དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་རྣམ་གྲངས་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་བྱས་ནས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་ཐབས》 དཔར་འགྲེམ་བྱས་པའི་སྐོར་

2022-10-10 08:37   |   518

བྱང་སྲིད་གཞུང་ལས་ཁང〔2022〕ཨང40པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།

ཁུལ་གྱི་གྲོང་གསེབ་དར་སྤེལ་ལས་དོན་མགོ་ཁྲིད་གཞུང་ལས་ཁང་གིས་འཆར་འགོད་བྱས་པའི《མཚོ་བྱང་ཁུལ་གྱི་རྣམ་གྲངས་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་བྱས་ནས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་ཐབས》དེ་མགོ་ཁྲིད་ཚན་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ད་ལྟ་ཡིག་ཆ་དང་མཉམ་དུ་དཔར་འགྲེམ་བྱས་པས། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ6ཚེས9ཉིན།

མཚོ་བྱང་ཁུལ་གྱི་རྣམ་གྲངས་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་བྱས་ནས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་ཐབས།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ། གྲོང་གསེབ་དར་སྤེལ་ལས་དོན་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི《དབུལ་ཕོངས་རྫོང་ལ་རོགས་སྐྱོར་བྱས་ཏེ་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་ཚོད་ལྟའི་བྱ་བའི་སྐོར་གྱི་ལག་བསྟར་བསམ་འཆར》མཚོ་སྲིད་གཞུང་ལས་ཁང〔2016〕ཨང123པདང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཁག12ཀྱི《མུ་མཐུད་དུ་དབུལ་ཕོངས་རྫོང་ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་བྱ་བའི་སྐོར་གྱི་བརྡ་སྦྱོར》མཚོ་ནོར་ཞིང་ཡིག〔2021〕ཨང1790པ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཁག6གི《མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱི་གྲོང་གསེབ་དར་སྤེལ་ཀྱི་ཁ་གསབ་མ་དངུལ་འབྲེལ་མཐུད་དང་སྐུལ་འདེད་གཏོང་བའི་དོ་དམ་བྱེད་ཐབས་སྐོར་གྱི་བརྡ་སྦྱོར》མཚོ་ནོར་ཞིང་ཡིག〔2021〕ཨང821པབཅས་དཔར་འགྲེམ་བྱས་ནས། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ཆེད་དུ་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་ཚད་ལྡན་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། རྫོང་སོ་སོའི་མི་དམངས་སྲིད་གཞུང་ནི་གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་གྲངས་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་ལག་བསྟར་བྱེད་པོ་ཡིན་པའི་ངོས་ནས། བསྡུ་སྒྲིལ་ལས་དོན་ཐད་དམངས་གཙོ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། གོ་རིམ་ཚད་ལྡན། བཀོལ་སྤྱོད་ཁ་གསལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་མ་དངུལ་བདེ་འཇགས་དང་ཚད་ལྡན། བེད་སྤྱོད་ནུས་ལྡན་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས།

དོན་ཚན་གསུམ་པ། མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་གནད་ལ་ཁེལ་བ་རྒྱུན་འཁྱོངས་བྱེད་དགོས། རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཆར་འགོད་གཞིར་བཟུང་ནས། སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་བྱེད་པའི་རྣམ་གྲངས་མ་དངུལ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མ་དངུལ་བསྡུ་སྒྲིལ་གནད་ལ་ཁེལ་བའི་ངང་བེད་སྤྱོད་ཐུབ་པ་འགན་ལེན་བྱེད་དགོས།

ལེའུ་གཉིས་པ། སྡེབ་སྒྲིག་ཁྱབ་ཁོངས།

དོན་ཚན་བཞི་བ། གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་རྣམ་གྲངས་མ་དངུལ་ནང་། ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ། སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ། སྲིད་གཞུང་རང་བཞིན་གྱི་དངུལ་རྩའི་ལས་སྟེགས་བརྒྱུད་ནས་ཐོབ་པའི་ཞིང་འབྲེལ་དངུལ་བུན་བཅས་ཚུད་ཡོད། བྱེ་བྲག་ཏུ་གཤམ་གསལ་དག་ཚུད་ཡོད་དེ།

