མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི《མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2023-04-07 09:09:03   |   2521

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས།  བཤེར་འབེབས། རྡོ་རྗེ་བྱམས།


བྱང་སྲིད〔2022〕ཨང36པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་ཡིས་གཏན་འབེབས་བྱས་པའི《མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱེད་ཐབས》ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་ཐེངས20པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས16པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ཡོད་པས། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་ཡིན་ལ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།

2022ལོའི་ཟླ7ཚེས6ཉིན།

མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱེད་ཐབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དང་དེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད།《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་འགུལ་སྐྱོད་བྱེད་ཐབས》དང《མཚོ་བྱང་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི”ཡི་རིག་ལུས་གནས་སྐོར་རྒྱང་བརྙན་གྱི་འཆར་འགོད》གཞིར་བཟུང་སྟེ། མཚོ་བྱང་གནས་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཧུར་ཐག་གིས་ས་ཁོངས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་སྐྲུན་པར་དམིགས་ནས་བྱེད་ཐབས་འདི་བཟོ་འགོད་བྱས་པ་ཡིན། 

གཅིག  སློབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་དམིགས་ཚད་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་ཁེལ་བྱས་པའི་ཤུགས་རྒྱག་ས་བཞིར་དམ་པོར་བརྟེན་པ་དང་། “243”གྱི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བཏོད་པར་དམ་པོར་དམིགས་ནས། “གསར་གཏོད་དང་མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་རོལ”བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྩི་སྲུང་བྱེད་པ་དང་། “ཏང་སྲིད་སྡོམ་འགོད་དང་། རིག་གནས་བླ་སྲོག་ཏུ་འཛིན་པ། སྐྱེ་ཁམས་རྩ་བར་འཛིན་པ། མཉམ་འདྲེས་འཕེལ་རྒྱས”བཅས་ཀྱི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྔར་བས་སྟོབས་ཤུགས་གཅིག་སྡུད་དང་། ཐོན་ཁུངས་གཅིག་སྡུད། སྲིད་ཇུས་གཅིག་སྡུད་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་རྒྱུན་མཐུད་རང་བཞིན། མཚོ་སྐོར་གྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུད་འཛིན་བྱེད་ཆོག་པའི་རང་བཞིན། སྐྱེ་ཁམས་རིན་ཐང་སྲུང་སྐྱོང་གྲུབ་འབྲས་ཀྱི་སློབ་གསོའི་རང་བཞིན་བཅས་མཚོ་བྱང་སྐྱེ་ཁམས་རིན་ཐང་གི་འདུ་ཤེས་དང་། དམར་པོའི་རིག་གནས་ཀྱི་སྙིང་སྟོབས། མི་རིགས་ཁག་གི་ཁྱད་ལྡན་རིག་གནས་བཅས་རྒྱས་བཤད་བྱེད་པའི་གཞི་འཛིན་ས་གཙོ་བོ་རུ་བརྩིས་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁྲོད་མཉམ་འདྲེས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བྱ་བའི་བླང་བྱ་དེ་ང་ཚོའི་བྱ་བའི་ལག་ལེན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་དགོས། མཛེས་ལྗོངས་ཁུལ་གཏོད་རིན་སྤོར་གྱི་བཟོ་སྐྲུན་དང་། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་རིམ་སྤོར་གྱི་བཟོ་སྐྲུན། ཡུལ་སྡེ་གནས་སྐོར་རིམ་སྤོར་གྱི་བཟོ་སྐྲུན་བཅས་གཙོ་གནད་ཐོག་ལག་བསྟར་བྱ་རྒྱུ། གནས་སྐོར་ཚོང་རའི་བཅོས་སྒྲིག་དང་དྲིལ་སྒྲོག་ཁྱབ་གདལ་བཅས་ཀྱི་འགུལ་སྐྱོད་སྤེལ་ནས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། ཐོན་ལས་ཁྱབ་ཚུལ་འོས་མཐུན། ཐོན་རྫས་མ་ལག་ཕུན་ཚོགས། ཞབས་ཞུ་ཆུ་ཚད་བཟང་བ། དོ་དམ་གཉེར་སྐྱོང་ཚན་རིག་དང་མཐུན་པ། ཕན་འབྲས་ལ་སྐུལ་ཁྲིད་བྱེད་ཐུབ་པ་མངོན་གསལ་ཡིན་པ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུར་ཤུགས་རྒྱག་དགོས།

གཉིས།  སྤྱིའི་དམིགས་འབེན།

ལོ་གསུམ་གྱི་དུས་ཚོད་སྤྱད་དེ་གནས་སྐོར་བར་སྣེ་ལེན་ཞུ་ཚད་ལོ་རེར་ཆ་སྙོམས་ཀྱིས6%འཕར་རྒྱུར་སྐུལ་འདེད་བཏང་ནས། གནས་སྐོར་གྱི་སྤྱིའི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས10%འཕར་རྒྱུ། ད་ཡོད་ཀྱི་གསར་གཏོད་གྲུབ་འབྲས་ཀྱི་རྨང་གཞིའི་ཐོགAཅན5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ1དང་། Aཅན4རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ2དང་། Aཅན3རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ2བཅས་བདེ་བླག་ངང་བཏོད་པ་དང་། རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་གནས་སྐོར་སྤྲོ་གསེང་ཁུལ1དང་། རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་ཡུལ་སྡེ་གནས་སྐོར་གཙོ་གནད་སྡེ་བ9དང་། སྐར་རིམ་ཅན་གྱི་ཡུལ་སྡེ་གནས་སྐོར་སྣེ་ལེན་ས་ཚིགས10བཅས་བསྐྲུན་དགོས་ལ། རིག་གནས་གནས་སྐོར་གྱི་སྤུས་ལེགས་གནས་སྐོར་ལམ་ཐིག5འདོན་དགོས།

གསུམ།  གཞི་རྩའི་རྩ་དོན།

(གཅིག)སྲུང་སྐྱོང་སྔོན་ལ་བྱེད་པ་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་པ་དང་། སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། “སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི”གཞི་ཐིག་དམ་སྲུང་བྱས་ཏེ། རིག་གནས་གནས་སྐོར་གསར་སྤེལ་བྱེད་རིམ་དེ་སྐྱེ་ཁམས་འཛུགས་སྐྲུན་གྱི་བརྒྱུད་རིམ་དུ་ཕན་ནུས་ལྡན་པའི་ངང་བསྒྱུར་བ་དང་། ཁོར་ཡུག་འཕེལ་རྒྱས་ཀྱི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བྱས་ནས། དུས་ཐུང་གི་བྱ་སྤྱོད་ཀྱིས་ཐོན་ཁུངས་གསར་སྤེལ་བྱེད་པ་ཐལ་དྲགས་པ་དང་། མངའ་ཁོངས་རང་བཞིན་གྱི་ཁོར་ཡུག་སྦགས་བཙོག་དང་གཏོར་བཤིག་གཏོང་བ་བཅས་སྔོན་འགོག་བྱས་ཏེ། སྲུང་སྐྱོང་དང་གསར་སྤེལ་ཟུང་འབྲེལ་བྱེད་པའི་འཁོར་རྒྱུག་ལམ་སྲོལ་བཟང་པོ་ཆགས་པར་བྱ་དགོས།

