མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་བདེ་འཇགས་ཐོན་སྐྱེད་གནད་དོན་གྱི་བྱུར་རྐྱེན་ཞུ་སྦྱོར་བྱ་དགའི་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-11-23 17:07:22   |   255

བྱང་སྲིད་གཞུང་ལས་ཁང〔2022〕ཨང33པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།

ཁུལ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་འཆར་འགོད་གཏན་འབེབས་བྱས་པའི《མཚོ་བྱང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་གནད་དོན་གྱི་བྱུར་རྐྱེན་ཞུ་སྦྱོར་བྱ་དགའི་བྱེད་ཐབས》དེ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་ཞིབ་འཇུག་གྲོས་འཆམ་བྱུང་བ་བརྒྱུད། ད་ལྟ་དཔར་འགྲེམ་བྱས་པས་ལག་བསྟར་ནན་ཏན་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ5ཚེས20ཉིན།

མཚོ་བྱང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་གནད་དོན་གྱི་བྱུར་རྐྱེན་ཞུ་སྦྱོར་བྱ་དགའི་བྱེད་ཐབས།

དོན་ཚན་དང་པོ། རྒྱ་ཆེའི་མི་དམངས་མང་ཚོགས་དེ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ནང་ཞུགས་པའི་ཧུར་སེམས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འཛོལ་ཚབས་ཆེན་གྱི་བྱུར་རྐྱེན་དུས་ཐོག་ཏུ་ཤེས་རྟོགས་དང་སེལ་ཐབས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་དང་ཁྲིམས་གཅོད་བྱེད་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་དང་ལྷག་པར་དུ་ལས་འཛོལ་ཆེ་ཙམ་འབྱུང་རིགས་བཀག་འགོག་ནུས་ལྡན་བྱེད་པ་བཅས་ཀྱི་ཆེད་དུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས》དང《ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་སྙན་ཞུ་དང་བརྟག་ཞིབ་ཐག་གཅོད་སྲོལ་ཡིག》རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཨང493པསོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས། དོན་དངོས་དང་ཟུང་འབྲེལ་སྒོས་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ལས་ཁུངས་དང་རྩ་འཛུགས། མི་སྒེར་སུ་ཡིན་རུངགཤམ་དུ་ཞུ་སྦྱོར་བྱེད་མཁན་ཞེས་འབོད་རྒྱུམཚོ་བྱང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་དམ་ཡང་ན། ལས་འཛོལ་གྱི་བྱུར་རྐྱེན་ལ། མཚོ་བྱང་ཁུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཚུབ་བསྟུན་དོ་དམ་སྡེ་ཁག་ལ་ཞུ་སྦྱོར་གོང་ཞུ་བྱེད་དབང་ཡོད།

ཞུ་སྦྱོར་དོན་དག་དེ་ལས་ཁུངས་དེ་གའི་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་རིགས། ཞུ་སྦྱོར་འབྱོར་བའི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ཞུ་སྦྱོར་བྱེད་མཁན་ལ་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་ལ་ཞུ་སྦྱོར་བྱེད་དགོས་པའི་གསལ་བརྡ་གཏོང་བའམ། ཡང་ན་ཞུ་སྦྱོར་དཔྱད་ཡིག་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་སུ་སྐྱེལ་དུ་འཇུག་དགོས་པ་མ་ཟད། བྱེད་ཐབས་འོས་འཚམ་སྤྱད་དེ་ཞུ་སྦྱོར་བྱེད་མཁན་ལ་བཤད་དགོས།

དོན་ཚན་གསུམ་པ། ཞུ་སྦྱོར་བྱེད་མཁན་གྱིས་ཞུ་སྦྱོར་བྱས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་དམ་ཡང་ན། ལས་འཛོལ་གྱི་བྱུར་རྐྱེན་དེ་རྫོང་རིམ་པ་ཡན་གྱི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་སྔ་རོལ་ནས་ཤེས་རྟོགས་བྱས་མེད་ཀྱང་། ཁྲིམས་ལྟར་བརྟག་དཔྱད་བྱས་པ་བརྒྱུད་གནས་ཚུལ་ངོ་མ་ཡིན་ཚེ། བྱེད་ཐབས་འདིར་གཞིགས་ནས་ཞུ་སྦྱོར་བྱེད་མཁན་ལ་བྱ་དགའ་སྤྲོད་དགོས།