ཀྲུང་དབྱང་གི་མ་དངུལ། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་སྐུལ་སྤེལ་བྱེད་པའི་ཁ་གསབ་མ་དངུལདེ་སྔའི་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལདང་། ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་མ་དངུལརྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་དང་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། སྐྱེ་ལྡན་ལུད་ཀྱིས་ཚབ་བྱེད་པ། ཞིང་འཕྲུལ་རྨོ་འདེབས། རྒྱུད་བཟང་ལེགས་འདེམས། གྲོང་གསེབ་ཐོན་ལས་སོགས་ཀྱིས་རྫོང་དར་སྤེལ་བྱེད་པའི་དཔེ་སྟོན་ལས་འགུལ་དང་། དེང་རབས་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་བཅས་ནང་དུ་ཚུད་མེད། ནགས་ལས་འཕེལ་རྒྱས་བཅོས་བསྒྱུར་གྱི་མ་དངུལནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་འབྲེལ་ཡོད་ཚོད་ལྟའི་གནས་ཀྱི་མ་དངུལ་ནང་དུ་ཚུད་མེད། ཞིང་ས་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ། ཞིང་སྡེའི་ཕྱོགས་བསྡུས་སྒྱུར་བཅོས་སྤོ་སྒྱུར་གཏོང་སྤྲོད། ནགས་ལས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ཁ་གསབ་མ་དངུལརྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱེད་པའི་ཁ་གསབ་ཀྱི་ཆ་ཤས། ཞིང་སྡེ་ཁོར་ཡུག་བཅོས་སྒྲིག་གི་མ་དངུལ། རླངས་འཁོར་ཉོ་སྒྲུབ་ཁྲལ་གྱི་ཡོང་འབབ་དེ་ས་གནས་ཀྱིས་སྤྱིར་བཏང་གི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་ཁ་གསབ་བྱེད་པཞིང་སྡེའི་གཞུང་ལམ་ལ་རྒྱབ་སྐྱོར་བྱེད་པའི་ཆ་ཤསདང་། ཞིང་སྡེའི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལཞིང་སྡེའི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་པའི་ཆ་ཤས། རྒྱུན་གཏན་གྱི་འབྲུ་རིགས་ཐོན་ཆེའི་རྫོང་གི་བྱ་དགའི་མ་དངུལ། ཕགནོར་ལུགཕྱིར་གཏོང་རྫོང་ཆེ་གྲས་ཀྱི་བྱ་དགའི་མ་དངུལཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་ཆ་ཤས། ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་མ་དངུལདེའི་ནང་རོང་འབྲོག་པའི་ཐད་ཀའི་ཁ་གསབ་དང་སྒོ་ཕྱུགས་ཀྱི་ལུད་རྫོབ་ཐོན་ཁུངས་ཅན་བེད་སྤྱོད། རེས་འདེབས་རྨོ་བསྐྱུར་དང་འབྲི་ཆུའི་ཉ་འགོག་སོགས་ནང་དུ་ཚུད་མེད། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་གཏོང་དེ་ཞིང་གསུམ་འཛུགས་སྐྲུན་དུ་བཀོལ་བའི་རིགས་འདུརྒྱལ་ཁབ་ཀྱི་ཆུའི་དྲ་རྒྱའི་རྐང་འཛིན་བཟོ་སྐྲུན་དང་ཆུའི་བདེ་འཇགས་འགན་སྲུང་བཟོ་སྐྲུན། གནམ་གཤིས་རྨང་གཞིའི་སྒྲིག་ཆས། ཞིང་སྡེའི་གློག་དྲ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་སྐྲུན། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ཐད་ཀྱི་འགྲོ་སྒོ་བཅས་ནང་དུ་ཚུད་མེདཔ་ཡིན།

