མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་ཆུ་མཚོ་དཔོན་པོའི་སྐོར་ཞིབ་ལས་དོན་ལམ་ལུགས》 དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-11-23 17:09:30   |   223

 བྱང་སྲིད་གཞུང་ལས་ཁང〔2022〕ཨང32པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།

《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ཆུ་དང་མཚོ་དཔོན་དེ་ཆུ་བོརམཚེའུ་དང་ཆུ་མཛོདསྐོར་ཞིབ་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བྱེད་པའི་སྐོར་གྱི་བརྡ་སྦྱོར》མཚོ་སྔོན་ཆུ་མཚོ་གཞུང་ལས་ཁང〔2021〕ཨང15པསོགས་ཀྱི་ཡིག་ཆའི་བླང་བྱ་གཞིར་བཟུང་ནས། ཁུལ་གྱི་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གི་བྱ་བའི་དོན་དངོས་ལ་ཟུང་འབྲེལ་སྒོས། རང་ཁུལ་གྱི2018ལོར་དཔར་འགྲེམ་བྱས་པའི《མཚོ་བྱང་ཁུལ་གྱི་ཆུ་དང་མཚོ་དཔོན་སྐོར་ཞིབ་ལས་དོན་ལམ་ལུགསཚོད་ལྟའི་ལག་བསྟར》བཟོ་བཅོས་བྱས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིབ་འཇུག་དང་ཡིད་འཐད་བྱུང་བ་བརྒྱུད། བཟོ་བཅོས་བྱས་ཟིན་པའི《མཚོ་བྱང་ཁུལ་གྱི་ཆུ་དང་མཚོ་དཔོན་སྐོར་ཞིབ་ལས་དོན་ལམ་ལུགས》ལྷན་ཅིག་དཔར་འགྲེམ་བྱས་པས། ལག་བསྟར་དོན་འཁྱོལ་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ5ཚེས20ཉིན།

མཚོ་བྱང་ཁུལ་གྱི་ཆུ་མཚོ་དཔོན་པོའི་སྐོར་ཞིབ་ལས་དོན་ལམ་ལུགས།

ལེའུ་དང་པོ།  སྤྱིའི་རྩ་དོན།

དོན་ཚན་དང་པོ། ཆུ་མཚོ་དཔོན་པོའི་ལས་དོན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཆུ་མཚོ་དཔོན་པོའི་འགན་འཁྲི་ལག་བསྟར་ནུས་ལྡན་བྱེད་པ། ཆུ་དང་མཚོ་ཡི་གནད་དོན“སྔོན་ལ་ཤེས་བ་དང་སྔོན་ལ་བཀོད་སྒྲིག སྔོན་ལ་ཐག་གཅོད”བཅས་མངོན་འགྱུར་བྱེད་པ་དང་། ཆུ་མཚོ་དཔོན་པོས་རང་འགུལ་ངང་ཆུ་བཅོས་ནང་ཞུགས་པར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་ཆེད།《ཆུ་མཚོ་དཔོན་པོའི་འགན་ནུས་ཚད་ལྡན་དུ་གཏོང་བཚོད་ལྟའི་ལག་བསྟར》དང《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག》《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི〈མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་སྐུལ་སྤེལ་བྱེད་པའི་ཇུས་གཞི〉དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》མཚོ་གཞུང་ཡིག〔2017〕ཨང38པདང་། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིམཚོ་སྔོན་ཞིང་ཆེན་གྱིས་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་ལས་དོན་ཇུས་གཞིདཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》མཚོ་གཞུང་ཡིག〔2018〕ཨང50པ། 《མཚོ་སྔོན་ཞིང་ཆེན་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ཆུ་མཚོ་དཔོན་པོས་ཆུ་ལ་ཞིབ་བཤེརམཚོ་དང་ཆུ་མཛོདལས་དོན་ལ་སྔར་བས་ཤུགས་སྣོན་བྱེད་པའི་སྐོར་གྱི་བརྡ་སྦྱོར》མཚོ་སྔོན་ཆུ་མཚོ་གཞུང་ཁང〔2021〕ཨང15པདང་དེ་བཞིན་རང་ཁུལ་གྱི་འབྲེལ་ཡོད་བྱ་བའི་ཇུས་གཞི་གཞིར་བཟུང་བ་དང་། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་ལམ་ལུགས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ལམ་ལུགས་འདིའི་ནང་བརྗོད་པའི་ཆུ་དཔོན་མཚོ་དཔོན་ཞེས་པ་ནི་ཁུལ་དང་རྫོང་། ཡུལ་ཚོགྲོང་རྡལསྡེ་བགཞིས་ཁུལབཅས་རིམ་པ་བཞིའི་ཆུ་དཔོན་དང་མཚོ་དཔོན་ལ་ཟེར།