(གཉིས།)ཁྱད་ཆོས་འབུར་ཐོན་ཡོང་བ་དང་། གསར་གཏོད་གོང་སྤེལ་གཏོང་དགོས། མཚོ་བྱང་གི་ཐོན་ཁུངས་ལེགས་ཆ་སྤྱད་དེ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གནས་སྐོར་མཛེས་ལྗོངས་ཁུལ་གྱི་ནང་དོན་ཟབ་མོ་དང་སྐྱེ་ཁམས་རིན་ཐང་གི་བརྒྱུད་རིམ་ལྡན་པ་སྔོག་འདོན་དང་མཐོ་རུ་གཏོང་དགོས་ལ། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་དམར་པོའི་ལོ་རྒྱུས་ལུགས་མཐུན་ངང་བེད་སྤྱོད་དང་སྲུང་སྐྱོང་རྒྱུན་འཛིན་བྱེད་པ་དང་། གནས་སྐོར་ཐོན་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཐོན་རྫས་མ་ལག་གསར་གཏོད་བཅས་བྱས་ནས་གནས་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་དགོས།

(གསུམ།)གཅིག་གྱུར་གྱིས་མཐུན་སྦྱོར་དང་མཉམ་འདྲེས་འཕེལ་རྒྱས་གཏོང་དགོས།  རིགས་སྒྱུར་རིམ་སྤོར་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་སྐྱེ་ཁམས་གནས་སྐོར་དེ་རྒྱལ་ཁབ་སྤྱི་གླིང་དང་། ཞིང་ནགས་ཕྱུགས་ལས། འགྲིམ་འགྲུལ། ལུས་རྩལ། རིག་གནས་སོགས་འབྲེལ་ཡོད་ཐོན་ལས་དང་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་གནས་སྐོར་གྱི་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ་དང་། སྐྱེ་ཁམས་གནས་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ཆགས་པ་བྱེད་དགོས། ཐོན་ཁུངས་སྲུང་སྐྱོང་དང་ཐོན་རྫས་གསར་སྤེལ། ལམ་ཐིག་རྩ་འཛུགས། དྲིལ་སྒྲོག་བྲིན་ཚོང་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

(བཞི།)སྤྱི་ཚོགས་ཐེ་ཞུགས་དང་། མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས། སྤྱི་ཚོགས་ཐེ་ཞུགས་དང་མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྒོ་འབྱེད་དང་མཉམ་སྤྱོད་ལམ་སྲོལ་ཧུར་ཐག་གིས་བཙུགས་ནས། སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དུ་ཐུགས་ཁུར་དང་རྒྱབ་སྐྱོར། ཐེ་ཞུགས། ལྟ་སྐུལ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་ཆོས་ཀྱི་ཐུགས་ཁུར་གྱིས་ཁེངས་པའི་གནས་སྐོར་ཁོར་ཡུག་ཧུར་ཐག་གིས་བསྐྲུན་དགོས། མཁར་གྲོང་མཛེས་བཟོ་དང་སྤྱི་བའི་ཞབས་ཞུ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བསྡུ་རྒྱུར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། ས་གནས་དེ་གའི་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས།

བཞི།  ལས་དོན་གཙོ་བོ།

(གཅིག)ལས་གྲྭ་ཆེན་པོ་བཞི་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་དགོས།

1.མཛེས་ལྗོངས་ཁུལ་གྱི་རིམ་སྤོར་བཟོ་སྐྲུན་བཏོད་དགོས།

རྒྱལ་ཁབ་སྤྱི་གླིང་ཆེན་པོ་གཉིས་འཛུགས་སྐྲུན་བྱེད་པར་བརྟེན་ནས་དམིགས་བསལ་ཆོག་མཆན་བཀོད་པའི་གཉེར་སྐྱོང་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ཆེན་པོ་གཉིས་ཀྱི་ཡུག་ཁུལ་གྱི་སྐྱེ་ཁམས་ཕན་འབྲས་གང་ལེགས་ཀྱིས་མངོན་པར་བྱས་ནས། སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་གོམ་སྟབས་བརྟན་པོ་སྤོ་དགོས། ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་སྤེལ་རྟེན་གཞི་དང་པོའི་གནས་རྙིང་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དོ་དམ་དང་ལྟ་སྐུལ་དོ་དམ། གཉེར་སྐྱོང་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་མཐུན་སྦྱོར་ཡོང་བ་དང་། རྟེན་གཞིའི་གནས་རྙིང་སྲུང་སྐྱོང་དང་དོ་དམ། བེད་སྤྱོད་བཅས་ཀྱི་ལས་དོན་སྡོམ་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་སྤེལ་རྟེན་གཞི་དང་པོའི་གནས་རྙིང་སྲུང་སྐྱོང་དོ་དམ་སྲོལ་ཡིག》བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས། རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

——མདའ་བཞི་རྫོང་གིས་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་རེ་ཞུ་ཧུར་ཐག་བྱེད་དགོས། མདའ་བཞིའི་རྡུལ་ཕྲན་མཁར་གྱི་དམར་པོའི་རིག་གནས་ཀྱི་ནང་དོན་གཙོ་བོར་བཟུང་ནས་སྔོག་འདོན་བྱས་ཏེ། གསེར་དངུལ་ཐང་ངམ་རྡུལ་ཕྲན་མཁར་གྱི་རྒྱལ་ཁབ་ཀྱིAཅན5ཡི་རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པའི་སྐུལ་འདེད་མགྱོགས་སུ་བཏང་ནས། 2022ལོར་གསར་གཏོད་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། “ཀྲུང་ཧྭའི་འབྱུང་ཁུངས•བསམ་པའི་མཐོ་ས”ཞེས་པའི་གྲངས་འཛིན་མཐོང་ཚོར་སྒྱུ་རྩལ་ཟློས་གར་ཁང་གི་ཉམས་ལེན་རྣམ་གྲངས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བོན་རྒྱ་ཕྱུགས་རའི་མཛེས་ལྗོངས་ཁུལ་གྱི་ནང་དོན་མཐོ་རུ་བཏང་ནས་སྤུས་ཚད་མཐོར་གཏོང་གི་བཟོ་སྐྲུན་ལེགས་སྒྲུབ་བྱེད་དགོས། མདའ་བཞིའི་དམངས་སྲོལ་སྡེ་བའི་དེ་སྔའི་སྒྲིག་བཀོད་སྒྲིག་ཆས་དང་ཉམས་མྱོང་། འཁོར་རྒྱུག་བྱེད་སྟངས་བཅས་ཀྱི་རྨང་གཞིའི་སྟེང་ཚོ་བའི་རིག་གནས་སྔོག་འདོན་དང་། མི་རིགས་ཀྱི་རོལ་དབྱངས་འཕེལ་རྒྱས་སུ་བཏང་ནས་ལྕགས་རྟར་ཞོན་ནས་མཚོ་སྐོར་བྱེད་པ་སླར་གསོ་བྱེད་དགོས།