དོན་ཚན་བཞི་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་དམ་ཡང་ན་ལས་འཛོལ་གྱི་བྱུར་རྐྱེན་ཞུ་སྦྱོར་བྱེད་སྐབས། རྩ་དོན་ཐོག་རིམ་པ་བཞིན་ཞུ་སྦྱོར་བྱེད་དགོས། ཞུ་སྦྱོར་བྱེད་མཁན་གྱིས་ཐོག་མར་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་ལས་འཛོལ་གྱི་བྱུར་རྐྱེན་ཡོད་སའི་རྫོང་རིམ་པའི་འཚུབ་བསྟུན་སྡེ་ཁག་ལ་ཞུ་སྦྱོར་གོང་ཞུ་བྱེད་པ་དང་། རྫོང་འཚུབ་བསྟུན་སྡེ་ཁག་གིས་བདག་སྤྲོད་མ་བྱས་པའམ་ཡང་ན་དུས་ཐོག་ཏུ་ཐག་གཅོད་མ་བྱས་ཚེ། ཁུལ་འཚུབ་བསྟུན་སྡེ་ཁག་ལ་ཞུ་སྦྱོར་གོང་ཞུ་བྱས་ཆོག དངོས་ནས་དགོས་མཁོ་ཡོད་པར་སྙམ་ཚེ། ཐད་ཀར་ཞིང་ཆེན་འཚུབ་བསྟུན་དོ་དམ་ཐིང་ལ་ཞུ་སྦྱོར་བྱེད་ཀྱང་ཆོག

དོན་ཚན་ལྔ་བ། ཞུ་སྦྱོར་བྱེད་མཁན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི12350ཞུ་སྦྱོར་ཞུ་གཏུག་ཁ་པར་རམ་ཡང་ན་འཕྲིན་ཡིག་དང་གློག་རྡུལ་སྦྲག་སྐུར། བརྙན་སྐྱེལ། བཅར་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་གྱི་བྱུར་རྐྱེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཞུ་སྦྱོར་བྱེད་ཆོག

དོན་ཚན་དྲུག་པ། གནས་ཚུལ་ཞིབ་བསྡུར་དང་བྱ་དགའ་སྤྲོད་པར་སྟབས་བདེ་བཟོ་ཆེད། མིང་ངོ་མ་བཀོད་ནས་ཞུ་སྦྱོར་བྱ་རྒྱུ་དར་སྤེལ་གཏོང་དགོས། མིང་ངོ་མ་བཀོད་ནས་ཞུ་སྦྱོར་བྱེད་སྐབས། ཞུ་སྦྱོར་བྱེད་མཁན་གྱིས་ཞུ་སྦྱོར་བདག་སྤྲོད་སྡེ་ཁག་ལ་རང་ཉིད་ཀྱི་ཐོབ་ཐང་ངོ་མ་ར་སྤྲོད་བྱེད་ཐུབ་པའི་ལག་ཁྱེར་དང་། འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཐུབ་པའི་འབྲེལ་གཏུག་བྱེད་སྟངས་མཁོ་འདོན་བྱེད་དགོས།

ཞུ་སྦྱོར་བྱས་པའི་དོན་དག་དེ་དོན་དངོས་དང་མཐུན་དགོས། ཞུ་སྦྱོར་བྱེད་མཁན་གྱིས་ཞུ་སྦྱོར་དོན་དག་དེའི་བདེན་ལུགས་ལ་འགན་འཁྲི་འཁུར་དགོས་པ་ལས། རྫུན་ཞུ་དང་གཡོ་ཞུ་བྱས་མི་ཆོག་ལ། ཞུ་སྦྱོར་བྱ་ཡུལ་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་དེ་བས་ཀྱང་བྱེད་མི་ཆོག ཁྲིམས་དང་འགལ་ན་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་དམ་ཡང་ན་ལས་འཛོལ་གྱི་བྱུར་རྐྱེན་ཞུ་སྦྱོར་བདག་སྤྲོད་དང་ཞིབ་བཤེར། ཐག་གཅོད། མཐུན་སྦྱོར། སྐུལ་སྒྲུབ། རྩིས་སྤྲོད། སྡོམ་རྩིས། སྙན་སེང་ཞུ་བ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ལ་འཕྲིན་གཏོང་ས་གནས་དང་། སྦྲག་སྲིད་ཨང་གྲངས། གློག་རྡུལ་ཡིག་སྒམ། བརྙན་སྐྱེལ། ཆུ་ཚོད24རིང་གི་ལས་རེས་བདག་སྤྲོད་ཁ་པར་དང་བྱ་དགའི་དངུལ་ལེན་ཐབས་ཡོངས་བསྒྲགས་བྱེད་པ་དང་། ཐབས་ལམ་མང་པོ་དང་བྱེད་སྟངས་སྣ་མང་གི་ཐོག་ནས་མང་ཚོགས་ཀྱིས་གློག་འཕྲིན་དང་འཕྲིན་སྐུར་ཞུ་སྦྱོར་དང་དངོས་སུ་ཞུ་སྦྱོར་བྱེད་པ་བདག་སྤྲོད་བྱེད་དགོས།