དོན་ཚན་གསུམ་པ། ལམ་ལུགས་འདིའི་ནང་བརྗོད་པའི་སྐོར་ཞིབ་ཅེས་པ་ནི་རིམ་པ་སོ་སོའི་ཆུ་མཚོ་དཔོན་པོས་འགན་ཁུར་བཞིན་པའི་ཆུ་མཚོཆུ་མཛོདལ་སྐོར་སྐྱོད་ཞིབ་བཤེར་བྱས་པ་བརྒྱུད། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་། སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནས་ཐག་གཅོད་བྱེད་པའམ་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་པ་དང་། ཡང་ན་གོང་རིམ་གྱི་ཆུ་མཚོ་དཔོན་པོ་ལ་སྙན་སེང་ཞུས་ནས་མཐུན་སྦྱོར་ཐག་གཅོད་ཡོང་བའི་རེ་བ་འདོན་དགོས།

དོན་ཚན་བཞི་པ། “ཆུ་བོ་གཅིག་ལ་ཐབས་ཇུས་གཅིག”དང“མཚོ་གཅིག་ལ་ཐབས་ཇུས་གཅིག”གི་ཇུས་གཞི་གཞིར་བཟུང་ནས། རིམ་པ་སོ་སོའི་ཆུ་མཚོ་དཔོན་པོས་འགན་འཁྲིའི་ཆུ་མཚོ་ཡི་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས། ཆུའི་ངོགས་སོགས་ཐད་ཀྱི་ལས་དོན་ཁྲོད་གནས་པའི་གནད་དོན་གཙོ་བོ་ཁོང་དུ་ཆུད་པ་བྱས་ཏེ། དམིགས་གཏད་རང་བཞིན་གྱིས་ལས་དོན་སྤེལ་དགོས།

རིམ་པ་སོ་སོའི་ཆུ་མཚོ་དཔོན་པོའི་ལམ་ལུགས་གཞུང་ལས་ཁང་གིས་ཆུ་མཚོ་ཡི་རྨང་གཞིའི་ཆ་འཕྲིན་གྱི་རྩིས་ཁྲ་དང་འགུལ་རྣམ་གྲངས་གཞིའི་མཛོད་བཙུགས་ནས། གནད་དོན་དང་དམིགས་ཚད། ལས་འགན། བྱེད་ཐབས་བཅས་ཀྱི་གསལ་ཐོ་ཁ་གསལ་བཟོས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་ཀྱི་གཞི་འཛིན་ས་འདོན་དགོས།

ལེའུ་གཉིས་པ།  འགན་འཁྲི་ལས་བགོས།

དོན་ཚན་ལྔ་བ། རིམ་པ་སོ་སོའི་ཆུ་མཚོ་དཔོན་པོ་ནི་ཆུ་མཚོ་སྐོར་ཞིབ་ལས་དོན་གྱི་འགན་ཁུར་མཁན་དང་པོ་ཡིན། ཆུ་མཚོ་བདག་སྐྱོང་པས་གཙང་སྦྲ་དང་ལྟ་སྐུལ་དོ་དམ་སོགས་ཀྱི་རྒྱུན་གཏན་ལས་དོན་ལ་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་རིམ་པ་སོ་སོའི་ཆུ་མཚོ་དཔོན་པོའི་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་བྱས་ནས་ཆུ་མཚོ་ཡི་ཆུའི་སྤུས་ཚད་རྒྱུན་ལྡན་མིན་པ་དང་། ཆུ་མཚོ་ཡི་བཙོག་འབུདཆུསྦུག་ཁ་ནས་འབུད་ཚད་རྒྱུན་ལྡན་མིན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ། འཕྲལ་མར་གནས་སའི་ས་ཁུལ་གྱི་ཡུལ་ཚོགྲོང་རྡལདང་སྡེ་བསྡེ་ཁུལརིམ་པའི་ཆུ་མཚོ་དཔོན་པོར་སྙན་སེང་ཞུ་དགོས།

