མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི2022ལོའི་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-11-23 17:16:29   |   261

བྱང་སྲིད་གཞུང་ལས་ཁང〔2022〕ཨང54པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོའི་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོ་བཅས་ལ།

《མཚོ་བྱང་ཁུལ་གྱི2022ལོའི་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས19པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ7ཚེས13ཉིན།

མཚོ་བྱང་ཁུལ་གྱིས2022ལོའི་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས།

2022ལོའི་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་ཆེད། ཁྲལ་འཕྲི་དངུལ་གཅོག་ལས་དོན་གོ་རིམ་ལྡན་པའི་ངང་དོན་འཁྱོལ་ཞིབ་ཚགས་བྱེད་པར་སྡོམ་འགོད་ཀྱིས་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་དཀའ་ངལ་སྔར་བས་སེལ་རོགས་བྱེད་དགོས། ཚོང་རའི་བྱེད་པོའི་ཡིད་ཆེས་ཆེ་རུ་གཏོང་བ་དང་ཚོང་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།《མཚོ་སྔོན་ཞིང་ཆེན་གྱི2022ལོའི་སྡེབ་སྒྲིག་རྣམ་པ་གསར་བའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ཀྱི་བྱེད་ཐབས་འགའ》(མཚོ་སྲིད་གཞུང〔2022〕ཨང29པ)ཡི་ཡིག་ཆའི་བླང་བྱ་གཞིར་བཟུང་ནས། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་གཤམ་གསལ་གྱི་བྱེད་ཐབས་དམིགས་བཀར་གྱིས་གཏན་འབེབས་བྱས་ཡོད།

གཅིག  ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཁུལ་སྲིད་གཞུང་གིས་དེ་སྔའི་ཁུལ་གྱི་ཁྲལ་རིན་གཉིས་གཅོག་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཁོངས་མི་ལེགས་སྒྲིག་བྱས་ནས། སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཚན་གཙོའི་འགན་ཁུར་བའི་ཁུལ་གྱི་ཁྲལ་རིན་གཉིས་གཅོག་ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཁུལ་ཡོངས་ཀྱི་ཁྲལ་སློག་དང་གྲོན་དངུལ་གཉིས་གཅོག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་སྡོམ་འགོད་མཐུན་སྦྱོར་བྱེད་དགོས་ལ། རྫོང་སོ་སོའི་སྲིད་གཞུང་གིས་དེ་མཚུངས་ཀྱི་ལས་དོན་ལམ་སྲོལ་འཛུགས་དགོས། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། ཆ་འཕྲིན་མཉམ་སྤྱོད་དང་དུས་བཅད་གྲོས་མོལ་ལམ་སྲོལ་བཙུགས་ནས་གནད་དོན་མགྱོགས་མྱུར་སྒོས་ཐག་གཅོད་བྱས་ཏེ་ཁུལ་ཡོངས་ཀྱི་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན། མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་གནས་ཐང་འཕར་ཁྲལ་གྱི་འཕྲི་གཅོག་ཁྲལ་སློག་མ་དངུལ་འགན་ལེན་བྱེད་པ་དང་། མ་དངུལ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཤར་གཏོང་བྱེད་པ། སྲིད་ཇུས་ལག་བསྟར་གྱི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱེད་པ། ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་སྲིད་ཇུས་དོན་འཁྱོལ་ཡོང་བ་འགན་ལེན་བྱེད་དགོས།

གཉིས། ཁྲལ་སློག་གི་ཁྲལ་འཕྲི་དངུལ་གཅོག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་འཇོག་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་ཏུ་གཏོང་བ། དུས་མཚམས་རང་བཞིན་གྱིས་ལས་ཤོར་དང་ལས་རྨས་འགན་བཅོལ་དངུལ་སོགས་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། ཁྲལ་འཇལ་མཁན་གྱི་ཁྲལ་འཕྲི་དངུལ་གཅོག་གི“འཕྲི་དགོས་རིགས་འཕྲི་བ”དང་། ཁྲལ་གྲངས་བཞག་ཡོད་པ“སློག་དགོས་རིགས་སློག་པ”འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན། མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་ཁྲལ་སློག་སྡོམ་རྩིས་ཞིབ་རྩིས་ཞིབ་བཤེར་ཡག་པོ་བྱས་ནས་ས་ཁུལ་དབྱེ་སྟེ་ཁྲལ་སློག་གི་སྔོན་དཔག་གཞི་ཁྱོན་དང་ཁྲལ་སློག་རྩིས་ཁྲ་བཟོ་དགོས།

