མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《ཁེ་ལས་ཆུང་འབྲིང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་བཅུ》 དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-11-23 17:11:39   |   269

བྱང་སྲིད་གཞུང་འཕྲིན〔2022〕ཨང37པ། 

 རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།     

《ཁེ་ལས་ཆུང་འབྲིང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་བཅུ》ཁུལ་སྲིད་གཞུང་རྒྱུན་ལས་ཚོགས་འདུ་ཐེངས13པའི་ཐོག་ཞིབ་འཇུག་བྱས་ནས་འཐད་པ་བྱུང་བ་དང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱེད་པ་ཡིན་པས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རོགས།     

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

2022ལོའི་ཟླ4ཚེས8ཉིན།     

ཁེ་ལས་ཆུང་འབྲིང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་བཅུ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་དང་། མུ་མཐུད་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སྲ་བརྟན་མཐོར་འདེགས་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་རྒྱ་ཆེར་བཏང་སྟེ། ནུས་ཤུགས་ཡོད་རྒུས་བཟོ་ལས་ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ནས། མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་སྒོས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དོན་ཚན་བཅུ་བཟོས་ཡོད།  

བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་རྟོག་འཇལ་དང་ཕྱོགས་བསྡུས་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཁུལ་རིམ་པའི་མགོ་ཁྲིད1+10གཞི་རིམ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རོགས་སྐྱོར་གྱི་ལེགས་ཆ་འདོན་སྤེལ་དང་། ཁེ་ལས་ལ་རྟོག་འཇལ་དང་། ཁེ་ལས་ཀྱི་དགོས་མཁོ་འདྲི་བ། ཁེ་ལས་ལ་ཞབས་འདེགས་ཞུ་བ། ལྷག་པར་དུ་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་འདེགས་སྐྱོར་ནུས་པ་ཆེ་བའི་གཙོ་གནད་ཁེ་ལས་ལ“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རིགས་དབྱེ་མཛུབ་ཁྲིད་དང་གནད་ཁེལ་ཞབས་ཞུ། དོན་དངོས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ཀྱི་དཀའ་གནད་དང་གནད་འགག འགག་གནས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་ཏན་ཏིག་བྱེད་དགོས། ཚད་གཞི་མཐོན་པོའི་སྒོ་ནས་མདོ་ལའི་ཤིན་ཧྲུའུ་པོ་ཡོན་དང་། མདའ་བཞིའི་ཧྭ་ཐེ་སྣུམ་སྙིགས། ཁེ་ཏུ་ལིས་འཛུགས་སྐྲུན་རྒྱུ་ཆས་སོགས་ཁེ་ལས་ཀྱི་འཕར་སྣོན་གཏོང་ཤུགས་ནུས་པ་སྔོག་འདོན་བྱས་ནས། གཙོ་གནད་ས་ཁུལ་དང་། གཙོ་གནད་ཁེ་ལས། གཙོ་གནད་ཐོན་རྫས་བཅས་བརྟན་པོའི་ངང་འཁོར་སྐྱོད་ཡག་པོ་ཡོང་བར་ཁག་ཐེག་བྱེད་དགོས། “1+2+4” མཐུན་སྦྱོར་སྐུལ་འདེད་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་དང་། དུས་ལྟར་རྫོང་བཞིའི་ལས་ཀའི་ལས་འགན་ལེགས་སྒྲུབ་བྱས་ཚུལ་དུས་ཐོག་ཏུ་ལྡོག་འདྲེན་བྱས་ཏེ། ཐུན་མོང་ཐོག་ལས་ཀའི་མཉམ་ཤུགས་སྟོབས་ཆེན་ཞིག་ཆགས་ནས་ལས་ཀའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།  

རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། གནད་ཁེལ་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ནས། ཁེ་ལས་ཀྱིས་འགག་རྩའི་ལྷུ་ཚིགས་དང་གལ་ཆེའི་གནས་ཚིགས་སོགས་ཀྱི་འགོག་སྡོམ་བྱ་བ་དམ་འཛིན་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཆེད་དོན་རོགས་སྐྱོར་མ་དངུལ་གྱི་ཁ་གསབ་དང་། དངུལ་བུན་འཇལ་བའི་འཁོར་སྐྱོད་མ་དངུལ་བེད་སྤྱོད། ས་ཞིང་ཐོན་ཁུངས་གོ་རིམ་ལྡན་པའི་ངང་མཁོ་སྤྲོད། ཆ་འཕྲིན་ཞབས་ཞུའི་ལས་སྟེགས་སྐྲུན་པ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས། ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐོན་སྐྱེད་དང་ཐོན་ནུས་འདོན་རྒྱུར་རོགས་རམ་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ལོ་གསུམ་གྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དུས་བཅད་དམ་དུས་ངེས་མེད་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་སྤེལ་བ་དང་། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་བྱེད་པར་སྐུལ་མ་བཏང་སྟེ། དོན་དངོས་ཐོག་ཁེ་ལས་བྱེད་པོའི་འགན་ནུས་ལག་བསྟར་བགྱིས་ནས་ཁུལ་ཡོངས་ཀྱི་བཟོ་ཚོང་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གཉེར་སྐྱོང་ལ་འགན་སྲུང་བྱེད་དགོས།  

གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་བསྐྱར་དུ་ལས་མགོ་ཚུགས་པའི་གནས་ཚུལ་ལ་མཐིལ་རྟོགས་དང་རྟོག་འཇལ་བཀོད་གཏོང་བྱས་ནས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཅིག་ནས་རིམས་ནད་འགོག་སྡོམ་བྱ་བར་དམ་འཛིན་དང་། ཕྱོགས་གཅིག་ནས་ལས་ཀ་སླར་གསོ་བྱེད་པར་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སྔ་ཙམ་སླར་གསོ་ཐུབ་པར་འགན་ལེན་བྱེད་དགོས། འཚུབ་བསྟུན་དོ་དམ་སྡེ་ཁག་གིས་སྣེ་ཁྲིད་དང་རྫོང་སོ་སོའི་སྲིད་གཞུང་དང་འཕེལ་བཅོས། ཁོར་ཡུག་སྲུང་སྐྱོང་། རང་བྱུང་ཐོན་ཁུངས། ནགས་རྩྭ་སྡེ་ཁག་སོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་དགོས་པ་དང་། རྡོ་སོལ་ཁེ་ལས་ཀྱི་བདེ་འཇགས་རང་བཞིན་གྱི་དཔྱད་འཇོག་ལས་དོན་ཇེ་མགྱོགས་སུ་བཏང་ཐོག འཇུ་ལག་རྫོང་གི་ཧེ་ཐེ་རྡོ་སོལ་ལས་རིགས་ཀྱི་ཐེ་མེ་རྡོ་སོལ་གཏེར་ཁ་དང་། རྐང་ཚ་རྫོང་ནུབ་མཚོ་རྡོ་སོལ་ཧེ་ཐར་གཏེར་ཁར་སྔ་ཙམ་ནས་བསྐྱར་དུ་ཐོན་སྐྱེད་བྱ་རྒྱུའི་ཆོག་མཆན་སྤྲད་དེ། ཟླ6པའི་ཟླ་མཇུག་གོང་བསྐྱར་དུ་ཐོན་སྐྱེད་བྱ་རྒྱུར་བརྩོན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་དམ་འཛིན་བྱས་ནས་ཧུར་ཐག་གིས་མདོ་ལ་རྫོང་གི་ནུབ་མཚོ་སོལ་གློག་མུ་རི་གཏེར་ཁ་གསུམ་ལེགས་འགྲུབ་ཞིབ་བཤེར་རྩིས་ལེན་དང་། གཙོ་གནད་བཟོ་ལས་ཁེ་ལས་གཞན་དག་སླར་གསོ་ཐུབ་ནས་ཕན་འབྲས་ཐོན་རྒྱུར་གཞོགས་འདེགས་བྱེད་དགོས། མདའ་བཞི་རྫོང་གི་དུས་རབས་ཨོ་ཁེ་ཡིས་བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་གི་དྲ་ཐོག་རྟོག་འཇལ་གྱི་དམིགས་ཚད་འགན་ལེན་བྱེད་པའི་ཆ་རྐྱེན་འོག་སྔ་ཙམ་ལས་མགོ་བསྐྱར་འཛུགས་ཐུབ་པར་བྱེད་དགོས། ཚོང་ར་ཡོད་པ་དང་ཕན་འབྲས་ཆེ་བ། མངགས་ཐོ་ཡོད་པ་བཅས་ཀྱི་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐོན་འཕར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། དུས་ཚིགས་རང་བཞིན་གྱི་ཁེ་ལས་ཀྱིས་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་། རྩལ་ནུས་གསོ་སྦྱོང་། རྒྱུ་ཆ་གྲ་སྒྲིག་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས།  