དོན་ཚན་དྲུག་པ། ས་གནས་སོ་སོའི་ཆུ་དང་མཚོ་དཔོན་གཞུང་ལས་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་ཆུ་མཚོ་དཔོན་པོས་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཆུ་མཚོར་བཙོག་འབུདཆུཁྱབ་ཚུལ་དང་། སྦགས་བཙོག་འབྱུང་ཁུངས་ཀྱི་གསལ་ཐོ། ཆུ་ལམ་བཅོས་སྐྱོང་རྣམ་གྲངས་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། རིམ་པ་སོ་སོའི་ཆུ་མཚོ་དཔོན་པོར་གཅིག་གྱུར་ཐོག་བརྡ་ཁྱབ་བཏང་ནས་དེར་སྐོར་ཞིབ་ལས་དོན་སྤེལ་བར་ཆ་རྐྱེན་སྐྲུན་དགོས།

རིམ་པ་སོ་སོའི་ཆུ་མཚོ་དཔོན་པོས་གོང་གསལ་གྱི་ཆ་འཕྲིན་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས།

དོན་ཚན་བདུན་པ། ས་ཁུལ་སོ་སོས་ཡུལ་བབ་དང་བསྟུན་ནས། ཧུར་ཐག་གིས་ཆུ་དང་མཚོ་དཔོན་ལམ་ལུགས་ཀྱི་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་ཇེ་ལེགས་སུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཆུ་དང་མཚོ་དཔོན་གྱི་རྒྱུན་གཏན་སྐོར་ཞིབ་ཀྱི་འགན་ནུས་ལག་བསྟར་གཙོ་གནད་དུ་བཟུང་ནས་དུས་ཐོག་དང་སྟབས་བདེ། ནུས་ཆེ་བཅས་ཀྱི་སྒོ་ནས་སྐོར་ཞིབ་བྱེད་ཐུབ་པ་བྱེད་དགོས། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཆུ་དང་མཚོ་དཔོན་ལམ་ལུགས་ཀྱི་སྐད་འཕྲིན་སྤྱི་རྟགས་སོགས་ཆ་འཕྲིན་ལས་སྟེགས་སྤྱད་དེ་ཆུ་བེད་ལྟ་སྐུལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།

ལེའུ་གསུམ་པ། སྐོར་ཞིབ་ཀྱི་ཐེངས་གྲངས་དང་ནང་དོན།

དོན་ཚན་བརྒྱད་པ། རིམ་པ་སོ་སོའི་ཆུ་མཚོ་དཔོན་པོས་དུས་བཅད་དམ་ཡང་ན་དུས་ངེས་མེད་དུ་ཆུ་མཚོར་སྐོར་ཞིབ་བརྟག་ཞིབ་བྱེད་སྒོ་སྤེལ་བ་དང་། ཆུ་མཚོ་ཡི་བདེ་ཐང་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ་ཆུ་མཚོ་དོ་དམ་དང་སྲུང་སྐྱོང་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། རྩ་དོན་ཐོག་ཁུལ་དང་རྫོང་གི་སྤྱིའི་ཆུ་མཚོ་དཔོན་པོས་ལོ་རེར་ཐེངས1ལས་མི་ཉུང་བ་དང་། ཁུལ་རིམ་པའི་འགན་འཁྲི་ཆུ་མཚོ་དཔོན་པོས་ལོ་རེར་ཐེངས3ལས་མི་ཉུང་བ། རྫོང་རིམ་པའི་འགན་འཁྲི་ཆུ་མཚོ་དཔོན་པོས་དུས་ཚིགས་རེར་ཐེངས1ལས་མི་ཉུང་བ། ཡུལ་ཚོ་རིམ་པའི་ཆུ་མཚོ་དཔོན་པོས་ཟླ་རེར་ཐེངས1ལས་མི་ཉུང་བ། སྡེ་བ་རིམ་པའི་ཆུ་མཚོ་དཔོན་པོས་གཟའ་འཁོར་རེར་ཐེངས1ལས་མི་ཉུང་བའི་སྐོར་ཞིབ་བརྟག་ཞིབ་བྱེད་དགོས། གནད་དོན་ཅུང་མང་བའི་ཆུ་བོའི་བཞུར་རྒྱུནམཚེའུལ་དམིགས་ནས་འབྲེལ་ཡོད་ཆུ་མཚོ་དཔོན་པོས་སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་བ་དང་། ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

རྫོང་སོ་སོས་ཆུ་མཚོ་དོ་དམ་སྲུང་སྐྱོང་བྱེད་མཁན་བཀོད་སྒྲིག་བྱེད་དགོས་པ་མ་ཟད། དེའི་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་ཆུ་མཚོ་དོ་དམ་སྲུང་སྐྱོང་བྱེད་པའི་རྒྱུན་གཏན་གྱི་སྐོར་ཞིབ་ལ་ཤུགས་སྣོན་བྱེད་དགོས།