དོན་ཚན་བརྒྱད་པ། ཞུ་སྦྱོར་ཐག་གཅོད་ལས་དོན་ཐད་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས་ཏེ།

གཅིགབརྟག་དཔྱད་ཞིབ་བསྡུར་བྱེད་སྐབས། ཞུ་སྦྱོར་དཔྱད་གཞིའི་མ་ཡིག་གམ་ཡང་ན་བསྐྱར་དཔར་ཡིག་ཆ་སྟོན་མི་ཆོག་པ་དང་ཞུ་སྦྱོར་བྱེད་མཁན་ཕྱིར་མངོན་དུ་བཅུག་མི་ཆོག

གཉིས།ཞུ་སྦྱོར་བྱ་བར་བྱས་རྗེས་ཡོད་པར་གསར་འགྱུར་དྲིལ་སྒྲོག་དང་བྱ་དགའ་སྤྲོད་དགོས་ལ། རྩ་དོན་ཐོག་ཞུ་སྦྱོར་བྱེད་མཁན་གྱི་མིང་དང་ལས་ཁུངས་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་ཆོག

གསུམ།བརྟག་དཔྱད་ཞིབ་བསྡུར་མཇུག་སྒྲིལ་རྗེས་ཀྱི་ཉིན10ཡི་ནང་ཚུན་དུ། བྱེད་ཐབས་འོས་འཚམ་སྤྱད་དེ་ཞུ་སྦྱོར་བྱེད་མཁན་ལ་ཞིབ་བཤེར་བྱས་འབྲས་ཀྱི་ལན་འདེབས་དགོས་པ་དང་། ཞིབ་བཤེར་བྱས་པ་དོན་དངོས་ཡིན་ཡང་ཞུ་སྦྱོར་བྱེད་མཁན་ལ་འབྲེལ་གཏུག་བྱེད་མི་ཐུབ་ཚེ། ཞིབ་བཤེར་ཐག་གཅོད་བྱས་འབྲས་དེ་བྱེད་ཐབས་འོས་འཚམ་སྤྱད་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་དགུ་བ། ཞུ་སྦྱོར་བདག་སྤྲོད་བྱེད་མཁན་སྡེ་ཁག་གིས་ཞུ་སྦྱོར་འབྱོར་རྗེས་ཀྱི་བྱ་བའི་ཉིན་གྲངས7གྱི་ནང་ཚུན་དུ་ཞིབ་བཤེར་བྱེད་དགོས་པ་དང་། བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན60ཡི་ནང་ཚུན་དུ་ཐག་གཅོད་བྱེད་དགོས། གནས་ཚུལ་རྙོག་འཛིང་ཆེ་རིགས་ལ་གོང་རིམ་འཚུབ་བསྟུན་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིབ་བཤེར་ཐག་གཅོད་དུས་ཚོད་འོས་འཚམ་གྱིས་རིང་དུ་བཏང་ཆོག་མོད། འོན་ཀྱང་དུས་འགྱངས་བྱེད་ཡུན་ཉིན30ལས་བརྒལ་མི་ཆོག་པ་མ་ཟད། ཞུ་སྦྱོར་བྱེད་མཁན་ལ་དུས་འགྱངས་བྱས་པའི་རྒྱུ་མཚན་ཡིག་ཐོག་ནས་གསལ་བཤད་བྱེད་དགོས།