ཞིང་ཆེན་རིམ་པའི་མ་དངུལ། གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལརྣམ་གྲངས་དོ་དམ་གྲོན་དངུལ་དང་མི་སྒེར་གྱི་ཐད་ཀའི་ཁ་གསབ་མ་དངུལ་ཚུད་མེདདང་། ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་མ་དངུལརོང་འབྲོག་པའི་ཐད་ཀའི་ཁ་གསབ་ནང་དུ་ཚུད་མེདནགས་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་མ་དངུལ ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་འབྲེལ་ཡོད་ཚོད་ལྟའི་མ་དངུལ་ནང་དུ་ཚུད་མེད། ས་ཞིང་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ། ཞིང་སྡེའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་མ་དངུལ། ཞིང་སྡེའི་ཁོར་ཡུག་བཅོས་སྒྲིག་གི་མ་དངུལ། ཞིང་སྡེའི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་མ་དངུལ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་མ་དངུལ། ཞིང་སྡེའི་འཚོ་བའི་སྙིགས་ཆུ་བཅོས་སྐྱོང་རྣམ་གྲངས་ཀྱི་མ་དངུལ། རོང་འབྲོག་པ་འདུག་སའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་མ་དངུལ། སྤྱོད་ཁང་བཅོས་སྒྱུར་གྱི་བྱ་དགའི་ཁ་གསབ་མ་དངུལ། ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་མ་དངུལརོང་འབྲོག་པའི་ཐད་ཀར་གྱི་ཁ་གསབ་ནང་དུ་ཚུད་མེད། ས་གནས་ཆུ་མཛོད་ཀྱི་དབང་གིས་གནས་སྤོས་ཡུལ་མིའི་རྗེས་ཕྱོགས་རོགས་སྐྱོར་ཀྱི་ཐེབས་རྩ། ཞིང་ཆེན་རིམ་པའི་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཧུར་ཐག་གིས་བརྩོན་ལེན་བྱས་པའི་མ་དངུལ་བཅས་ཡིན།

ཁུལ་དང་རྫོང་གི་མ་དངུལ། ཁུལ་དང་རྫོང་ནོར་སྲིད་གྱིས་ཆ་སྡེབ་སྦྲེལ་མཐུད་སྐུལ་འདེད་བྱས་པའི་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལརྣམ་གྲངས་དོ་དམ་གྲོན་དངུལ་དང་མི་སྒེར་གྱི་ཐད་ཀའི་ཁ་གསབ་རོགས་དངུལ་ནང་དུ་ཚུད་མེད། ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་མ་དངུལརོང་འབྲོག་པའི་ཐད་ཀའི་ཁ་གསབ་ནང་དུ་ཚུད་མེད། ནགས་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་མ་དངུལནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་འབྲེལ་ཡོད་ཚོད་ལྟའི་མ་དངུལ་ནང་དུ་ཚུད་མེད། ས་ཞིང་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ། ཞིང་སྡེའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་མ་དངུལ། ཞིང་སྡེའི་ཁོར་ཡུག་བཅོས་སྒྲིག་གི་མ་དངུལ། ཞིང་སྡེའི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་མ་དངུལ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་མ་དངུལ། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་རྣམ་གྲངས་ཀྱི་མ་དངུལ། རོང་འབྲོག་པ་འདུག་སའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་མ་དངུལ། སྤྱོད་ཁང་བཅོས་སྒྱུར་གྱི་བྱ་དགའི་ཁ་གསབ་མ་དངུལ། ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་མ་དངུལརོང་འབྲོག་པའི་ཐད་ཀར་གྱི་ཁ་གསབ་ནང་དུ་ཚུད་མེད། ས་གནས་ཆུ་མཛོད་ཀྱི་དབང་གིས་གནས་སྤོས་ཡུལ་མིའི་རྗེས་ཕྱོགས་རོགས་སྐྱོར་ཀྱི་ཐེབས་རྩ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་འབྲེལ་མ་དངུལ་དང་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་བརྒྱུད་ཞིང་ལས་དང་འབྲེལ་བའི་དངུལ་བུན་བཅས་ཡིན།

ལེའུ་གསུམ་པ། མ་དངུལ་གཏོང་སྒོའི་ཁྱབ་ཁོངས།

དོན་ཚན་ལྔ་བ། གྲོང་གསེབ་དར་སྤེལ་གཏོང་བའི་སྡོམ་འགོད་བསྡུ་སྒྲིལ་རྣམ་གྲངས་མ་དངུལ་བེད་སྤྱོད་བྱེད་པ་དེ་ཐོག་མར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གྱི་ནུས་ལྡན་འབྲེལ་མཐུད་ཀྱི་དགོས་མཁོ་འགན་སྲུང་སྲ་བརྟན་ཐད་སྤྱོད་པར་རྒྱབ་སྐྱོར་བྱེད་པ་དང་། དམིགས་འབེན་ལས་འགན་གཞན་དག་ལ་ལྟ་རྟོག་བྱེད་དགོས་ཤིང་། གཙོ་བོ་གཤམ་གྱི་འདི་དག་ནང་དུ་ཚུད་ཡོད་དེ།