——འཇུ་ལག་རྫོང་གིས་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་གཏོང་བའི་རྨང་གཞིའི་ཐོག་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་རེ་ཞུ་ཧུར་ཐག་བྱེད་དགོས། དུས་དང་བསྟུན་ནས་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་རྒྱལ་ཁབ་ཀྱིAཅན5ཡི་རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་སྤེལ་མགོ་འཛུགས་དགོས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འབྲུ་གུའི་ནང་དང་ལུང་ཤུར་གྱི་འཚམས་འདྲིར་ཡོང་བའི་མགྲོན་པོའི་ལྟེ་གནས་ཀྱི་རྣམ་གྲངས་འཆར་འགོད་བྱེད་པ། བྱ་རྒོད་རིའི་མཛེས་ལྗོངས་ཁུལ་གྱི་བར་སྣང་འགྲུལ་སྐྱེལ་འབྲེང་ལམ་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱེད་པ། ལྟ་སྐོར་དང་སྤྲོ་གསེང་། ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་འཇུ་ལག་རྫོང་གི་མེ་ལྷ་གངས་དཀར་གངས་འཁྱག་གྲོང་རྡལ་ཆུང་ངུ་ཧུར་ཐག་གིས་གཏོད་པ། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ཐོན་ཁུངས་ལེགས་ཆར་བརྟེན་ནས་སྟག་ལུང་སྡེ་བའི་དམངས་སྲོལ་རིག་གནས་གནས་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། རང་བྱུང་ཐོན་ཁུངས་དང་དམངས་སྲོལ་ཐོན་ཁུངས་གཞི་གཅིག་ཅན་གྱི་སྟག་ལུང་གི་མཛེས་ལྗོངས་ཁུལ་གཏོད་དགོས།

——མདོ་ལ་རྫོང་གིས་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་བཏང་ནས། ཨ་མྱེས་སྟོང་སོའིAཅན5ཡི་རིམ་པའི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་གཙོ་བོར་བཟུང་ནས་མཐོ་རུ་གཏོང་དགོས་ལ། ཤར་ལུང་མཛེས་ལྗོངས་ཁུལ་དང་། ལ་བཙས་སྒང་། མདོ་ལའི་ཤྭ་གསོ་ར་བ་བཅས་ཀྱི་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་དང་གངས་འཁྱག་གནས་སྐོར་རྣམ་གྲངས་སྐུལ་འདེད་བརྟན་པོ་གཏོང་དགོས།

——རྐང་ཚ་རྫོང་གིས་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་བཏང་ནས། རྐང་ཚའི་མཚོ་འགྲམ་བོད་གྲོང་གིAཅན4ཡི་རིམ་པའི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་གཙོ་བོར་བཟུང་ནས་མཐོ་རུ་གཏོང་དགོས་ལ། ཁེ་རམ་ཐང་མཛེས་ལྗོངས་ཁུལ་དང་། མཚོ་འཁྱིལ་ཆུ་བོའི་ཉ་གཟིགས་སྟེགས་བུ་དང་མཚོ་བསྟོད་སྟེགས་བུའི་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཕུང་པོ་བཅས་སྐྲུན་རྒྱུར་གཞོགས་འདེགས་བྱས་ནས། མཚོ་སྐོར་བྱང་ངོགས་ཀྱི་གནས་སྐོར་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། མཚོ་བོད་སྐྱེ་ཁམས་བརྗོད་གཞི་གཙོ་བོའི་འགྲེམས་ཁང་གི་འགྲེམས་སྟོན་ཡག་པོ་བྱེད་པ་དང་། ས་ཁོངས་ནང་གི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་ཁྲོམ་ར་ཅན་གྱི་གཉེར་སྐྱོང་སྐུལ་འདེད་གཏོང་དགོས། མཚོ་སྐོར་བྱང་ངོགས་ཀྱི་གནས་སྐོར་གསང་སྤྱོད་དང་། རླངས་འཁོར་འཇོག་ས། ལྕགས་རྟ་ཞོན་སའི་འཁོར་ལམ། མཚོན་རྟགས་བྱང་བུ། གད་སྙིགས་བསྡུ་རུབ་སྒྲིག་བཀོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་ལ་མཐུན་སྦྱོར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྐོར་བྱང་ངོགས་ཀྱི་མཛེས་ལྗོངས་ཁུལ་གྱི་དམིགས་བསལ་གཉེར་སྐྱོང་འཚོལ་ཞིབ་བྱས་ཏེ། མཚོ་སྐོར་བྱང་ངོགས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

2.འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་རིམ་སྤོར་བཟོ་སྐྲུན་བཏོད་དགོས།

འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་གྱི་གོ་སྐབས་དམ་འཛིན་བྱས་ནས“འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས”འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཐོ་རུ་གཏོང་དགོས། རང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་སྐོར་ལམ་ཆེན་པོ་དང་གཞུང་ལམ་རྒྱུད་ཀྱི་གནས་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཕུང་པོ་དང་། རླངས་འཁོར་འདུག་གནས། མཛེས་ལྗོངས་གཟིགས་སྟེགས་བཅས་གསར་སྐྲུན་བྱས་ཏེ། ས་ཁོངས་ཧྲིལ་པོའི་གནས་སྐོར་བགྲོད་ལམ་སྣེ་ཁྲིད་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། གཙོ་གནད་ས་ཁོངས་ཀྱི་གནས་སྐོར་མཛེས་ལྗོངས་ལམ་བུའི་ནང་གཞུང་ལམ་འགྲིམ་འགྲུལ་དྲ་བ་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་གནས་ཀྱི་འབྲེལ་མཐུད་བྱེད་པའི་དལ་བགྲོད་འགྲིམ་འགྲུལ་མ་ལག་སོགས་སྒྲིག་བཀོད་སྐྲུན་ནས། ཤར་བགྲོད་སྟབས་བདེ་ཡིན་པའི་འགྲིམ་འགྲུལ་དྲ་བ་སྐྲུན་དགོས། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ནས་ཁེ་རམ་ཐང་མཛེས་ལྗོངས་ཁུལ་གྱི་བགྲོད་ལམ་དང་། མཚོ་སྔོན་པོའི་མཚོ་བསྟོད་སྟེགས་བུའི་མངའ་ཁོངས། མདོ་ལའི་བཙུན་མོ་གཞོང་གྲོང་རྡལ་ནས་གཡང་ལུང་ཡུལ་ཚོ་བར་གྱི་གཞུང་ལམ་རིམ་པ་མཐོ་རུ་གཏོང་བ་དང་། རྐང་ཚའི་མེ་འཁོར་འབབ་ཚུགས་ནས་མཚོ་འཁྱིལ་ཟམ་ཆེན་བར་གྱི་གནས་སྐོར་གཞུང་ལམ་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱེད་པ། འཇུ་ལག་ནས་མདོ་ལའི་བར་གྱི་གནས་སྐོར་ལྕགས་ལམ་དང་དེ་བཞིན་མཚོ་སྔོན་པོའི་གནས་སྐོར་སྐོར་ལམ་སྦྲེལ་མཐུད་བྱེད་པའི་མྱུར་བགྲོད་གཞུང་ལམ་རྣམ་གྲངས། ཤར་ལུང་མཛེས་ལྗོངས་ཁུལ་དང་ལ་བཙས་སྒང་མཛེས་ལྗོངས། ཨ་མྱེས་སྟོང་སོའིAཅན5ཡི་རིམ་པའི་མཛེས་ལྗོངས་གནས་སྐོར་ལམ་ཐིག་བཅས་ཀྱི་གནས་སྐོར་རྣམ་གྲངས་བསྐྲུན་དགོས་ལ། ཁེ་རམ་ཐང་ནས་འོམ་ཆུ་བར་དང་། རྒྱལ་ལམ315ནས་མཚོ་སྔོན་པོའི་མཚོ་བསྟོད་སྟེགས་བུའི་བར་གྱི་ཁོར་ཡུག་སྲུང་སྐྱོང་གཞུང་ལམ་མ་ལག་མངོན་འགྱུར་བྱེད་པ་དང་། རྡུལ་ཕྲན་མཁར་གྱི་དམར་པོའི་རིག་གནས་ཡུལ་ལྗོངས་ཀྱི་ལམ་དང་། ཝང་ལོ་པིན་རོལ་དབྱངས་རིག་གནས་ཡུལ་ལྗོངས་ཀྱི་ལམ། མཚོ་སྐོར་ཤར་ལམ་གྱི་ལྕགས་རྟར་ཞོན་པའི་ལམ། མུ་རིའི་གཞུང་ལམ་གྱི་སྐྱེ་ཁམས་ལྟ་སྐོར་སྤྲོ་གསེང་མཛེས་ལྗོངས་ལམ་གསར་སྐྲུན་གང་ཐུབ་བྱེད་པ་དང་། རྒྱུན་ཆད་མེད་པར་འགྲིམ་འགྲུལ་གནས་སྐོར་གྱི་ལམ་གསར་བ་སྐྲུན་དགོས་ལ། རྒྱུན་ཆད་མེད་པར་ཤར་གཏོང་ཐུབ་པ་དང་ཕན་ཚུན་སྦྲེལ་མཐུད་ཀྱི་ནུས་པ་ཆེ་རུ་བཏང་ནས་གྲོང་ཁུལ་དང་མཛེས་ལྗོངས་ཁུལ་བར། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་བར་གྱི་གནས་སྐོར་འགྲིམ་འགྲུལ་སྦྲེལ་མཐུད་ཡག་པོ་བྱེད་དགོས། མདོ་ལ་རིང་མོའི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ལམ་བུ(འཇུ་ལག་གི་མཚམས་དང་མདོ་ལའི་མཚམས)སོགས་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་ལམ་གསར་སྐྲུན་གང་ཐུབ་བྱེད་དགོས།

3.གནས་སྐོར་སྤུས་ལེགས་ཀྱི་ལམ་ཐིག་བཏོད་ནས་བཟོ་སྐྲུན་ཇེ་མཐོར་གཏོང་དགོས།

རྒྱལ་ཁབ་ཀྱིས་རྨ་ཆུ་བཞུར་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་གྱི་སྐོར་ལམ་ཆེན་པོའི་ནང་ཧུར་ཐག་གིས་ཞུགས་པ་དང་། “རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས”སོགས་སྐྱེ་ཁམས་ཐོན་ཁུངས་གཞི་རྟེན་དུ་བྱེད་པ་དང་། ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས། གནས་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་། བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པའི་གནས་སྐོར་ལམ་ཐིག་ཐོན་རྫས་མ་ལག་ཆགས་པར་བྱེད་དགོས། མཛེས་ལྗོངས་ཁུལ་གྱིས་གནས་སྐོར་གྱི་སྤུས་ལེགས་ལམ་ཐིག་གསར་སྤེལ་བྱེད་པར་སྐུལ་ཁྲིད་བྱས་ཏེ་འཇུ་ལག་ལྕགས་ལམ་དང་དེ་བཞིན་མཐའ་འཁོར་གྱི་མཛེས་ལྗོངས། དམངས་སྲོལ་རིག་གནས་བཅས་གཞི་རྟེན་དུ་བྱས་ནས་འཇུ་ལག་ཆུ་བོའི་སྐྱེ་ཁམས་ཉམས་ལེན་བར་ཁྱམས་གཏོད་དགོས། གངས་འཁྱག་ཐོན་ཁུངས་ལ་བརྟེན་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གངས་འཁྱག་གནས་སྐོར་གཏོད་རྒྱུ་དང་། རྩྭ་ཐང་གི་སྐྱེ་ཁམས་ལྟ་སྐོར་དང་དམངས་སྲོལ་རིག་གནས་ཉམས་ལེན་གཞི་རྟེན་དུ་བྱས་ནས་མདོ་ལ་རིང་མོའི་གསང་བ་འཚོལ་ཞིབ་ཀྱི་གནས་སྐོར་གཏོད་དགོས། དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་རྩེ་གྲ་མཐོ་རུ་གཏོང་བའི་རྨང་གཞིའི་སྟེང་། “དག་སྣང་མཚོ་བྱང་གི་བརྩེ་སེམས་ཆེན་པོའི་གནས་སྐོར”དང་། “ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གསང་བ་འཚོལ་ཞིབ་བྱེད་པའི་གནས་སྐོར”། “མདོ་ལ་རིང་མོའི་མཛེས་ལྗོངས་ཁུལ་གྱི་ལུས་གསོའི་གནས་སྐོར”། “མཚོ་སྐོར་སྤྲོ་གསེང་གནས་སྐོར”། “ཀན་སུའུ་དང་མཚོ་སྔོན་སྐོར་ལམ་ཆེན་པོའི་མཚོ་བྱང་སྐྱེ་ཁམས་ཀྱི་གནས་སྐོར”བཅས་ཀྱི་གནས་སྐོར་ལམ་ཐིག་རྩེ་གྲ5མུ་མཐུད་དུ་སྐྲུན་པ་དང་། ཞིང་ཆེན་མཐའ་འཁོར་གྱི་མགྲོན་པོའི་ཡོང་ཁུངས་ཀྱི་ཚོང་ར་སྲ་བརྟན་དུ་གཏོང་བ་དང་། ཧྲན་ཞི་དང་ཀན་སུའུ། ཉིན་ཞ། སི་ཁྲོན་སོགས་དང་བསྡུར་ན་དེ་བས་ཁྱད་པར་ཅན་གྱི་གནས་སྐོར་ཐོན་རྫས་སྐྲུན་ནས། འདུ་འཛི་ཆེ་བའི་གནས་སྐོར་ལམ་ཐིག་ཁྲོད་དུ་ཞུགས་དགོས། ལམ་ཐིག་ཁག་གི་ཁྱད་ཆོས་ལྡན་པའི་བརྗོད་བྱ་གཙོ་བོར་དམིགས་ནས་གནས་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། མཛེས་ལྗོངས་ལམ་བུའི་གནས་སྐོར་རྨང་གཞི་དང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། གནས་སྐོར་མཛེས་ལྗོངས་ཁུལ་འབྲེལ་མཐུད་བཅས་བྱས་ཏེ་ལམ་ཐིག་རིགས་སྣ་མང་བ་དང་། བརྗོད་བྱ་གཙོ་བོ་སྣ་མང་། ཁྱད་ཆོས་སྣ་མང་བཅས་ཀྱི་གནས་སྐོར་ལམ་ཐིག་ཐོན་རྫས་མ་ལག་གྲུབ་ཏུ་འཇུག་དགོས། མཚོ་སྐོར་ས་ཁུལ་དང་གྲོས་མོལ་འབྲེལ་གཏུག་བྱེད་པར་སྔར་བས་ཤུགས་བསྣན་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་མཉམ་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་འཐབ་ཇུས་སྐུལ་འདེད་གཏོང་དགོས་ལ། མཚོ་སྔོན་པོའི་གནས་སྐོར་ལམ་ཐིག་རྩེ་གྲ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ལྡན་གནས་སྐོར་ལམ་ཐིག་ཐུན་མོང་ཐོག་ཇུས་འགོད་དང་ཁྱབ་གདལ་དུ་བཏང་ནས། འགྲུལ་བའི་ཡོང་ཁུངས་ལ་རྒྱབ་སྐྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། འོས་མཐུན་གྱིས་འགྲུལ་བཞུད་འགྲིམ་འགྲུལ་བསྐྱོད་པའི་ལམ་ཐིག་འཆར་འགོད་བྱས་ནས་འགྲུལ་བའི་ཡོང་ཁུངས་ཕན་ཚུན་དུ་བསྐྱོད་ཐུབ་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་སྐྲུན་ཐུབ་པ་བྱ་དགོས།