གསུམ། སྲིད་ཇུས་ལག་བསྟར་དམ་འཛིན་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གིས་རྒྱལ་ཁབ་ཀྱིས་བཏོན་པའི་ཁྲལ་སློག་གི་ཁྲལ་འཕྲི་དངུལ་གཅོག་གི་རྒྱབ་སྐྱོར་རང་བཞིན་གྱི་སྲིད་ཇུས་གཏན་འབེབས་ལ་དམ་པོར་དམིགས་ནས། དུས་ཐོག་ཏུ་བཀོད་སྒྲིག་དང་སྲིད་ཇུས་དོན་འཁྱོལ་དམ་འཛིན་གང་མགྱོགས་བྱེད་དགོས་ལ། རིམ་པ་སོ་སོའི་ནོར་སྲིད་ཁྲལ་དོན་དང་མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་འགག་རྩའི་ལྷུ་ཚིགས་ཁོང་དུ་ཆུད་པ་བྱས་ཏེ་གཞི་གྲངས་གསལ་རྟོགས་དང་། མཆན་འགོད་ཐེངས་གྲངས་དགར་བ། འོས་ཤིང་འཚམ་པའི་སྒོ་ནས་ཁྲལ་སློག་གི་ཁྲལ་འཕྲི་དངུལ་གཅོག་གི་བྱ་བ་སྐུལ་སྤེལ་གཏོང་དགོས། ཁྲལ་འཇལ་མཁན་དཔྱད་འདེམས་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཁྲལ་འཇལ་ཡིད་རྟོན་གདེང་འཇོག་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཁྲལ་འཇལ་ཡིད་རྟོན་གདེང་འཇོག་བྱས་འབྲས་གནད་ལ་འཁེལ་བ་དང་ཕན་ནུས་ལྡན་པ་འགན་ལེན་བྱེད་དགོས། ཁྲལ་སློག་གི་ཁྲལ་འཕྲི་དངུལ་གཅོག་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས་འབྲེལ་ཡོད་ཆ་འཕྲིན་མ་ལག་གི་འཁོར་རྒྱུག་ལག་རྩལ་འགན་ལེན་ཡག་པོ་བྱས་ཏེ་མ་ལག་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

བཞི། ཁྲལ་སློག་མ་དངུལ་འཇོག་པ་ཕྱིར་སློག་བྱེད་ཚད་མགྱོགས་སུ་གཏོང་དགོས། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན། མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་ཁྲལ་སློག་བྱ་བའི་བྱེད་ཐབས་བཟོས་ནས། བརྒྱུད་རིམ་ལེགས་སུ་གཏོང་བ་དང་། མགྱོགས་མྱུར་བཤེར་མཆན་འགོད་པ། ཉིན་དེར་རྩིས་ཐོ་འབྱོར་བ་སོགས་ཁྲལ་སློག་བྱེད་ཐབས་ཁ་གསལ་བཟོ་དགོས། དུས་ཐོག་ཏུ་ཁྲལ་སློག་བྱེད་པའི་ལམ་སྲོལ་བཙུགས་ནས་ཁྲལ་སློག་གི“ལྗང་མདོག་བགྲོད་ལམ”འཐུས་ཚང་དུ་བཏང་སྟེ། “འཕྲལ་མར་ཞིབ་བཤེར་བྱས་ནས་སྒྲུབ་དགོས་རིགས་ཚང་མ་སྒྲུབ་དགོས”པའི་བླང་བྱ་གཞིར་བཟུང་ནས། ཁྲལ་སློག་མ་དངུལ་འཇོག་པ་བདག་སྤྲོད་བྱེད་པའི་ཉིན་དེའམ་ཡང་ན་ཕྱི་ཉིན་ཁྲལ་འཇལ་མཁན་ལ་འབྱོར་དགོས། ཁྲལ་སློག་མ་དངུལ་གྱི་འཚུབ་བསྟུན་ཐག་གཅོད་སྔོན་ཇུས་བཟོས་ནས་ཁྲལ་སློག་མ་དངུལ་འཇོག་པ་དུས་ཐོག་ཏུ་སྤྲོད་ཐུབ་པ་འགན་ལེན་བྱེད་དགོས། རྫོང་སོ་སོའི་ནོར་སྲིད་སྡེ་ཁག་གིས་ས་གནས་རང་གི་ཁྲལ་སློག་གི་ཆེད་སྤྱོད་མ་དངུལ་བཞག་པའི་མཛོད་ཀྱི་འགན་སྲུང་ཆུ་ཚད་ཚོད་རྩིས་བྱས་ནས། གོང་རིམ་ནོར་སྲིད་སྡེ་ཁག་ལ་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་དངུལ་མཛོད་ལ་ཟླ་བ་ཕྱེད་ཀའི་ཁྲལ་སློག་ལ་མཁོ་བའི་མ་དངུལ་བཅོལ་བ་འགན་ལེན་བྱེད་དགོས་ལ། ཁྲལ་སློག་མ་དངུལ་གྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། རྫོང་སོ་སོའི་ནོར་སྲིད་དང་ཁྲལ་དོན་སྡེ་ཁག་གིས་ཁྲལ་སློག་གི་མ་དངུལ་བཞག་ཡོད་པའི་དགོས་མཁོ་སྣ་ཚོགས་ཚོད་རྩིས་དང་དབྱེ་ཞིབ་བྱས་ནས། རྒྱལ་མཛོད་མ་དངུལ་གྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་། ཁྲལ་སློག་མ་དངུལ་དུས་ཐོག་དང་འདང་ངེས་ཀྱིས་ཕྱིར་སློག་ཐུབ་པ་འགན་ལེན་བྱེད་དགོས། གལ་ཏེ་གནད་དོན་གལ་ཆེན་ལ་འཕྲད་ཚེ་དུས་ཐོག་ཏུ་ས་གནས་དེ་གའི་སྲིད་གཞུང་དང་གོང་རིམ་ནོར་སྲིད་སྡེ་ཁག་ལ་སྙན་སེང་ཞུ་དགོས།