གཅིགགཏན་འབེབས་ལྟར་མ་དངུལ་བསྡུ་སྒྲིལ་བྱས་ནས་ཞིང་ལས་ཐོན་སྐྱེད་དང་། ཕྱུགས་ལས་ཐོན་སྐྱེད། ཆུ་བེད་འཕེལ་རྒྱས། ནགས་ལས་སྒྱུར་བཅོས་འཕེལ་རྒྱས། ས་ཞིང་འཛུགས་སྐྲུན། ཞིང་སྡེ་ཕྱོགས་བསྡུས་སྒྱུར་བཅོས། ནགས་ལས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ། གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་སོགས་ཞིང་སྡེའི་ཁོར་ཡུག་བཅོས་སྒྲིག་དང་། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན། ཞིང་སྡེའི་ཉེན་ཡོད་ཁང་པ་སྒྱུར་བཀོད། ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་གནས་སྐོར་སོགས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་བཅས་སུ་སྤྱོད་དགོས་ལ། བསྡུ་སྒྲིལ་བྱས་པའི་མ་དངུལ་ཁྱབ་ཁོངས་སུ་དངོས་སུ་སྤྱོད་ཐུབ་པ་དང་། སྡོམ་འགོད་བཀོལ་སྤྱོད་བྱེད་པ་བཀོད་སྒྲིག་བྱེད་དགོས།

གཉིས།རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དེ་དམིགས་བསལ་གྱི་གནས་སུ་འཇོག་པ་དང་། དབུལ་སྒྲོལ་ས་ཁུལ་གྱི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བདགོས་ངེས་ཀྱི་ཆུ་བེད་དང་འགྲིམ་འགྲུལ། ཞིང་ལས་ཐོན་རྫས་མཛོད་ཉར་དང་སོས་ཉར་སོགས་ཐོན་ལས་ཆ་སྡེབ་རྨང་གཞིའི་སྒྲིག་བཀོད་ཚུད་ཡོད། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་དགོས།

གསུམ།རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གྱི་ནུས་ལྡན་འབྲེལ་མཐུད་བྱེད་པའི་འཆར་འགོད་དམ་ཡང་ན་ལག་བསྟར་ཇུས་གཞི་ལྟར་སྡོམ་འགོད་བསྡུ་སྒྲིལ་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་བྱེད་དགོས།

ལེའུ་བཞི་བ། མ་དངུལ་གཏོང་སྤྲོད་སྐོར།

དོན་ཚན་དྲུག་པ། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》ལག་བསྟར་ནན་མོ་བྱེད་དགོས་པ་དང་། རྫོང་སོ་སོས་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་འབྱོར་རྗེས་ཀྱི་བྱ་བའི་ཉིན་གྲངས30ཡི་ནང་མ་དངུལ་རྣམ་གྲངས་ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ལ་སྤྲོད་དགོས།

དོན་ཚན་བདུན་པ། རྫོང་རིམ་པའི་ལག་བསྟར་ལས་ཁུངས་ཀྱིས་རྣམ་གྲངས་ལག་བསྟར་བྱེད་ཚད་ལྟར་མ་དངུལ་སྤྲོད་དགོས། རྣམ་གྲངས་མགོ་ཚུགས་སྐབས། མགོ་རྩོམ་པའི་མ་དངུལ་ཁག་གཅིག་སྔོན་གཏོང་བྱས་ཆོག་པ་དང་། སྔོན་གཏོང་བསྡུར་ཚད་དེ་གན་རྒྱའི་ཁ་ཆད་དམ་ཡང་ན་རྣམ་གྲངས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་གཏན་ཁེལ་བྱེད་དགོས། རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་རྣམ་གྲངས་ཀྱི་མྱུར་ཚད་ལ་གཞིགས་ནས་མ་དངུལ་སྤྲོད་དགོས། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་དུས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་བྱེད་དགོས་པ་དང་། ཞིབ་བཤེར་རྩིས་ལེན་བྱེད་པ་ཚད་གཞི་རུ་སླེབས་ཡོད་རྗེས་གཏན་འབེབས་ལྟར་མ་དངུལ་སྤྲོད་དགོས།