དོན་ཚན་དགུ་བ། རིམ་པ་སོ་སོའི་ཆུ་དཔོན་གྱི་སྐོར་ཞིབ་དེ་རྩ་དོན་ཐོག་འགན་འཁྲིའི་ཆུ་རྐར་ཕྱོགས་ཡོངས་ནས་སྐོར་ཞིབ་བྱེད་པ་མ་ཟད། དེར་འབྲེལ་གྱི་ཆུ་བོར་བཙོག་འབུདཆུབྱེད་པའི་སྦུག་ཁ་དང་། སྦགས་བཙོག་འབྱུང་ཁུངས་གཙོ་བོ། ཆུ་དཔོན་ཡོངས་བསྒྲགས་བྱང་བུ་བཅས་ཡོངས་སུ་ཁྱབ་པར་བྱེད་དགོས།

དོན་ཚན་བཅུ་བ། རིམ་པ་སོ་སོའི་ཆུ་མཚོ་དཔོན་པོས་སྐོར་ཞིབ་བྱེད་སྐབས་གཤམ་གསལ་གྱི་ནང་དོན་ལ་གཙོ་གནད་ཐོག་ལྟ་ཞིབ་བྱེད་དགོས་ཏེ།

གཅིགདོ་དམ་ཁྱབ་ཁོངས་ནང་གི་ཆུ་མཚོའི་གཙང་སྦྲ་ཡག་པོ་བྱས་ཡོད་མེད།

གཉིས།ཆུ་རྐ་ནས་ཆུ་ཤར་གཏོང་ཐུབ་པ་དང་། ཆུ་ལམ་དང་གྲམ་པའི་མཐིལ་ངོས་སུ་མངོན་གསལ་གྱི་འདམ་རྫབ་དང་གད་སྙིགས་ཆགས་ཡོད་མེད།

གསུམ།ཆུ་དང་འབྲེལ་བའི་སྒྲིག་སྲོལ་ལས་འགལ་ཏེ་བཟོ་སྐྲུནགྲུབདང་། རང་དགར་ཆུ་ལམ་བསྐོར་ནས་རྨོ་འདེབས་བྱེད་པ། ཆུ་ལམ་དགག་པ། དེ་བཞིན་ཆུ་མཚོའི་ངོགས་བཙན་བཟུང་བྱེད་པའི་བྱ་སྤྱོད་གཞན་དག་ཡོད་མེད། ཆུ་དང་འབྲེལ་བའི་གཏོར་བརླག་བྱ་སྤྱོད་ཡོད་མེད་དེ། གཙོ་བོ་ཆུ་རགས་གཏོར་བཤིག་དང་བཙན་བཟུང་། གཏོར་སྐྱོན། ཆུ་ངོགས་སྲུང་རགས་ལ་གཏོར་བརླག་བྱེད་པ་སོགས་དང་། རང་དགར་ཆུ་ལམ་དང་ཆུ་མཛོད་དོ་དམ་ཁྱབ་ཁོངས་ནང་གས་གཏོར་དང་། ཁྲོན་བརྐོ།  བྱེ་མ་འདོན་པ། རྡོ་འདོན་པ་སོགས་ཚུད་ཡོད།

བཞི།ཆུ་མཚོའི་ཆུ་ལ་དྲི་ངན་ཡོད་མེད་དང་། ཁ་དོག་རྒྱུན་ལྡན་ཡིན་མིནདཔེར་ན་ནག་པོ་དང་སེར་པོར་གྱུར་བ་དང་། དཀར་རྩི་ཆགས་པ་སོགས། ཆུ་མཚོ་རུ་གཏོང་བའི་ད་ཡོད་སྦགས་བཙོག་སྦུག་ཁ་རུ་སྒྲིག་འགལ་ངང་ཕྱིར་འབུད་བྱས་ཡོད་མེད། ཆུ་མཚོ་རུ་འབབ་པའི་བཙོག་འབུད་སྦུག་ཁ་གསར་སྣོན་བྱས་ཡོད་མེད། ཆུ་བོར་འབབ་པའི་བཙོག་འབུད་སྦུག་ཁ་ནས་བཙོག་ཆུ་འབུད་པའི་ཁ་དོག་དང་དྲི་མ་རྒྱུན་ལྡན་ཡིན་མིན། བཟོ་ལས་ཁེ་ལས་དང་བཙོག་ཆུ་གཙང་བཟོའི་སྒྲིག་བཀོད་སོགས་བཙོག་འབུདཆུསྦུག་ཁ་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་མེད། ཆར་ཆུ་ཕྱིར་གཏོང་སའི་སྦུག་ཁར་བཙོག་ཆུ་འབུད་ཀྱིན་ཡོད་མེད་སོགས།