4. ཡུལ་སྡེའི་གནས་སྐོར་རིམ་སྤོར་བཟོ་སྐྲུན་ཇེ་མཐོར་གཏོང་དགོས།

རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གསར་གཏོད་དང་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་སྒྲིག་ཧུར་ཐག་བྱེད་པ་དང་། འཆར་འགོད་སྣེ་ཁྲིད་དང་མ་དངུལ་འཇོག་པ། རྣམ་གྲངས་ཀྱིས་སྐུལ་ཁྲིད། སྲིད་ཇུས་ཀྱི་རྒྱབ་སྐྱོར་བཅས་གཞིར་བཟུང་ནས་མཛེས་ལྗོངས་ཁུལ་གྱིས་སྡེ་བར་སྣེ་ཁྲིད་དང་འཇོན་ཐང་ཅན་གྱིས་ཁྱིམ་ཚང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་གྲོང་གསེབ་དར་སྤེལ་གྱི་བཟོ་སྐྲུན་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཡུལ་སྡེའི་གནས་སྐོར་གཙོ་གནད་སྡེ་བ་དང་སྐར་རིམ་ཅན་གྱི་ཡུལ་སྡེ་གནས་སྐོར་སྣེ་ལེན་ས་ཚིགས་རེ་ཞུ་བྱེད་པ་མགྱོགས་སུ་བཏང་ནས། ལོ་ལྟར་རྒྱལ་ཁབ་རིམ་པའི་ཡུལ་སྡེ་གནས་སྐོར་གཙོ་གནད་སྡེ་བ2དང་། ཞིང་ཆེན་རིམ་པའི་ཡུལ་སྡེ་གནས་སྐོར་གཙོ་གནད་སྡེ་བ2དང་། སྐར་རིམ་ཅན་གྱི་ཡུལ་སྡེ་གནས་སྐོར་སྣེ་ལེན་ས་ཚིགས5བཅས་ལེགས་འདེམས་ཀྱིས་འོས་སྦྱོར་དང་རེ་ཞུ་བྱེད་དགོས། གཉིས་ནས་རྒྱལ་ཁབ་རིམ་པའི་ཡུལ་སྡེའི་གནས་སྐོར་གྱི་གཙོ་གནད་སྡེ་བའི་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ། རྟེའུ་ཀྱུ་སྡེ་བ་དང་ཁྲ་གཟེབ་ལུང་སྡེ་བ་སོགས་རྒྱལ་ཁབ་རིམ་པའི་ཡུལ་སྡེ་གནས་སྐོར་གཙོ་གནད་སྡེ་བ4ཡི་གསར་སྤེལ་འཛུགས་སྐྲུན་བྱེད་ཤུགས་གཙོ་གནད་ཐོག་ཆེ་རུ་གཏོང་དགོས་ལ། “ཞིང་ཁྱིམ་གྱི་ཟ་མ་ཟ་བ་དང་། ཞིང་ཁྱིམ་དུ་འདུག་པ། ཞིང་བའི་མཛེས་ལྗོངས་ལ་ལྟ་བ། ཞིང་ཁྱིམ་གྱི་ལས་ཀ་བྱེད་པ”བཅས་ཀྱི་ཡུལ་སྡེ་གནས་སྐོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། དམར་ཝོར་སྡེ་བ་དང་སྡེ་ཆེན་སྡེ་བ་སོགས་ཞིང་ཆེན་རིམ་པའི་ཡུལ་སྡེ་གནས་སྐོར་གྱི་གཙོ་གནད་སྡེ་བ24ཡི་མང་ཚོགས་ཧུར་ཐག་གིས་ཡུལ་སྡེ་གནས་སྐོར་འཕེལ་རྒྱས་འཚོལ་ཞིབ་ཀྱི་མ་དཔེ་ནང་ཞུགས་པར་སྐུལ་སློང་བྱེད་དགོས་ལ། “སྡེ་བ་གཅིག་ལ་སྤུས་རྟགས་གཅིག”ཡོད་པའི་ཡུལ་སྡེ་གནས་སྐོར་སྤུས་རྟགས་ཅན་གསོ་སྐྱོང་བྱེད་པ་ཇེ་མགྱོགས་སུ་བཏང་ནས། དམངས་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བགྲོད་ལམ་རྒྱ་བསྐྱེད་དགོས།

དཀོན་ལོ་ཚང་གོང་མ་སྡེ་བ་སྣེ་ཁྲིད་དུ་བྱེད་པའི་ཡུལ་སྡེ་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་མགྱོགས་སུ་བཏང་ནས། དམར་པོའི་གནས་སྐོར་དང་། ཞིབ་འཇུག་གནས་སྐོར། སྐྱེ་ཁམས་གནས་སྐོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གཙོ་འཛིན་གྱི་བསམ་བློའི་ལག་ལེན་བྱ་ཡུལ་དུ་འགྱུར་བ་བྱས་ནས་ཡུལ་སྡེ་གནས་སྐོར་གཞི་ཁྱོན་ཅན་དང་མང་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་ཏུ་མཚོ་བྱང་གི་ས་ཁོངས་ཧྲིལ་པོའི་གནས་སྐོར་སྐོར་ལམ་ཆེན་པོར་དམིགས་ནས། འགྲིམ་འགྲུལ་གྱི་མ་ལམ་གཙོ་བོའི་ལམ་རྒྱུད་དུ་ཡུལ་སྡེ་གནས་སྐོར་དཔེ་སྟོན་ས་ཚིགས་དང་སྐར་རིམ་ཅན་གྱི་ཡུལ་སྡེ་གནས་སྐོར་སྣེ་ལེན་ས་ཚིགས་ཁག་གཅིག་བཏོད་དེ། ལམ་རྒྱུད་ཀྱི་གནས་སྐོར་ལམ་ཐིག་གི་ནང་དོན་དང་དོ་སྣང་བྱ་ཡུལ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