ལྔ། ཆེད་དོན་མ་དངུལ་མགྱོགས་མྱུར་དུ་ཤར་གཏོང་ཐུབ་པ་འགན་ལེན་བྱེད་དགོས། ཁུལ་ནོར་སྲིད་ཅུ་ཡིས་གོང་རིམ་ནོར་སྲིད་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། དུས་ལྟར་རྒྱལ་ཁབ་ཀྱིས་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གི་ཆེད་དོན་མ་དངུལ་གནད་ལ་འཁེལ་བ་དང་འདང་ངེས་ཀྱིས་བགོ་བཤའ་བརྒྱབ་ནས་རྫོང་སོ་སོར་གཤམ་སྤྲོད་བྱེད་དགོས་ལ། ཁ་གསབ་མ་དངུལ་དང་ཁྲལ་སློག་ཏུ་བཞག་པའི་གཞི་ཁྱོན་ཕན་ཚུན་དང་འཚམ་མིན་ལ་བལྟས་ནས། རྫོང་རིམ་པའི་ནོར་ཤུགས་འགན་ལེན་ལ་ཤུགས་སྣོན་དགོས་པ་དང་། རྫོང་སོ་སོའི་ཁྲལ་སློག་མ་དངུལ་གྱི་དགོས་མཁོ་འགན་ལེན་བྱས་ཏེ། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན། མི་དམངས་དངུལ་ཁང་བཅས་ཀྱིས་ཆེད་དོན་མ་དངུལ་གྱི་བཀོལ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས་པ་དང་། ཆེད་སྤྱོད་མ་དངུལ་བགོ་བའི་ཐོ་འགོད་སྙན་སེང་དང་སྔོན་རྩིས་གཤམ་སྤྲོད། མ་དངུལ་གཏོང་སྤྲོད་སོགས་ཀྱི་དོ་དམ་བླང་བྱ་གཟབ་ནན་གྱིས་ལག་བསྟར་བྱས་ནས། ཆེད་སྤྱོད་མ་དངུལ་ཐད་ཀར་དུ་ཐོན་པའི་མ་དངུལ་གྱི་ཁོངས་སུ་འཇུག་དགོས་ཤིང་། ཐད་ཀར་དུ་ཐོན་པའི་མ་དངུལ་གྱི་ལྟ་སྐུལ་ཚོད་འཛིན་བྱེད་པའི་མ་ལག་ལ་བརྟེན་ནས་འགུལ་རྣམ་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་། མ་དངུལ་བགོ་འགྲེམ། བཀོལ་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་དང་ལྟ་སྐུལ་ཚོད་འཛིན་བྱས་ཏེ། དོན་དངོས་ཐོག་ཁེ་ལས་ལ་ཕན་པའི་ཕན་འབྲས་དངོས་འདོན་སྤེལ་བྱ་དགོས། ལས་སྒོའི་མ་ལག་འཁོར་སྐྱོད་དོ་དམ་ཡག་པོ་བྱེད་པ་དང་། འཁོར་སྐྱོད་དཔྱད་གྲངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ། མ་ལག་འཁོར་སྐྱོད་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། ཁྲལ་སློག་ལས་སྒོ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་བཅས་འགན་ལེན་བྱེད་དགོས།