ལྔ།ཆུའི་སྐྱེ་ཁམས་ལ་གཏོར་བརླག་ཐེབས་ཡོད་མེད་དང་། གློག་དང་དུག འགད་རྫས་སོགས་ཀྱིས་ཉ་གསོད་པ་དང་། དེ་བཞིན་ཁྲིམས་འགལ་གྱིས་ནགས་ཤིང་གཅོད་པ་སོགས་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཡོད་མེད། ཆུ་འདྲེན་རྣམ་པའི་ཆུ་ཤུགས་གློག་ཁང་སོ་སོས་སྐྱེ་ཁམས་ཀྱི་རྨང་གཞིའི་འཁོར་རྒྱུག་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱས་ཡོད་མེད་དང་། ལྟ་སྐུལ་ཚོད་འཛིན་དང་རྒྱུག་ཚད་སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་བྱས་ཡོད་མེད་སོགས།

དྲུགཆུ་མཚོ་དཔོན་པོས་ཡོངས་བསྒྲགས་བྱེད་པའི་བྱང་བུ་བཀོད་སྒྲིག་བྱས་ཡོད་པ་ཚད་ལྡན་ཡིན་མིན་དང་། དུས་ཐོག་ཏུ་གསར་སྒྱུར་བྱས་ཡོད་མེད། ཡོ་འཁྱོག་དང་གཏོར་སྐྱོན། དབྱིབས་འགྱུར། མདོག་འགྱུར། རྙིང་པར་གྱུར་པ་སོགས་བེད་སྤྱོད་བྱེད་པར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཡོད་མེད།

བདུན།སྔོན་ཆད་སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བྱས་པ་གནད་ལ་ཁེལ་ཡོད་མེད།

བརྒྱད།ཆུ་མཚོ་བདེ་འཇགས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ལ་གནོད་པའི་གནད་དོན་གཞན་དག་ཡོད་མེད།

ལེའུ་བཞི་བ།  སྐོར་ཞིབ་ཟིན་ཐོ།

དོན་ཚན་བཅུ་གཅིག ཆུ་མཚོ་དཔོན་པོས་སྐོར་ཞིབ་བྱེད་རིང་ངམ་ཡང་ན་སྐོར་ཞིབ་ལས་འགན་མཇུག་སྒྲིལ་བའི་ཉིན་དེར། ཆུ་མཚོ་སྐོར་ཞིབ་ཟིན་ཐོའི་རེའུ་མིག་དང་གནད་དོན་ཐག་གཅོད་བྱས་ཚུལ་ཇི་མ་ཇི་བཞིན་འབྲི་དགོས་པ་དང་། ཟིན་ཐོའི་ནང་དོན་ཞིབ་ཕྲ་དང་བདེན་པ་བདེན་ཐུབ་ཡིན་དགོས། སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་གལ་ཆེན་དང་མཐུན་སྦྱོར་ཐག་གཅོད་བྱེད་པའི་དོན་གནད་གལ་ཆེན་རིགས་པར་རྒྱག་པ་དང་སྒྲ་ཕབ་པ། བརྙན་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐོ་འགོད་ཉར་ཚགས་བྱེད་པ་དང་། ཆུ་མཚོ་སྐོར་ཞིབ་བྱ་བའི་ཡིག་ཚགས་སུ་བརྩིས་ནས་རྗེས་ཕྱོགས་ཀློག་བཤེར་བྱེད་པར་སྟབས་བདེ་བཟོ་དགོས། རིམ་པ་དེའི་ཆུ་མཚོ་དཔོན་པོས་འོག་རིམ་གྱི་ཆུ་མཚོ་དཔོན་པོས་སྐོར་ཞིབ་བྱེད་པའི་ཉིན་ཐོ་ལ་དུས་ཐོག་ཏུ་ཟུར་བཤེར་བྱེད་དགོས།