དོན་ཚན་བརྒྱད་པ། སྡོམ་འགོད་བསྡུ་སྒྲིལ་བེད་སྤྱོད་མ་དངུལ་དེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཐད་གཏོང་མ་དངུལ་དང་འབྲེལ་བ་ཡོད་པ་དང་། ཐད་གཏོང་མ་དངུལ་དོ་དམ་དེ“ཀྲུང་དབྱང་གིས་དུམ་བུ་གཅོད་པ་དང་། ཞིང་ཆེན་རིམ་པའི་ཞིབ་ཚགས་སུ་གཏོང་བ། ཐོ་འགོད་ཡིད་འཐད། མགྱོགས་མྱུར་ཐད་གཏོང”བཅས་ཀྱི་སྤྱིའི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་ལ་ཐད་གཏོང་མ་དངུལ་འབྱོར་རྗེས་མ་དངུལ་བགོ་བཤའ་རྒྱག་པ་མགྱོགས་སུ་གཏོང་བ་དང་། དུས་ཐོག་ཏུ་ཞིབ་ཚགས་ངང་ལས་ཁུངས་སུ་ཉིན30ཡི་ནང་དངོས་སུ་བགོས་ནས་གཤམ་སྤྲོད་བྱེད་དགོས།

དོན་ཚན་དགུ་བ། ཁ་གསབ་རིགས་ཀྱི་རྣམ་གྲངས་དེར་རྫོང་སོ་སོས་སྔོན་ལ་རེ་ཞུ་དང་ཞིབ་མཆན་འགོད་པའི་བྱ་བ་བསྒྲུབ་དགོས་པ་དང་། མ་དངུལ་གཤམ་སྤྲོད་བྱས་རྗེས་དུས་ཐོག་ཏུ་མ་དངུལ་དེ་འོག་རིམ་དུ་སྤྲོད་པ་ལག་བསྟར་བྱེད་དགོས།

ལེའུ་ལྔ་བ། མ་དངུལ་དོ་དམ་དང་ལྟ་སྐུལ་དོ་དམ།

དོན་ཚན་བཅུ་པ། ཐོན་ལས་གོང་སྤེལ་རྣམ་གྲངས་ཀྱི་བརྒྱུད་རིམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁར་དོགས་ཟོན་དང་ཐག་གཅོད་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས།

དོན་ཚན་བཅུ་གཅིག རྫོང་རིམ་པས་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་དང་། མ་དངུལ་བསྡུ་སྒྲིལ་དོ་དམ་ཚད་ལྡན་དུ་བཏང་ནས། མ་དངུལ་བེད་སྤྱོད་གནད་ལ་ཁེལ་བ་འགན་ལེན་ཏན་ཏིག་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། མ་དངུལ་བསྡུ་སྒྲིལ་བྱས་ནས་རྒྱལ་མཛོད་ནས་གཅིག་བསྡུས་ཀྱིས་གཏོང་སྤྲོད་བྱེད་རྒྱུ། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་བྱེད་ཁོངས་སུ་གཏོགས་རིགས་ལ་སྲིད་གཞུང་གི་ཉོ་སྒྲུབ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། ལམ་ལུགས་བཅས་ཀྱི་གཏན་འབེབས་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གཉིས། རྫོང་རིམ་པས་མ་དངུལ་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་ནས་རྣམ་གྲངས་བར་དང་། དོ་དམ་ནས་རྣམ་གྲངས་བར། ཞིབ་རྩིས་ནས་རྣམ་གྲངས་བར། འགན་འཁྲི་ནས་རྣམ་གྲངས་བར་བཅས་མ་དངུལ་བེད་སྤྱོད་ཀྱི་རྗེས་སྙེག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཕན་འབྲས་དོ་དམ་གྱི་བླང་བྱ་ཁག་དོན་འཁྱོལ་བྱས་ཏེ། དོན་དངོས་ནས་མ་དངུལ་བསྡུ་སྒྲིལ་རྣམ་གྲངས་ཀྱི་ཕན་འབྲས་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་བཅུ་གསུམ། མ་དངུལ་བསྡུ་སྒྲིལ་གྱི་རྩིས་ཁུངས་སྤོ་བ་དང་ལྷག་འཕྲོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་སོ་སོས་སྔོན་རྩིས་ལག་བསྟར་མགྱོགས་སུ་བཏང་ནས་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། རྩིས་ཁུངས་སྤོ་བ་དང་ལྷག་འཕྲོ་བསྡུ་སྒྲིལ་བྱེད་པའི་མ་དངུལ་དེ། ནོར་སྲིད་པུ་དང་ཞིང་ཆེན་ནོར་སྲིད་ཐིང་གི་སྡོམ་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་བ་དང་ལྷག་འཕྲོའི་མ་དངུལ་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་བྱེད་དགོས།