དྲུག ནོར་སྲིད་བརྟན་པོ་དང་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། རྫོང་སོ་སོའི་སྲིད་གཞུང་གིས་སྲིད་གཞུང་རང་བཞིན་གྱི་བུ་ལོན་ཉེན་ཁར་དོགས་ཟོན་དང་སེལ་ཐབས་ཧུར་ཐག་བྱེད་པ་དང་། སྲིད་གཞུང་རང་བཞིན་གྱི་བུ་ལོན་བཅད་གྲངས་དོ་དམ་དོན་འཁྱོལ་ནན་པོ་བྱེད་པ། རང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། བུ་ལོན་གྱི་ཉེན་ཁ། ནོར་ཤུགས་ཀྱི་གནས་ཚུལ། སྲིད་གཞུང་གི་གསོག་འཇོག་བུ་ལོན་གྱི་ཆུ་ཚད་འདྲ་མཉམ་གྱི་རྒྱུ་རྐྱེན་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ནོར་སྲིད་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་བུ་ལོན་ཚད་རན་པོ་ལེན་དགོས་པ་དང་། བུ་ལོན་གྱི་ཉེན་ཁ་ཐོན་ནས“འགན་ལེན་གསུམ”གྱི་འགན་ལེན་ལ་ཤུགས་རྐྱེན་མི་ཐེབས་པ་མཐའ་གཅིག་ཏུ་བྱས་ཏེ། ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་དང་གཞི་རིམ་གྱི“འགན་ལེན་གསུམ”གྱི་དོ་སྙོམས་འབྲེལ་བ་དོན་འཁྱོལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱས་པའི་ཁྲལ་འཕྲི་དངུལ་གཅོག་དང་དམངས་འཚོ་གཙོ་གནད་ཡིན་པའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་དེ་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་ལས་གྲུབ་པའི་ཡོང་འབབ་ཆག་པའི་ཁ་གསབ་དོན་འཁྱོལ་བྱེད་པར་སྤྱོད་དགོས། “འགན་ལེན་གསུམ”གྱི་གཏོང་སྒོ་ཡི་ནོར་སྲིད་གཏོང་སྒོའི་ཁྲོད་ཀྱི་སྔོན་ཐོབ་གོ་རིམ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྤོ་སྒྱུར་གཏོང་སྤྲོད་དང་རང་བདག་ནོར་ཤུགས་གཅིག་གྱུར་འཆར་འགོད་དང་། “འགན་ལེན་གསུམ”གྱི་མ་མཐའི་ཚད་ཐིག་བརྟན་པོར་སྲུང་ནས། ནོར་སྲིད་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན་སྡེ་ཁག་གིས་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གིས་ནོར་སྲིད་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་ཚུལ་ཚོད་རྩིས་ལུགས་མཐུན་བྱས་ཏེ། ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་གང་འགབ་ཅི་སྤྱོད་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་ཞི་ལྷོད་དུ་གཏོང་དགོས།