(གཉིས།)འགུལ་སྐྱོད་ཆེན་པོ་གསུམ་གཙོ་གནད་དུ་བཟུང་ནས་སྤེལ་དགོས།

1.གནས་སྐོར་ཁྲོམ་ར་བཅོས་སྒྲིག་གི་འགུལ་སྐྱོད་སྤེལ་དགོས།

ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ཀྱིས་གཏན་ཁེལ་བྱས་བའི་འགན་འཁྲི་གཞིར་བཟུང་ནས་གནས་སྐོར་ཁྲོམ་རའི་ཁྲིམས་འཛིན་ཞིབ་བཤེར་བྱེད་པ་དང་། “དག་སྣང་མཚོ་བྱང”གི་གནས་སྐོར་སྣང་བརྙན་སྲུང་སྐྱོབ་བྱེད་དགོས། གཅིག་ནས་གནས་སྐོར་ལས་དོན་ཁང་དངAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་དོ་དམ་པ་དང་ལས་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ལས་རིགས་དང་སྡེ་ཁག་སོ་སོས་གནས་སྐོར་ཁྲོམ་རའི་ཁྱད་ཆོས་དང་ལྷག་པའི་གནད་དོན་ལ་དམིགས་ནས་དྲིལ་སྒྲོག་གསོ་སྦྱོང་ལས་དོན་སྤེལ་ཏེ་ཁྲིམས་འཛིན་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་མཚུངས་སུ་ཚུལ་མཐུན་དང་འཆམ་མཐུན། ཚད་ལྡན་བཅས་ཀྱི་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ཏེ་ཞབས་ཞུའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱ་བའི་སྤྱོད་ཚུལ་བསྒྱུར་བ། རང་འགུལ་སྒོས་ཞབས་ཞུ་མཁོ་འདོན་བྱེད་པ། གཉེར་སྐྱོང་ལས་ཁུངས་སུ་གནས་བའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བཅས་བྱས་ནས། དོན་དངོས་ནས་རིག་གནས་གནས་སྐོར་ཁྲོམ་ར་ཚད་ལྡན་དང་སྐྱོན་བྲལ། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཉིས་ནས་གནས་སྐོར་ཁྲོམ་རའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་དང་ཁུལ་གྱི་རིག་གནས་གནས་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་སྟེ། ལས་རིགས་སྡེ་ཁག་སོ་སོས་ལག་ཁྱེར་མེད་པར་གཉེར་སྐྱོང་དང་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་པའི་བྱ་སྤྱོད་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ནན་མོ་བྱེད་པ་དང་། ལྷག་པར་དུ་ཆོག་འཐུས་མ་ཐོབ་པར་གནས་སྐོར་ལས་དོན་ཁང་གི་ལས་སྒོ་སྤེལ་བ་དང་། “གནས་སྐོར་སྣེ་ཤན་པ་རྫུན་མ”དང“ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་གནས་སྐོར”སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ་གནས་སྐོར་འགྲེལ་བཤད་ཚད་ལྡན་དུ་བཏང་ནས། དོན་དངོས་སུ“དག་སྣང་མཚོ་བྱང”གི་གནས་སྐོར་སྣང་བརྙན་ལ་སྲུང་སྐྱོབ་བྱེད་དགོས། སྤྱི་བདེ་དང་མེ་གསོད། འགྲིམ་འགྲུལ། ཁྲོམ་ར་ལྟ་སྐུལ། འཚུབ་བསྟུན། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་མཉམ་དུ་ཁྲིམས་འཛིན་འགུལ་སྐྱོད་སྤེལ་ནས་རིག་གནས་གནས་སྐོར་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དང་། གནས་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་། འབྲེལ་ཡོད་དོ་དམ་བྱ་ཐབས་བཟོ་བ་དང་འཐུས་ཚང་བཅས་སུ་གཏོང་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་གནས་སྐོར་ཐོན་ཁུངས་ལ་ཤུགས་སྣོན་དང་། གནས་སྐོར་སྒྲིག་གཞི་འཛུགས་སྐྲུན། གནས་སྐོར་ཁྲོམ་ར་གཉེར་སྐྱོང་བཅས་བྱེད་པའི་ཕྱོགས་ཀུན་གྱི་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། མགོ་སྐོར་བསླུ་བྲིད་དང་། བཙན་ཉོ་བཙན་འཚོང་། ཟོག་གོང་ཧམ་སྤར། རྫུན་རྫུས་ཞན་གསུམ་གྱི་ཚོང་ཟོག་ཕྱིར་འཚོང་སོགས་ཀྱི་གནས་སྐོར་སྣང་བརྙན་དང་ཁེ་གྲགས་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་བྱ་སྤྱོད་བཅས་ལ་རྡུང་རྡེག་དྲག་པོ་བཏང་ནས། མཐུན་སྦྱོར་ཡག་པོ་དང་ལྟ་སྐུལ་དོ་དམ་ནུས་ལྡན་ཡིན་པའི་ཕྱོགས་བསྡུས་ཁྲིམས་འཛིན་ལམ་སྲོལ་གྲུབ་ཏུ་འཇུག་པ་དང་། ཁྲིམས་འཛིན་ཕན་ནུས་ཇེ་མཐོར་གཏོང་དགོས། གསུམ་ནས་ཧྲན་ཏུང་རོགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་ཞུ་བའི་བྱེད་ཐབས་སྤྱད་དེ། བྱང་ཚད་མཐོ་བའི་གནས་སྐོར་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་ཧུར་ཐག་བྱས་ནས། རང་ཁུལ་གྱི་གནས་སྐོར་ལས་དོན་མི་སྣའི་ཆེད་དུ་གཞན་བརྟེན་རྣམ་པ་དང་རང་བརྟེན་རྣམ་པའི་གསོ་སྦྱོང་སློབ་གསོ་བཏང་ཏེ། གནས་སྐོར་གཉེར་སྐྱོང་ལས་ཁུངས་དང་གནས་སྐོར་ལས་ཞུགས་མི་སྣའི་བྱང་ཚད་མཐོ་རུ་གཏོང་དགོས།

