཅས་བྱས་ཏེ། རྒྱུན་ལྡན་གྱི་ལྟ་སྐུལ་དང་ཆེད་དོན་འགུལ་སྐྱོད་སྤེལ་བ་བརྒྱུད་ནས། བར་སྨྱན་ངན་པ་དང་གདན་ཞུའི་ཆ་འཕྲིན་རྫུན་མ། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་དུ་འཇུག་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིད་རྟོན་གདེང་འཇོག་ཚད་གཞི་འཐུས་ཚང་དུ་གཏོང་དགོས།

(གསུམ།)དྲིལ་སྒྲོག་མཚམས་སྦྱོར་བྱ་བ་ཡག་པོར་སྒྲུབ་དགོས།  དྲ་ཐོག་དང་དྲ་ཐོག་མ་ཡིན་པའི་སྨྱན་སྦྱོར་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། རང་ས་གནས་ཀྱི་ལས་ཞུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་བྱེད་ཐབས་དྲིལ་སྒྲོག་བྱེད་པ་དང་། ཕུལ་བྱུང་ཞབས་ཞུའི་རྣམ་གྲངས་དང་ཕུལ་བྱུང་ལས་ཞུགས་ཞབས་ཞུའི་ལས་སྒྲུབ་མི་སྣའི་ཉམས་མྱོང་། དེ་བཞིན་མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་མི་སྣའི་རང་འགུལ་ལས་ཞུགས་དང་རང་བརྟེན་ལས་གཏོད་བྱེད་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་སམ་ཡང་ན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་སོགས་སྔོན་ཐོན་མི་སྣའི་བྱས་རྗེས་བཅས་ཁྱབ་གདལ་དུ་བཏང་ནས། ལས་ཞུགས་ལས་གཏོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་སུ་འཇུག་དགོས།

རྫོང་སོ་སོ་དང་སྡེ་ཁག་སོ་སོས་བསམ་འཆར་འདིའི་འབྲེལ་ཡོད་གནས་ཚུལ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ལག་བསྟར་བྱེད་པའི་སྐབས་སུ་ཤེས་རྟོགས་བྱུང་བའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཁུལ་ལས་ཞུགས(གླ་རྒྱག་ཞིང་པ)བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས།



本期证报PDF文件