བདུན། ཁྲལ་གཡོལ་ཁྲལ་བསླུའི་བྱ་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་དགོས། རིམ་པ་སོ་སོའི་ཁྲལ་དོན་སྡེ་ཁག་གིས་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་བཞག་པའི་ཉེན་ཁར་དོགས་ཟོན་ནན་པོ་བྱས་ཏེ། ཁྱིམ་ཚང་གཅིག་གི་རྣམ་པའི་དོ་དམ་ལམ་སྲོལ་དང་གྲངས་གཞི་ཆེན་པོ་སྤྱད་དེ་གནད་ལ་འཁེལ་བའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དག་མ་བསྒྲུབས་གོང་དང་སྒྲུབ་བཞིན་པའི་སྒང་གི་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དོན་དག་བསྒྲུབས་རྗེས་ཀྱི་ཉེན་ཁའི་དོ་དམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། “ཞིབ་བཤེར་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད”གཏོང་དགོས་ཤིང་།  ཁྲལ་བསྡུའི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་ཐབས་བྱས་ནས། ས་ཆ་གཞན་ནས་ཞིབ་བཤེར་གཞོགས་འདེགས་དང་བརྟག་དཔྱད་བྱེད་པའི་ཁེ་ལས་དང་། རྫུན་འབྲི་དང་ལེན་བྱས་པའི་ཉེན་ཁ་ཐོན་མང་བའི་ལས་རིགས། ཉེན་ཁ་ཆེ་བའི་ཁྲིམས་མིའི་གསར་འཛུགས་ཁེ་ལས་གསར་པ། གོང་འོག་གི་རྒྱུན་ལྡན་མིན་པའི་ཁེ་ལས། དུས་ཐུང་ནང་ས་གནས་གཞན་གྱི་བཙོངས་འཛིན་དང་ལེན་བྱས་པ་སོགས་ཀྱི་ཉེན་ཁ་ཆེ་བའི་ཁྲལ་འཇལ་མཁན་བཅས་ལ་ཉེན་ཟོན་བྱས་ནས་ཉེན་ཁའི་དོན་གནད་གྲལ་བཤེར་བྱས་ཏེ་ཉེན་ཁ་ནུས་ལྡན་ངང་སེལ་དགོས། ཧེ་བག་ཅན་གྱི་ཉེན་ཁར་ཁ་གཏད་གཅོག་པའི་བྱེད་ཐབས་སྤྱད་དེ་ཉེན་ཁ་ཆུང་བའི་ཁྲལ་འཇལ་མཁན་ལ་དྲན་སྐུལ་ཟུར་ཁྲིད་བྱེད་པ་དང་། ཉེན་ཁ་འབྲིང་བའི་ཁྲལ་འཇལ་མཁན་ལ་སྐོང་འདྲི་དང་དཔྱད་དཔོག་བྱེད་པ། ཁྲལ་གཡོལ་དང་འཛིན་ཤོག་རྫུན་བཟོ་སོགས་ཁྲལ་བསྡུའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེན་ཁ་ཆེ་བའི་ཁྲལ་འཇལ་མཁན་ཞིབ་བཤེར་སྡེ་ཁག་རྩིས་སྤྲོད་བྱེད་དགོས། ཁྲལ་སློག་ཁ་བསླུས་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་རྫུན་བཟོ་དང་། སྙན་ཞུ་རྫུན་མ། མགོ་སྐོར་གཏོང་བའི་བྱེད་ཐབས་གཞན་དག་བཅས་ཀྱིས་ཁྲལ་སློག་བཞག་པ་མགོ་སྐོར་བཏང་ནས་ཁྱེར་བའི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། ཁྲལ་དོན་ཞིབ་བཤེར་བྱས་ཏེ“མགོ་ཐོན་མ་ཐག་རྡུང་རྡེག་དང་། སྔ་ཙམ་དང་ཆུང་ཙམ་ནས་རྡུང་རྡེག་གཏོང་དགོས”།

བརྒྱད། རྗེས་འདེད་ཕན་འབྲས་འདྲི་བར་ཤུགས་སྣོན་རྒྱག་དགོས། རིམ་པ་སོ་སོའི་ནོར་སྲིད་དང་ཁྲལ་དོན་སྡེ་ཁག་གིས་ཁྲལ་སློག་སྒྲུབ་གཉེར་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཁྲལ་འཇལ་མཁན་གྱི་རེ་ཞུ་མགྱོགས་མྱུར་ངང་དང་ལེན་བྱེད་པའི་བགྲོད་ལམ་ཤར་གཏོང་བྱེད་དགོས་ལ། ཚོང་རའི་བྱེད་པོར་དཀའ་ངལ་ཐག་གཅོད་བྱེད་རོགས་ཧུར་ཐག་བྱེད་པ་དང་། གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་དང་སྒྲིག་སྲོལ་ལྟར་རིགས་དབྱེ་ཐག་གཅོད་བྱེད་དགོས། ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གི་ལས་དོན་གྱི་འཕེལ་རིམ་ལ་དུས་ཐོག་ཏུ་རྗེས་སྙེག་ནས། བརྒྱུད་རིམ་གྲུབ་འབྲས་སྤྱི་སྡོམ་བྱེད་པ་དང་། རིམ་པ་རྗེས་མའི་བྱ་བར་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། བྱེད་ཐབས་གནད་ལ་འཁེལ་བར་བྱས་ཏེ་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས།