དོན་ཚན་བཅུ་གཉིས། ཆུ་མཚོ་སྐོར་ཞིབ་ཟིན་ཐོའི་རེའུ་མིག་དེ་ཁུལ་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་གཅིག་གྱུར་ཐོག་བཟོ་པ་མ་ཟད། ཁུལ་རིམ་པའི་ཆུ་མཚོ་དཔོན་པོར་དུས་ཐོག་ཏུ་མཁོ་འདོན་བྱེད་པ་དང་། རྫོང་དང་ཡུལ་ཚོགྲོང་རྡལ། སྡེ་བ་རིམ་པའི་ཆུ་མཚོ་དཔོན་པོ་བཅས་ཀྱི་སྐོར་ཞིབ་ཉིན་ཐོ་རྫོང་རིམ་པའི་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་པར་སྒྲིག་བྱེད་རྒྱུའི་འགན་ཁུར་དགོས། ཁུལ་དང་རྫོང་གི་ཆུ་དང་མཚོ་དཔོན་སྐོར་ཞིབ་དཔྱད་གཞི་བསྡུ་རུབ་དང་། ཡིག་ཚགས་སུ་འཇོག་པ། དོ་དམ། ཞིབ་བཤེར་གྲ་སྒྲིག་བཅས་ཀྱི་ལས་དོན་སྒྲུབ་པའི་འགན་ཁུར་དགོས།

ལེའུ་ལྔ་བ། གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པ།

དོན་ཚན་བཅུ་གསུམ། ཁུལ་དང་རྫོང་རིམ་པའི་ཆུ་མཚོ་དཔོན་པོས་ཆུ་མཚོ་ལ་སྐོར་ཞིབ་དང་བརྟག་ཞིབ་བྱེད་སྐབས་གནད་དོན་ཐག་གཅོད་བྱེད་པ་དེ་གཙོ་གནད་དུ་འཛིན་པ་དང་།  དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ལས་ཡུལ་དངོས་ནས་གཞུང་དོན་སྒྲུབ་པ། ཕྱོགས་སོ་སོའི་བསམ་འཆར་གཅིག་གྱུར་བྱེད་པ། གནད་དོན་བཅོས་སྒྲིག་བྱེད་ཐབས་ཞིབ་འཇུག་བྱེད་པ། གནད་དོན་བཅོས་སྒྲིག་གི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱེད་དགོས། སྐོར་ཞིབ་བརྟག་ཞིབ་མ་བྱས་པའི་སྔོན་ལ་ཆུ་དཔོན་ལམ་ལུགས་ཀྱི་གཞུང་ལས་ཁང་དང་འབྲེལ་ཡོད་སྡེ་ཁག ལས་ཁུངསགིས་མངོན་བཤེར་ལྐོག་ཞིབ་བཀོད་སྒྲིག་བྱས་ཆོག་པ་དང་། ཆུ་མཚོ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཁོང་དུ་ཆུད་པ། འབྲེལ་ཡོད་ས་གནས་ཀྱི་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་འདྲི་རྩད་བྱས་ནས། གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་མང་ཚོགས་ཀྱི་བསམ་འཆར་ཤེས་རྟོགས་བྱེད་དགོས།

དོན་ཚན་བཅུ་བཞི། ཡུལ་ཚོ་དང་སྡེ་བ་རིམ་པའི་ཆུ་དཔོན་མཚོ་དཔོན་གྱིས་ཆུ་མཚོ་ལ་སྐོར་ཞིབ་བྱེད་སྐབས་གནད་དོན་ཤེས་རྟོགས་བྱེད་པ་དེ་གཙོ་གནད་དུ་འཛིན་པ་དང་། གཙོ་བོ་བསྟུད་མར་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་བཞིན་ཆུ་བོརམཚེའུསྐོར་ཞིབ་བྱེད་པ་དང་། ཆུ་མཚོ་རྒྱུན་གཏན་དོ་དམ་དང་སྲུང་སྐྱོང་བྱས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ཏེ། ཆུ་མཚོ་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་བཀག་སྡོམ་དང་བཀག་འགོག་བྱེད་པ་དང་། ཐག་གཅོད་བྱེད་མི་ཐུབ་པ་རྣམས་གོང་རིམ་གྱི་ཆུ་མཚོ་དཔོན་པོའམ་ཡང་ན་ཆུ་དང་མཚོ་དཔོན་གཞུང་ལས་ཁང་དང་འབྲེལ་ཡོད་སྡེ་ཁགལས་ཁུངསལ་དུས་ལྟར་གོང་ཞུ་བྱེད་དགོས།

དོན་ཚན་བཅོ་ལྔ། ཆུ་མཚོ་དཔོན་པོས་སྐོར་ཞིབ་བྱེད་རིང་གནད་དོན་ཤེས་རྟོགས་བྱུང་ཚེ། ཐག་གཅོད་འོས་འཚམ་བྱེད་དགོས་པ་མ་ཟད། རྗེས་འདེད་ཐག་གཅོད་གནད་ལ་འཁེལ་བ་བྱེད་དགོས།