2.གནས་སྐོར་ཁྲོམ་ར་སྐྱེད་སྲིང་གི་འགུལ་སྐྱོད་མགྱོགས་སུ་གཏོང་དགོས།

ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་གནས་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་ཚད་མཐོར་གཏོང་། མཚོ་བྱང་གི་སྐྱེ་ཁམས་གནས་སྐོར་སྤུས་རྟགས་མངོན་གསལ་དོད་པོ་ཡོང་བ་བཅས་སྐུལ་འདེད་གཏོང་བ་དང་། ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་ནང་འདྲེན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ་དྲིལ་སྒྲོག་གཉེར་ཚོང་དང་ཐོན་ལས་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། གཅིག་ནས་ཚོང་རའི་བྱེད་པོ་གསོ་སྐྱོང་ཧུར་ཐག་བྱ་དགོས། མཚོ་བྱང་གི་གནས་སྐོར་མ་འཇོག་ལམ་ལུགས་སྒྱུར་བཅོས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས། “སྣེ་འདྲེན་གཅིག་དང་སྟེགས་བུ་བཞི”ཡི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་སྤེལ་རེས་བྱེད་སྒོ་བརྒྱུད་དེ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མདོ་ལ་རྫོང་གིས་ཀྲོའོ་ཨེར་ཚོགས་པ་དང་ཅིང་ཧྥེང་ཚོགས་པ་སོགས་སྟོབས་ཤུགས་ལྡན་པའི་མ་འཇོག་ཁེ་ལས་ནང་འདྲེན་ཧུར་ཐག་བྱས་ཏེ་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་། གངས་འཁྱག་གནས་སྐོར་རྣམ་གྲངས་གསར་སྤེལ་སོགས་སྐུལ་འདེད་བཏང་ནས། གནས་སྐོར་ཐོན་ཁུངས་གསར་སྤེལ་དང་། མཛེས་ལྗོངས་ཀྱི་གནས་དང་ཁུལ་འཛུགས་སྐྲུན་། རྨང་གཞི་སྒྲིག་ཆས་སྤུས་མཐོ་རིམ་སྤོར་སོགས་ཀྱི་ཕན་ནུས་ཐོན་པར་སྟོབས་ཤུགས་འབུལ་དགོས། གཉིས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱ་དགོས། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་དང་ཀྲུང་གོ་ཧ་ཡང་གི་མཚོ་སྐྱོར་ལམ་སྲོལ་སྤྱད་དེ་ཕྱོགས་གཉིས་ཀའི་ཁྲོམ་རའི་མཉམ་འགུལ་མཉམ་ལས་བྱེད་སྟངས་གཙོ་བོར་བྱས་ནས། གནས་སྐོར་རྣམ་གྲངས་ཇུས་འགོད་དང་། མ་དངུལ་རོགས་སྐྱོར། གཉེར་སྐྱོང་དོ་དམ། རིག་སྟོབས་རྒྱབ་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་། འགྲུལ་ཁུངས་རྒྱ་བསྐྱེད། དྲིལ་སྒྲོག་འོས་སྦྱོར་བཅས་ཀྱི་ཐད་གཉིས་ཁེ་གཉིས་ཕན་གྱི་རོགས་སྐྲུན་བྱེད་སྟངས་གསར་པ་བཙུགས་ཏེ། གནས་སྐོར་ལས་རིགས་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། གསུམ་ནས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་འཛུགས་པ་དང་། དངུལ་རྩའི་ལས་ཁུངས་ཀྱིས་གནས་སྐོར་ཁེ་ལས་དང་གནས་སྐོར་རྣམ་གྲངས་ལ་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ། སྒེར་གཉེར་ཁེ་ལས་དང་དམངས་ཁྲོད་མ་རྩ་ཡིས་སྲིད་གཞུང་མཉམ་ལས་བྱེད་པར་བསྔགས་སྐུལ་བྱེད་པ། དམངས་ཁྲོད་མ་རྩ་སྤྱི་བའི་རྨང་གཞིའི་སྒྲིག་བཀོད་དང་གནས་སྐོར་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ནང་ཞུགས་པར་འགུག་ཇི་ཐུབ་བཅས་བྱེད་དགོས། བཞི་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་མགྱོགས་སུ་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ། ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་མང་ཚོགས་གནས་སྐོར་དང་ཞིང་ཆེན་ཕྱིའི་མཐོ་རིམ་གནས་སྐོར་མུ་མཐུད་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས་ཁེ་ལས་ཀྱི་ཐོན་དབང་དང་རང་བརྟེན་གཉེར་སྐྱོང་དབང་ཆར་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོང་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སྟོབས་ཤུགས་ལྡན་པའི་ཁེ་ལས་བསྡུ་འགུགས་ནུས་ལྡན་བྱས་ཏེ་གསར་གཏོད་ཞིབ་འཇུག་གསར་སྤེལ་དང་། སྤུས་རྟགས་སྐྱེད་སྲིང་། ཁྲོམ་ར་ཁྱབ་གདལ་སོགས་ཐད་ཀྱི་དེའི་སྣེ་འདྲེན་ནུས་པ་འདོན་སྤེལ་བྱས་ནས་ཁུལ་གྱི་སྐྱེ་ཁམས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས།