དོན་ཚན་བཅུ་བཞི། རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་མ་དངུལ་བསྡུ་སྒྲིལ་གྱི་ལྟ་སྐུལ་དོ་དམ་བྱེད་པར་གཙོ་འགན་འཁུར་དགོས་པ་དང་། རྫོང་དེ་གར་བགོས་བའི་མ་དངུལ་བསྡུ་སྒྲིལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་བཅོ་ལྔ། སྲིད་གཞུང་ཉོ་སྒྲུབ་ཀྱི་འདོད་བློ་དེ་ཉོ་སྒྲུབ་རྣམ་གྲངས་ལྟར་ཡོངས་བསྒྲགས་བྱེད་དགོས་པ་དང་། གྲོས་མཐུན་ཟོང་འདོན་དང་དམིགས་བཙུགས་ཉོ་སྒྲུབ་རྣམ་པའི་ལག་བསྟར་བྱས་པའི་གྲངས་ཉུང་ཉོ་སྒྲུབ་དང་། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་དང་འབྲེལ་བ་ཡོད་པའི་ཉོ་སྒྲུབ་རྣམ་གྲངས་ཕུད། རྣམ་གྲངས་ལྟར་ལག་བསྟར་བྱས་པའི་གཅིག་སྡུད་ཉོ་སྒྲུབ་དཀར་ཆག་ནང་གི་ཚད་བཀག་ཡན་ཆད་དམ་ཡང་ན་གཅིག་སྡུད་ཉོ་སྒྲུབ་དཀར་ཆག་ཕུད་པའི་ཉོ་སྒྲུབ་ཚད་བཀག་ཚད་གཞི་ཡན་གྱི་དངོས་ཟོག བཟོ་སྐྲུན་ཞབས་ཞུའི་ཉོ་སྒྲུབ་བཅས་སྲིད་གཞུང་གི་ཉོ་སྒྲུབ་འདོད་བློ་ཡོངས་བསྒྲགས་བྱེད་དགོས། སྔོན་རྩིས་སྡེ་ཁག་གིས་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་རེ་རེ་བཞིན་ཡོངས་བསྒྲགས་བྱས་ཆོག་ལ། དུས་བཅད་ངེས་ཅན་ནང་གི་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཚང་མ་ཐེངས་གཅིག་ལ་ཡོངས་བསྒྲགས་བྱས་ཀྱང་ཆོག

དོན་ཚན་བཅུ་དྲུག རྫོང་སོ་སོས་ཕྱོགས་ཡོངས་ནས་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་བྱས་ཏེ། མ་དངུལ་བགོ་འགྲེམས་བྱས་འབྲས་ཚང་མ་ཡོངས་བསྒྲགས་བྱེད་པ་དང་། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་རྣམ་གྲངས་བཀོད་སྒྲིག་དང་མ་དངུལ་བེད་སྤྱོད་བྱས་ཚུལ་ཚང་མ་ཡོངས་བསྒྲགས་བྱས་ནས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