དོན་ཚན་བཅུ་བ། བྱ་དགའ་སྤྲོད་དགོས་པའི་ཞུ་སྦྱོར་བྱེད་མཁན་ལ། ཞུ་སྦྱོར་དེ་བདག་སྤྲོད་བྱེད་པའི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་བྱ་དགའ་སྤྲོད་དགོས། ཞུ་སྦྱོར་ཞིབ་བཤེར་ཐག་གཅོད་བྱེད་མཁན་གྱི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་གོང་རིམ་དང་འོག་རིམ་འཚུབ་བསྟུན་དོ་དམ་སྡེ་ཁག་ལ་ཞུ་སྦྱོར་བྱས་པའི་ནང་དོན་དང་། ཞུ་སྦྱོར་དུས་ཚོད་སོགས་འབྲེལ་ཡོད་གནས་ཚུལ་ཞིབ་བསྡུར་བྱས་ནས། ཞིབ་བསྡུར་བསྐྱར་ཟློས་དང་བྱ་དགའ་བསྐྱར་ཟློས་མི་སྤྲོད་པ་བྱེད་དགོས།

དོན་ཚན་བཅུ་གཅིག ཁུལ་འཚུབ་བསྟུན་སྡེ་ཁག་གིས་རྫོང་སོ་སོར་ཞིབ་བསྡུར་ཐག་གཅོད་བྱེད་པར་སྤྲད་པའི་ཞུ་སྦྱོར་དོན་དག་དེ། རྫོང་སོ་སོས་རང་སྲིད་འཛིན་ས་ཁོངས་ནང་གི་ཞུ་སྦྱོར་བྱ་དགའི་བྱ་བར་སྒྲུབ་འགན་ཁུར་དགོས་ལ། བྱ་དགའི་དངུལ་དེ་རྫོང་སོ་སོའི་འཚུབ་བསྟུན་སྡེ་ཁག་གིས་རང་ས་གནས་ཀྱི་བྱ་དགའི་ཚད་གཞི་གཞིར་བཟུང་ནས་སྤྲོད་དགོས། ས་གནས་དེ་གར་བྱ་དགའི་ལམ་ལུགས་བཙུགས་མེད་པའི་རིགས་ཡོད་ན། རྫོང་སོ་སོའི་འཕྲལ་བསྟུན་སྡེ་ཁག་གིས་གཏན་འབེབས་འདི་གཞིར་བཟུང་ནས་རྩིས་སྤྲོད་བྱེད་དགོས།

དོན་ཚན་བཅུ་གཉིས། མིང་ངོ་མ་བཀོད་ནས་གཤམ་གསལ་གྱི་ཁྲིམས་འགལ་བྱ་སྤྱོད་དམ་ཡང་ན་ལས་འཛོལ་གྱི་བྱུར་རྐྱེན་ཡོད་པའི་རིགས་ཞུ་སྦྱོར་བྱས་ན། ཁྲིམས་འགལ་གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་ཞིབ་བསྡུར་བྱས་རྗེས། ཞུ་སྦྱོར་བྱེད་མཁན་ལ་ལག་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་དང་ཚད་གཞི་གཤམ་གསལ་ལྟར།

གཅིགསྤྱིར་བཏང་ལས་འཛོལ་གྱི་བྱུར་རྐྱེན་དང་སྤྱིར་བཏང་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞུ་སྦྱོར་བྱེད་མཁན་ལ་སྒོར2000ཀྱི་བྱ་དགའ་སྤྲོད་པ།

གཉིས།ལས་འཛོལ་ཚབས་ཆེན་གྱི་བྱུར་རྐྱེན་ནམ་ཡང་ན་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཞུ་སྦྱོར་བྱས་ཚེ། ཞུ་སྦྱོར་བྱེད་མཁན་ལ་བྱ་དགའ་སྒོར5000སྤྲོད་པ་སྟེ།

1.བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་མ་ཐོབ་པའམ་ཡང་ན་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་གཏན་འབེབས་བྱས་པའི་ནུས་ལྡན་དུས་བཅད་དང་། ཁྱབ་ཁོངས་ལས་བརྒལ་ནས་རང་དགར་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་རིགས་ཞུ་སྦྱོར་བྱེད་པ། 