སྲིད་ཇུས་ཀྱིས་ཁེ་ལས་ལ་ཕན་པ་དང་ཁེ་ལས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ། ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དོན་འཁྱོལ་དང་། ས་ཞིང་མཁོ་འདོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གློད་སྡོམ་མཐུན་སྦྱོར་ལ་ཤུགས་སྣོན་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ། མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ནས། “ཁེ་ལས་ཀྱི་སྲིད་ཇུས་འཚོལ་བ”དེ“སྲིད་ཇུས་ཀྱིས་ཁེ་ལས་བཙལ་བ”བསྒྱུར་བར་སྐུལ་འདེད་ཤུགས་ཆེན་བྱས་ཏེ། ཁེ་ལས་ཕན་པའི་སྲིད་ཇུས་ཡག་པོ་སྤྱོད་པ་དང་བཀོལ་སྤྱོད་འདང་ངེས་ཡོང་བར་བྱས་ཏེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། དེ་དང་དུས་མཚུངས་སུ《ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་རྩིས་ཁྲའི་གྲོན་དངུལ་ཆད་འགྱངས་གཙང་བཤེར་གྱི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་དང་། རིམ་པ་ཁག་གི་སྲིད་གཞུང་དང་། དོན་གཉེར་སྡེ་ཁག ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་དངོས་ཟོག་དང་། བཟོ་སྐྲུན། ཞབས་ཞུ་བཅས་ཉོ་སྒྲུབ་ཀྱི་རྩིས་ཐོ་དུས་ཐོག་ཏུ་སྤྲོད་དགོས། རིམ་པ་བཞིན་ཆད་འགྱངས་བྱས་ནས“ཟུར་གསུམ་བུ་ལོན”ཆགས་པ་རྩ་བ་ནས་སྔོན་འགོག་བྱེད་དགོས་པ་དང་། གན་རྒྱ་མི་འཇོག་པ་དང་གན་རྒྱའི་ནང་དངུལ་སྤྲོད་པའི་དུས་ཚད་དང་དངུལ་སྤྲོད་སྟངས་སོགས་ཁ་ཆད་མི་འཇོག་པའི་བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་དངུལ་སྤྲོད་པའི་འོས་འགན་ལས་གཡོལ་བའི་བྱ་སྤྱོད་གཏན་འགོག་བྱས་ནས་ཁེ་ལས་ཆུང་འབྲིང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།  