དོན་ཚན་བཅུ་བདུན། རྣམ་གྲངས་ལག་བསྟར་བྱེད་པའི་ཡུལ་ཚོགྲོང་རྡལདང་། སྲིད་འཛིན་སྡེ་བ་དང་དེ་བཞིན་རྣམ་གྲངས་གཞན་དག་ལག་བསྟར་བྱེད་མཁན་ལས་ཁུངས་ཀྱིས་རྫོང་རིམ་པས་གཤམ་སྤྲོད་བྱས་པའི་མ་དངུལ་འབྱོར་རྗེས་ཀྱི་ཉིན10ནང་ཚུན་དུ་རྣམ་གྲངས་ཀྱི་མིང་དང་། མ་འཇོག་གཞི་ཁྱོན། མ་དངུལ་ཡོང་ཁུངས། ལག་བསྟར་བྱ་ཡུལ། ལག་བསྟར་ནང་དོན། ལག་བསྟར་དུས་ཚད། ལག་བསྟར་ལས་ཁུངས་དང་དེ་བཞིན་འགན་ཁུར་བ། ཕན་པ་ཐོབ་ཡུལ། ཁ་གསབ་ཚད་གཞི་སོགས་ཡུལ་ཚོའིགྲོང་རྡལསྲིད་དོན་སྤྱི་སྒྲོག་སྒྲོམ་གཞི་དང་། སྡེ་དོན་སྤྱི་སྒྲོག་སྒྲོམ་གཞིའམ་ཡང་ན་རླུང་འཕྲིན་དང་ལག་ཐོགས་ཁ་པར་གྱི་ཆ་འཕྲིན་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་བསྒྲགས་བྱེད་དགོས་ལ། རྣམ་གྲངས་ལས་མཇུག་སྒྲིལ་རྗེས་ཀྱི་ཉིན10ཡི་ནང་རྣམ་གྲངས་ལེགས་འགྲུབ་བྱས་ཚུལ་སྤྱི་སྒྲོག་བྱེད་དགོས།

དོན་ཚན་བཅོ་བརྒྱད། ཁུལ་དང་རྫོང་གི་ལས་རིགས་སྡེ་ཁག་གིས་རྫོང་སོ་སོའི་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་གཞིར་བཟུང་ནས། ལས་རིགས་དེ་གར་བགོས་བའི་མ་དངུལ་བསྡུ་སྒྲིལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་བཅུ་དགུ། ཁུལ་དང་རྫོང་གི་སྒྲིག་བཤེར་ལྟ་ཞིབ་དང་། ཞིབ་དཔྱོད་ལས་ཁུངས། རྩིས་བཤེར་སྡེ་ཁག་སོགས་ཀྱིས་བསྡུ་སྒྲིལ་མ་དངུལ་དང་རྣམ་གྲངས་ཀྱི་ལྟ་སྐུལ། ཞིབ་བཤེར། རྩིས་བཤེར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ཉི་ཤུ། རྫོང་སོ་སོའི་ནོར་སྲིད་སྡེ་ཁག་གིས་ལས་རིགས་སྡེ་ཁག་དང་མཉམ་དུ་བྱེད་ཐབས་འདི་གཞིར་བཟུང་ནས། ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་སྒོས་ཞིབ་ཕྲའི་ལག་བསྟར་ཞིབ་སྲོལ་ལམ་ཡང་ན་དོ་དམ་བྱེད་ཐབས་བཟོ་བ་དང་། ཁུལ་ནོར་སྲིད་ཅུ་དང་ལས་རིགས་གཙོ་གཉེར་སྡེ་ཁག་ལ་སྙན་ཐོ་ཞུ་ཚགས་འགོད་དགོས།

དོན་ཚན་ཉེར་གཅིག བྱེད་ཐབས་འདི་ཁུལ་ནོར་སྲིད་ཅུ་ཡིས་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཁག་དང་མཉམ་དུ་འགྲེལ་བཤད་རྒྱག་རྒྱུའི་འགན་ཁུར་དགོས།

དོན་ཚན་ཉེར་གཉིས། བྱེད་ཐབས་འདི་ཟླ7 ཚེས9ཉིན་ནས་ལག་བསྟར་བྱེད་རྒྱུ་དང་གོ་ཆོད་དུས་ཚོད་ལོ5ཡིན།



本期证报PDF文件



མཉམ་སྤྱོད།