དགུ། དྲིལ་སྒྲོག་ཁྲིད་སྟོན་བྱེད་པར་མཐོང་ཆེན་བྱེད་དགོས། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་དྲིལ་སྒྲོག་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གི་འཕྲིན་སྤེལ་ཆེད་སྒྲིག་ལེ་ཚན་བཙུགས་ཏེ། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱིས་བཏོན་པའི་ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་བྱེད་ཐབས་དང་འགྲེལ་བཤད་ཆེད་དོན་བཀོད་པ་དང་། སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ལས་དོན་གྱི་འཕེལ་རིམ་དང་ཕན་འབྲས་ལ་རྗེས་སྙེག་བྱས་ཏེ། ཁྲལ་སློག་དང་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་ཕན་ནུས་དང་དོན་འཁྱོལ་ཕན་ནུས། སྡེ་ཁག་མགོ་ཁྲིད་ཀྱི་ཆེད་དོན་བཅར་འདྲི་བཅས་ཀྱི་ནང་དོན་འཚོལ་སྒྲིག་བྱེད་དགོས། རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། ཁྲལ་དོན། བཟོ་ལས་དང་ཆ་འཕྲིན་ཅན། མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། ནོར་སྲིད་ཀྱི་གཏོང་ཡོང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ། ལས་ཞུགས་བརྟན་པོ། ལས་ཞུགས་འགན་ལེན་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་སོགས་ཀྱི་ནང་དོན་ལ་དམིགས་ནས། གསར་འགྱུར་སྨྱན་སྦྱོར་དང་། གཙོ་ཆེའི་དྲ་ཚིགས། སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་རྣམ་པ་བརྒྱུད་དེ། སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་སྤྱི་ཚོགས་སུ་དྲིལ་སྒྲོག་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཕྱོགས་ཡོངས་ནས་གསོ་སྦྱོང་ཡག་པོ་བྱེད་པ་དང་། གཙོ་གནད་ལས་རིགས་ཀྱི་ཟུར་ཁྲིད་ཞིབ་ཚགས་བྱེད་པ། དྲ་ཐོག་དང་དྲ་ཕྱི་ནས་སྣ་མང་ཟུར་ཁྲིད་རྒྱུན་འཁྱོངས་བྱེད་པ། “དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་འགུལ་སྐྱོད”དང་ཁྲལ་བསྡུའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་བཅས་ལ་བརྟེན་ནས། སྲིད་ཇུས་དྲིལ་སྒྲོག་ཏན་ཏིག་ཡག་པོ་བྱེད་དགོས་ལ། ཁྲལ་འཇལ་མཁན་གྱི་རིགས་དང་རང་གཤིས་ཅན་གྱི་དགོས་མཁོར་གཞིགས་ནས“ས་ཚིགས་དང་ས་ཚིགས”ཀྱི་ཟུར་ཁྲིད་དྲན་སྐུལ་དང་སྲིད་ཇུས་སྐུལ་སྤེལ་གཏོང་དགོས།

བཅུ། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་སོ་སོའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《ནོར་དཔལ་གྱི་སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་ནན་པོ་བྱས་ནས། ཆེད་དོན་མ་དངུལ་དོ་དམ་བྱེད་ཐབས་གཞིར་བཟུང་སྟེ། ཁྲལ་སློག་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བེད་མེད་དུ་བཞག་ནས་ཧམ་བཟུང་དང་གཞན་སྤྱོད་བྱེད་རིགས་སྔོན་འགོག་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་དང་རྩིས་བཤེར། ཁྲལ་དོན། མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་རང་ཉིད་ཀྱི་འགན་འཁྲི་གཞིར་བཟུང་ནས་དུས་བཅད་ནང་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་འགན་ལེན་བྱེད་དགོས། སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་དོན་འཁྱོལ་མི་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་ནོར་སྲིད་ཡོང་འབབ་འཕར་སྣོན་གཏོང་བའི་ས་ཁུལ་དང་སྡེ་ཁག་ལ་འགན་འཁྲི་འདྲི་རྩད་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

ཟུར་བཀོད། མཚོ་བྱང་ཁུལ་གྱི་ཁྲལ་འཕྲི་དངུལ་གཅོག་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་འགན་འཁྲི་གཙོ་བོ།



本期证报PDF文件