རིམ་པ་སོ་སོའི་ཆུ་དང་མཚོ་དཔོན་འགན་དབང་ཁྱབ་ཁོངས་སུ་གཏོགས་པའི་གནད་དོན་དེ་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་དུས་བཅད་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས། སྡེ་ཁག་མང་པོ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་རིགས་དེ་རིམ་པ་གཅིག་མཚུངས་ཀྱི་ཆུ་དང་མཚོ་དཔོན་ལམ་ལུགས་ཀྱི་གཞུང་ལས་ཁང་ལ་སྤྲད་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། དུས་བཅད་ནང་ཐག་གཅོད་བྱེད་དུ་འཇུག་དགོས། མ་ལག་རང་བཞིན་གྱི་གནད་དོན་ཡོད་པ་ཡིན་ན་འབྲེལ་ཡོད་སྡེ་ཁག་སོ་སོ་ལ་མཐུན་སྦྱོར་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ཇུས་གཞི་གཅིག་གྱུར་གྱིས་གཏན་འབེབས་བྱེད་པ་དང་། རྩ་འཛུགས་ལག་བསྟར་བྱེད་པ། དག་ཐེར་གནད་ལ་ཁེལ་བ་འགན་ལེན་བྱེད་དགོས། འགན་དབང་ཁྱབ་ཁོངས་སུ་མི་གཏོགས་པའི་རིགས་དེ་དུས་ཐོག་ཏུ་གོང་རིམ་གྱི་ཆུ་མཚོ་དཔོན་པོའམ་ཡང་ན་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་ལ་མཐུན་སྦྱོར་ཐག་གཅོད་བྱ་རྒྱུའི་གོང་ཞུ་བྱེད་དགོས།

དོན་ཚན་བཅུ་དྲུག མང་ཚོགས་ཀྱིས་ཞུ་སྦྱོར་ཞུ་གཏུག་བྱས་པའི་གནད་དོན་ལ་རིམ་པ་སོ་སོའི་ཆུ་མཚོ་དཔོན་པོ་དང་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་ནན་ཏན་སྒོས་ཟིན་ཐོ་འགོད་པ་དང་། ཐོ་འགོད། ཞིབ་བསྡུར་བཅས་བྱེད་དགོས་པ་དང་། སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་གོ་རིམ་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། ཞུ་སྦྱོར་ཞུ་གཏུག་བྱེད་མཁན་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་དགོས།

དོན་ཚན་བཅུ་བདུན། རིམ་པ་སོ་སོའི་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་རྩ་འཛུགས་དང་མཐུན་སྦྱོར། སྐུལ་སྒྲུབ། ལས་བགོས་བཅས་ཀྱི་འགན་འཁྲི་ཏན་ཏིག་ངང་བསྒྲུབས་ནས། གནད་དོན་གྱི་གནས་ཚུལ་ལ་གཞིགས་ཏེ་ལས་ཡུལ་དངོས་ནས་སྐུལ་སྒྲུབ་དང་། བྱང་བུ་བཀལ་ནས་སྐུལ་སྒྲུབ་བྱེད་པ། ཡིག་ཐོག་ནས་སྐུལ་སྒྲུབ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་རྗེས་འདེད་ལྟ་སྐུལ་བྱས་ཏེ། གནད་དོན་ཐག་གཅོད་གནད་ལ་འཁེལ་བ་བྱེད་དགོས་པ་མ་ཟད། སྐུལ་སྒྲུབ་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།

འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་རིམ་པ་དེ་གའི་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་སྤྲད་པའི་གནད་དོན་འབྱོར་ཚེ། གཏན་འབེབས་བྱས་པའི་དུས་ཚོད་ལྟར་དུས་བཅད་ནང་ཐག་གཅོད་བྱེད་དགོས་པ་དང་འབྲེལ་ཡོད་གནས་ཚུལ་ལ་བརྡ་ལན་སྤྲོད་དགོས།