ཁུལ་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། གཏན་འབེབས་ལྟར་ཀུན་ཕན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་མ་གཏོང་དགོས་པ་དང་། པྲོག་གསར་གློ་ཚད་རིམས་ནད་དང་། རང་བྱུང་གནོད་འཚེ། རྒྱུ་ཆ་དང་རྒྱུ་ཆས་ཀྱི་རིན་གོང་འཕར་བ་སོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཁེ་ལས་ཆུང་འབྲིང་ལ་རྒྱུན་འཁོར་མ་དངུལ་གྱི་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “པེ་རུན་རོགས་སྐྱོར་མཉམ་འདྲེས”ཀྱི་དྲ་ཐོག་གི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་དང་པེ་རུན་གཞུང་ཁོངས་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཚད་ཡོད་སྤྱི་གཉེར་གྱི་ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་སྒྲིལ་གྱི“ཁེ་བའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་སྔར་ལས་ཞི་ལྷོད་དུ་གཏོང་དགོས། “ཁེ་ལས་ཆུང་འབྲིང་གི་འཚུབ་བསྟུན་ཟམ་བརྒལ་ཐེབས་རྩའི”ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། དངུལ་གཡར་བའི་དུས་ཚད་རིང་དུ་གཏོང་རྒྱུ་དང་། སྐྱེད་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་སོགས་ཀྱི་གཟིགས་སྐྱོང་འཕར་མ་སྤྱད་དེ་དངོས་གཉེར་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།  

ཚན་རིག་དང་མཐུན་པའི་སྒོ་ནས་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་རོགས་སྐྱོར་སྐྱེད་སྲིང་མཐོར་འདེགས་དང“ཆེད་མཁས་ཁྱད་གསར”གྱི་ངོས་འཛིན་ལག་བསྟར་བྱེད་པ་དང་། རིགས་དབྱེ་མཛུབ་ཁྲིད་དང་ཞབས་ཞུ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཆུང་འབྲིང་རྣམས“ཆེད་མཁས་ཁྱད་གསར”གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པར་ཁྲིད་སྟོན་བྱེད་དགོས། རྫོང་རིམ་པ་ཁག་གི་སྲིད་གཞུང་དང་། བཟོ་འཕྲིན་སྡོམ་རྩིས། ཁྲལ་དོན་སོགས་སྡེ་ཁག་གིས་རང་འགུལ་ངང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་ཀོང་ཧུའི་མདའ་བཞི་ཡན་ལག་སྤྱི་གཉེར་དང་། ཏ་ཐང་ནུས་རྒྱུ་རྐང་ཚ་ཡན་ལག་སྤྱི་གཉེར། ཅིན་མོན་ཉིག་བཟའ་བཅའ་གསར་སྤེལ་ཚད་ཡོད་སྤྱི་གཉེར། ཆན་ཁྲང་གཏེར་ལས་ཚད་ཡོད་སྤྱི་གཉེར་སོགས་སྐྱེད་སྲིང་བྱེད་པའི་ཁེ་ལས་ཀྱི་སྒྲིག་སྲོལ་གྱི་འཕེལ་རིམ་ལ་གཙོ་གནད་ཐོག་དོ་སྣང་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་རྒྱུས་ལོན་བྱས་ནས་གཅིག་གྱུར་ཆ་ཚང་དང་མགྱོགས་མྱུར་གཅིག་གྱུར་ཡོང་བ་འགན་ལེན་བྱེད་དགོས།  