3.དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་བའི་ལས་འགུལ་སྤེལ་དགོས།

གཅིག་ནི་སྤུས་རྟགས་ཀྱི་ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། “དག་སྣང་མཚོ་བྱང”གི་གནས་སྐོར་སྤུས་རྟགས་མ་ལག་འཐུས་ཚང་དུ་གཏོང་དགོས། “དག་སྣང་མཚོ་བྱང”གཙོ་བོར་བྱས་ནས“གསེར་ལྗོངས་འཇུ་ལག”དང“ལྷ་ཡུལ་མདོ་ལ” “བོད་མཁར་རྐང་ཚ” “བདེ་བརྟན་མདའ་བཞི”བཅས་ཀྱི་སྤུས་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཁྱད་ལྡན་དུས་ཆེན་གྱི་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་དང་། འཇུ་ལག་ལོག་དཀར་མེ་ཏོག་མུ་འབྲེལ་རིག་གནས་བྱེད་སྒོ། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྩྭ་ཐང་སྟེ་མདོ་ལ་རིང་མོའི་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་རིག་གནས་གནས་སྐོར་བྱེད་སྒོ་རབ་དང་རིམ་པ། མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་དང་ཉ་གཟིགས་ཚེ་ཐར་དུས་ཆེན། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར། དགུན་དཔྱིད་དུས་ཚིགས་ཀྱི་གནས་སྐོར་ཏེ་སྤྲོ་སྣང་ལྡན་པའི་མཚོ་བྱང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།  “དག་སྣང་མཚོ་བྱང”གི་སྤུས་རྟགས་ཀྱི་འདྲེན་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས།  གཉིས་ནས་མངའ་ཁོངས་མཉམ་ལས་ལ་ཤུགས་བསྣན་ནས། འགྲུལ་ཁུངས་ཁྲོམ་ར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།  “མཚོ་སྐྱོར་རིག་གནས་གནས་སྐོར་མནའ་འབྲེལ”ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “འགྲུལ་ཁུངས་མཉམ་འགུལ་དང་ཐོན་ཁུངས་མཉམ་སྤྱོད། ཁྲོམ་ར་མཉམ་གཏོད། སྤུས་རྟགས་མཉམ་གཏོད”བཅས་ཀྱི་རྩ་དོན་གཞིར་བཟུང་ནས། མངའ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།  “མཚོ་སྔོན་དང་ཀན་སུའུ་ཡི་གནས་སྐོར་སྐོར་ལམ་ཆེ་མོ”ནང་རང་འགུལ་ངང་ཞུགས་ནས། “མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར”བྱེད་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་བ་བཅས་བྱེད་དགོས། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་མཉམ་ལས་གཉེར་ཚོང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀན་སུའུ་དང་བོད་ལྗོངས། སི་ཁྲོན། ཉིན་ཞ། ཧྲན་ཞི། ཞིན་ཅང་སོགས་ས་ཁུལ་དང་མཉམ་ལས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། “ཀྲུང་གོའི་ནུབ་བྱང་གནས་སྐོར”སོགས་ཞིང་ཆེན་ལས་བརྒལ་བའི་གནས་སྐོར་སྤུས་ལེགས་ལམ་ཐིག་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་དང་ནུབ་བྱང་ས་ཁུལ་དུ“དག་སྣང་མཚོ་བྱང”གི་མིང་གྲགས་དང་སྙན་གྲགས་ཆེ་རུ་གཏོང་དགོས། གསུམ་ནས“གནད་འཁེལ་གཉེར་ཚོང”ལག་བསྟར་བྱས་ནས། སྨྱན་སྦྱོར་ཡོངས་ཀྱི་དྲིལ་སྒྲོག་ཁྱབ་གདལ་མ་ལག་འཛུགས་དགོས།  ཚོང་ར་ཞིབ་དབྱེ་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་དང་མྱུར་བགྲོད་ལྕགས་ལམ་འབྲེལ་ཐག་ཏུ་བྱས་ཏེ།  ཞིང་ཆེན་ནང་ཁུལ་གྱི་ཚོང་ར་གསར་སྤེལ་བྱེད་པ་དང་། པེ་ཅིང་དང་ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུང་ཡོན། བྱང་ཤར་ས་ཁུལ། གྲོང་ཁྱེར་ཆེ་འབྲིང་གཞན་དག་སོགས་རྒྱལ་ནང་གི་ཚོང་ར་རྒྱ་བསྐྱེད་གཏོང་དགོས།  སྲོལ་རྒྱུན་གྱི་གཉེར་འཚོང་ཐབས་ལམ་དང་། གཞི་གྲངས་ཆེན་པོ། སྤོ་འགུལ་དྲ་སྦྲེལ། སྨྱན་སྦྱོར་གསར་བ་སོགས་ལས་སྟེགས་གསར་བ་དང་། ཐབས་ལམ་གསར་བ། ལག་རྩལ་གསར་བ་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། ས་ཁོངས་ཡོངས་ཅན་གྱི་སྨྱན་སྦྱོར་དྲིལ་སྒྲོག་དང་ཁྱབ་གདལ་མཉམ་ལས་ལས་སྟེགས་འཛུགས་དགོས། འཁྱུག་དབྱིངས་དང་འཕྲིན་གསར། ཞེ་ཁྲེང་། ཐུང་ཁྲེང་སོགས་སྨྱན་སྦྱོར་གསར་པ་དང་དེ་བཞིན་དྲ་སྦྲེལ་ཚོགས་པ་གྲགས་ཅན་དང་མཉམ་ལས་བྱས་ཏེ་དྲ་རྒྱའི་གནད་འཁེལ་གཉེར་ཚོང་མ་ལག་སྐྲུན་དགོས། “སྡོམ་འཚོང་གཉེར་སྐྱོང”གི་ཚོང་གཉེར་འཐབ་ཇུས་ལག་བསྟར་བྱས་ནས་ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི“སྡོམ་འཚོང་གཉེར་སྐྱོང”གི་ལམ་སྲོལ་དང་ཁེ་ལས་ཀྱི“མཉམ་འབྲེལ་ཐོག་འོས་སྦྱོར་བྱེད་པའི”ལམ་སྲོལ་བཙུགས་ནས། ཁུལ་ཡོངས་ཀྱི་གནས་སྐོར་དྲིལ་སྒྲོག་གཉེར་ཚོང་གི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

ལྔ།  འགན་སྲུང་བྱ་ཐབས།

(གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། དེ་མཚུངས་ཀྱི་མགོ་ཁྲིད་སྒྲིག་སྲོལ་འཛུགས་པ་དང་སྔར་བས་འཐུས་ཚང་དུ་གཏོང་བ་དང་། དགོས་མཁོ་ལྟར་དུས་ངེས་མེད་དུ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་སམ་ཆེད་དོན་གྲོས་ཚོགས་འཚོགས་ཏེ། ཏང་ཨུའི་གཅིག་གྱུར་གྱིས་མགོ་ཁྲིད་དང་། ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ། སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བྱེ་བྲག་ཏུ་ལག་བསྟར། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མི་དམངས་མང་ཚོགས་ཧུར་ཐག་གིས་ཞུགས་པ་བཅས་ཀྱི་བྱ་བའི་སྒྲིག་སྲོལ་དང་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས།

(གཉིས།)འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། དུས་ཚོད་དང་མཚམས་ཚིགས་ཁ་གསལ་བཟོ་བ། ལས་འགན་དབྱེ་ཕྲལ་ཞིབ་ཕྲ་བཟོ་བ། བྱ་བའི་རྩིས་ཁྲ་བཟོ་བ། མཐུན་སྦྱོར་གཞོགས་འདེགས་དང་། གོང་འོག་མཉམ་འགུལ། ཤུགས་སྒྲིལ་མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བའི་ལས་ཆོད་དང་འཕེལ་རིམ་མཐོ་རུ་གཏོང་དགོས། དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་དོ་ཁུར་དང་མོས་སེམས་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།

(གསུམ།)ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས།  ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འཕེལ་རིམ་མི་མགྱོགས་པ་དང་བྱེད་ཐབས་ནུས་ལྡན་མ་བྱུང་བའི་རིགས་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ལོ་འཁོར་མོའི་བྱ་བ་གཙོ་བོའི་དཔྱད་ཞིབ་ལམ་སྲོལ་ནང་བཅུག་ནས་ཕན་འབྲས་དངོས་ཐོབ་པ་འགན་ལེན་བྱེད་དགོས།

(བཞི།)ཁྲིམས་ལུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།  རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་གཏན་འབེབས་བྱས་པའི་གནས་སྐོར་ཁྲིམས་སྲོལ་སྲོལ་ཡིག་གི་རྨང་གཞིའི་ཐོག  མཚོ་བྱང་ཁུལ་གྱི་སྐྱེ་ཁམས་གནས་སྐོར་དོ་དམ་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་གནས་སྐོར་གྱི་སྲིད་འཛིན་ཁྲིམས་འཛིན་གོ་རིམ་ཚད་ལྡན་དུ་གཏོང་བ། ཁྲོམ་རའི་བྱེད་པོའི་བྱེད་སྒོར་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལས་རིགས་ཀྱི་སྒྲིག་ལམ་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་དགོས། སྐྱེ་ཁམས་གནས་སྐོར་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་སྒྲུབ་པ་དང་གནས་སྐོར་བའི་ཁྲིམས་སྲུང་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཀྱི་སྤྱོད་བཟང་འབོད་སྐུལ་བྱེད་དགོས།



本期证报PDF文件