ལེའུ་དྲུག་པ།  དཔྱད་ཞིབ་འགན་འདྲི།

དོན་ཚན་བཅོ་བརྒྱད། རིམ་པ་སོ་སོའི་ཆུ་མཚོ་དཔོན་པོས་འོག་རིམ་གྱི་ཆུ་མཚོ་དཔོན་པོས་སྐོར་ཞིབ་འགན་འཁྲི་སྒྲུབ་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་ཞིབ་འགན་འཁྲི་གནད་ལ་ཁེལ་མེད་པ་དང་། གནད་དོན་ཤེས་རྟོགས་བྱུང་ཚེ་དག་ཐེར་བྱེད་ཤུགས་མི་འདང་བ། སྐོར་ཞིབ་ལས་དོན་རྣམ་པ་ཙམ་དུ་གྱུར་པ་བཅས་ལ་དུས་ཐོག་ཏུ་དྲན་སྐུལ་ཁ་བརྡ་བྱེད་པའམ། ཡང་ན་ཡིག་ཐོག་འདྲི་རྩད་ཀྱི་དྲན་སྐུལ་བྱས་ནས་གནད་དོན་དག་ཐེར་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅུ་དགུ། རིམ་པ་སོ་སོའི་དཔྱད་ཞིབ་གཞུང་ལས་ཁང་གིས་ཆུ་དང་མཚོ་དཔོན་སྐོར་ཞིབ་ལས་དོན་དེ་ཆུ་དང་མཚོ་དཔོན་འགན་འཁྲི་སྒྲུབ་པར་དཔྱད་ཞིབ་བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས། ལས་བྱེད་པའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ནང་འཇུག་དགོས།

ཆུ་དང་མཚོ་དཔོན་སྐོར་ཞིབ་ལས་དོན་གྱི་དཔྱད་ཞིབ་བྱེད་སྐབས། ལོ་འཁོར་འདིའི་སྐོར་ཞིབ་ལས་དོན་གྱི་ཞིབ་བཤེར་དང་འཐེན་བཤེར་བྱས་ཚུལ་བཅས་ལ་ཟུང་འབྲེལ་བྱས་ཏེ། སྐོར་ཞིབ་གནད་ལ་ཁེལ་བའི་གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད། སྤྲོད་པ། སྙན་ཞུ། རྗེས་འདེད་ཐག་གཅོད་བཅས་བྱས་ཚུལ་དང་སྐོར་ཞིབ་ཐོ་འགོད་རེའུ་མིག་བྲིས་ཚུལ་སོགས་གཙོ་གནད་དུ་བཟུང་ནས་དཔྱད་ཞིབ་བྱེད་དགོས།

དོན་ཚན་ཉི་ཤུ། རིམ་པ་སོ་སོའི་ཆུ་དང་མཚོ་དཔོན་སྐོར་ཞིབ་ལས་དོན་ཁྲོད་གཤམ་གསལ་གྱི་བྱ་སྤྱོད་ལས་གང་རུང་ཡོད་པ་དང་། གནད་དོན་བསྐྱར་དུ་ཐོན་ནས་འབྲེལ་ཡོད་སྨྱན་སྦྱོར་གྱིས་དམར་འདོན་བྱས་པའམ། ཡང་ན་ཆུ་དང་འབྲེལ་བའི་དོན་རྐྱེན་ཚབས་ཆེན་ཐོན་པ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་ཐོན་རིགས་ལ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་། དེའི་ནང་མགོ་ཁྲིད་ལས་བྱེད་པ་དང་འབྲེལ་བ་ཡོད་རིགས་ལ་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་ནས་འགན་འཁྲི་རྩད་གཅོད་བྱ་རྒྱུ་སྟེ།

གཅིག གཏན་འབེབས་ལྟར་སྐོར་ཞིབ་མ་བྱས་པའི་རིགས།

གཉིས། སྐོར་ཞིབ་བྱེད་རིང་འབྲེལ་ཡོད་གནད་དོན་མཐོང་ཡང་མ་མཐོང་ཁུལ་བྱེད་པའི་རིགས།

གསུམ། གནད་དོན་ཤེས་རྟོགས་བྱུང་ཡང་ཐག་གཅོད་མི་བྱེད་པའམ་ཡང་ན་དུས་ཐོག་ཏུ་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཐག་གཅོད་བྱེདཔར་རྩིས་སྤྲོད་མ་བྱས་པའི་རིགས།

བཞི། སྐོར་ཞིབ་ཟིན་ཐོའི་རེའུ་མིག་རྫུན་བཟོ་རྫུན་སྒྲིག་བྱས་རིགས་བཅས་ཡིན།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་ཉེར་གཅིག ལམ་ལུགས་འདི་མཚོ་བྱང་ཁུལ་གྱི་ཆུ་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་འགྲེལ་བཤད་རྒྱག་པའི་འགན་འཁུར་རྒྱུ།

དོན་ཚན་ཉེར་གཉིས། ལམ་ལུགས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།



本期证报PDF文件