ངེས་པར་དུ་བཀོལ་སྤྱོད་བྱེད་དགོས་ངེས་མིན་པའི་ཐོན་སྐྱེད་དང་འཚོ་བའི་གློག་ཅི་ནུས་ཀྱི་མི་སྤྱོད་པ་དང་། མུ་མཐུད་དུ་སྤྱོད་སྒོ་ཆེ་བའི་དུས་ཚོད་སྔ་ཕྱི་དབྱེ་བ། གློག་སྤྱོད་ཆེ་བའི་དུས་ཚོད་ལས་གཡོལ་བ། གློག་བཀོལ་སྤྱོད་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། བཟོ་ལས་ཁྱབ་ཁོངས་ཀྱི་ནུས་ཁུངས་ཟད་གྲོན་དང“མཐོ་བ་གཉིས”ཀྱི་རྣམ་གྲངས་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཐང་ཧུའུ་གློག་ཁང་དང་། ཐེན་ཧྲེང་ཀོང་ཕུའུ་འཕྲད་ཐིག ནུབ་མཚོ་རྡོ་སོལ་སོགས་ནུས་རྒྱུ་སྤྱོད་པའི་བཟོ་ལས་ཁེ་ལས་གཙོ་བོའི་ནུས་རྒྱུ་ཟད་གྲོན་གྱི་བརྟག་དཔྱད་དང་ནུས་རྒྱུ་བསྲི་ཚགས་ཀྱི་བརྟག་དཔྱད་བྱས་ཏེ། ཁེ་ལས་ལ་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་ཐོན་སྐྱེད་ཀྱི་མ་གནས་ཇེ་དམའ་རུ་གཏོང་རོགས་བྱེད་དགོས། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”མཐའ་འཁྱོངས་བྱས་ནས་ཧུར་ཐག་གིས་ལག་རྩལ་དང་སྲིད་ཇུས་ཐད་མཛུབ་ཁྲིད་བྱེད་དགོས། ཁེ་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་དེ་ལྗང་མདོག་དང་། སྐྱེ་ཁམས། ཁོར་ཡུག་སྲུང་སྐྱོང་སོགས་ཐོན་ལས་ཀྱི་ཐད་དུ་ཁ་ཕྱོགས་བྱེད་པར་སྣེ་ཁྲིད་བྱེད་པ་དང་། བཟོ་ལས་ཁེ་ལས་ཀྱིས་མགྱོགས་མྱུར་ངང་གྲུབ་ཆ་ལེགས་སྒྲིག་དང་། ལག་རྩལ་སྒྱུར་བཀོད། ལྗང་མདོག་སྒྱུར་བཀོད་བཅས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།  

རྫོང་སོ་སོས་མགྱོགས་མྱུར་སྒོས“ལོ་ལྔ་ཚན་བཅུ་བཞི་པའི”ཆེད་དོན་འཆར་འགོད་དང་བཟོ་ལས་གླིང་ཁུལ་འཕེལ་རྒྱས་ཀྱི་འཆར་གཞི་སྒྲིག་འབྲི་དང་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རང་སོ་སོའི་ནུས་པའི་ངེས་གནས་དང་འཕེལ་རྒྱས་ཁ་ཕྱོགས་ཁ་གསལ་བཟོ་བ། གླིང་ཁུལ་ཚད་ལྡན་ཅན་གྱི“ཐོན་པ་བདུན་དང་ངོས་སྙོམས་གཅིག”འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཏེ། གླིང་ཁུལ་གྱི་རྨང་གཞིའི་ཆ་སྒྲིག་དང་འཁོར་སྐྱོད་སྒྱུར་བཀོད་། སྲིད་ཇུས་དོན་འཁྱོལ་བཅས་ཀྱི་ཞབས་ཞུ་ཆེན་པོ་གསུམ་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་དགོས། རྣམ་གྲངས་བཤེར་མཆན་འགོད་པ་དང་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ཁྲོད་ས་ཞིང་དང་། ཁོར་ཡུག་གདེང་འཇོག ནུས་རྒྱུ་བསྲི་ཚགས། བདེ་འཇགས་སོགས་ཀྱི་གཉེར་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། གཉེར་སྒྲུབ་དུས་ཚོད་ཇེ་ཐུང་དུ་བཏང་ནས་དུས་བཅད་ནང་གཉེར་སྒྲུབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཁེ་ལས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་ཏན་ཏིག་བྱེད་དགོས། “ཚང་བཟོ་བྱ་འགུགས”དང“གཟེབ་མའི་ནང་གི་བྱ་བརྗེས་པ” སོགས་ཀྱི་ལས་ཀ་ལག་བསྟར་གཏིང་ཟབ་དང་། སྤུས་ལེགས་ཀྱི་མ་རྩ་གླིང་ཁུལ་ཁག་ཏུ་བསྡུས་ནས་གླིང་ཁུལ་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།  

དུས་ངེས་མེད་ཐོག་སྲིད་གཞུང་གིས་སྟེགས་བུ་བསྐྲུན་ནས་ཁེ་ལས་ཀྱིས་ཐོན་རྫས་མངོན་པ་དང་། ཐོན་ལས་འབྲེལ་ཐག་རྒྱང་བསྲིང་གིས་ས་གནས་ཐོན་རྫས་དང་ས་གནས་ཚོང་ར་ཕན་ཚུན་འབྲེལ་མཐུད་བྱེད་པ་གཙོ་བོའི་ཁེ་ལས་ཆུང་འབྲིང་གི་ཐོན་རྫས་འབྲེལ་མཐུད་འོས་སྦྱོར་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། ས་གནས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁུལ་ནང་གི་ཐོན་ལས་སྦྲེལ་ཐག་གི་གོང་འོག་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ནས་ཧུར་ཐག་གིས་ཀྲུང་གོ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། ཀྲུང་གོམཚོ་སྔོནརྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་དང་ཞིང་ཆེནརང་སྐྱོང་ལྗོངསདང་གྲོང་ཁྱེར་ཁག་གི་མཉམ་ལས་སྤེལ་རེས་སོགས་ཀྱི་འགྲེམ་ཚོགས་བྱ་འགུལ་ནང་ཞུགས་དགོས། ཁེ་ལས་ཆུང་འབྲིང་ཕྱི་རུ་བསྐྱོད་དེ་ཐོན་ལས་འབྲེལ་མཐུད་དང་ཚོང་འགུགས་མ་འདྲེན་སོགས་ཀྱི་དཔལ་འབྱོར་ལག་རྩལ་སྤེལ་རེས་དང་མཉམ་ལས་བྱེད་པར་བསྔགས་སྐུལ་དང་། ཧུར་ཐག་གིས་སྔོན་ཐོན་ས་ཁུལ་གྱི་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པ་དང་། སྟབས་བདེ་གོ་ཆོད་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་ཁེ་ལས་ཀྱི་ཐོན་རྫས་དེ་ས་ཁུལ་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་ཏེ་འབྲེལ་མཐུད་ཐུབ་པར་བྱེད་དགོས།  

འབྲེལ་ཡོད་སྡེ་ཁག་གིས་ཁུལ་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དང་། གྲོང་ཁྱེར་རྙིང་པ་བསྒྱུར་བཀོད། མི་ཕྱུགས་ཀྱི་འཐུང་ཆུ། གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན། གྲོང་གསེབ་དར་སྤེལ། མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས། ཐོན་ལས་སྦྲེལ་ཐག་གོང་འོག་གི་མཁོ་སྤྲོད་ཚོང་པ་དང་གཙོ་གནད་ཁེ་ལས་འབྲེལ་མཐུད་ལས་སྟེགས་གཏོད་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས། ཧྭ་ཐེ་སྣུམ་སྙིགས་དང་། ཀྲེང་ཞིང་འཛུགས་སྐྲུན་རྒྱུ་ཆས། ཁའེ་ཏེ་ལིའི་དོ་དམ་རྒྱུ་ཆས། ཞིན་ཞིན་བཟོ་སྐྲུན་རྒྱུ་ཆས། དབྱི་རུའེ་ཀྲོ་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས། ཏུང་ཧྲེང་ཨར་འདམ་དང་ཁྲུན་ཧྥ་ཁོར་ཡུག་སྲུང་སྐྱོང་གི་ཨར་ལས་རྒྱུ་ཆས་སོགས་ས་གནས་རང་གི་ཁེ་ལས་ཀྱི་ཐོན་རྫས་སྔོན་ལ་སྤྱོད་རྒྱུར་སྐུལ་མ་བཏང་སྟེ། ཁེ་ལས་ཀྱིས་ས་གནས་རང་གི་ཚོང་ར་གསར་འབྱེད་བྱ་རྒྱུར་རོགས་རམ་བྱས་ནས་ཕུགས་ཡུན་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས། 



本期证报PDF文件