2.ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གིས་ཐོན་སྐྱེད་བྱེད་མཚམས་བཞག་ནས་དག་ཐེར་བྱེད་པ་དང་། ལས་སྒྲུབ་བྱེད་མཚམས་འཇོག་པགཉེར་སྐྱོང། དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་པ། སྒོ་རྒྱག་ཏུ་འཇུག་པ་སོགས་ཀྱི་སྲིད་འཛིན་ཁྲིམས་བསྟར་གྱི་བཀའ་བཀོད་ལ་འགལ་ཏེ། རང་དགར་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བ་ཞུ་སྦྱོར་བྱེད་པའི་རིགས།

3.ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་གསར་སྐྲུན་དང་སྒྱུར་སྐྲུན། རྒྱས་སྐྲུན་བཅས་བྱེད་པའི་བདེ་འཇགས་སྒྲིག་བཀོད་དག་གཏན་འབེབས་ལྟར་ལས་གྲྭ་གཙོ་བོ་དང་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་ལས་མགོ་འཛུགས་པ། ཐོན་སྐྱེད་དང་བེད་སྤྱོད་བཅས་བྱས་མེད་པ་ཞུ་སྦྱོར་བྱེད་པའི་རིགས།

4.གཏེར་རིའི་འཛུགས་སྐྲུན་རྣམ་གྲངས་དང་ཉེན་ཁ་ཆེ་བའི་དངོས་རྫས་གསོག་ཉར་བྱེད་སའི་འཛུགས་སྐྲུན་རྣམ་གྲངས་ཞུ་སྦྱོར་བྱེད་སྐབས། བདེ་འཇགས་སྒྲིག་བཀོད་ལ་གཏན་འབེབས་ལྟར་ཞིབ་བཤེར་མ་བྱས་པར་རང་དགར་ཨར་ལས་བྱེད་པ་དང་། འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་གཏན་འབེབས་ལྟར་ཞིབ་བཤེར་རྩིས་ལེན་མ་བྱས་པར་རང་དགར་ཐོན་སྐྱེད་དང་ལས་གཉེར་བྱེད་མགོ་བཙུགས་པ་ཞུ་སྦྱོར་བྱེད་པའི་རིགས།

5.སྡེབ་སྒྲིག་དང་ལག་རྩལ་སྒྱུར་བཀོད་ཀྱི་མིང་གཡར་ནས་སྒྲིག་འགལ་ངང་ཐོན་སྐྱེད་རྩ་འཛུགས་བྱས་པ་དང་། དེ་བཞིན་གཏན་འབེབས་བྱས་པའི་དུས་བཅད་ནང་སྒྱུར་བཀོད་མ་བྱས་པའམ་ཡང་ན་བསམ་བཞིན་དུ་ལས་ཡུན་དུས་འགྱངས་བྱས་པའི་གཏེར་རི་ཞུ་སྦྱོར་བྱེད་པའི་རིགས།

6.དོན་དངོས་ཀྱི་ཉེན་ཁ་ཡོད་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཆེ་ཙམ་འབྱུང་སྲིད་པའི་བྱུར་རྐྱེན་གྱི་ལས་འཛོལ་ཡོད་པ་ཞུ་སྦྱོར་བྱེད་པའི་རིགས།

7.ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གིས་བཙན་ཐབས་ཀྱིས་འདོར་བའི་ཁོངས་སུ་གཏོགས་པའམ་ཡང་ན་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་སྲིད་པའི་སྒྲིག་ཆས་སྒྲིག་བཀོད་དང་། མ་བཅོས་རྒྱུ་ཆ། བཟོ་རྩལ་སྒྲིག་ཆས་བཅས་བེད་སྤྱོད་བྱས་བའི་དབང་གིས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་སྲིད་པ་ཞུ་སྦྱོར་བྱེད་པའི་རིགས།

8.ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གིས་ལས་ཀ་བྱེད་ཡུལ་དེ་ལས་རིགས་འཕྲོད་བསྟེན་གྱི་ཆ་རྐྱེན་དང་མི་མཐུན་པ་དང་། ལས་གཉེར་མི་སྣའི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་བ་ཞུ་སྦྱོར་བྱེད་པའི་རིགས།

9.ཁེ་ལས་ཀྱི་འགན་ཁུར་བས་ལས་རེས་མགོ་ཁྲིད་ཀྱི་ལམ་ལུགས་ལག་བསྟར་བྱས་མེད་པ་དང་། གཏེར་ཁུངས་ཁེ་ལས་ཀྱི་མགོ་ཁྲིད་པ་ལས་བཟོ་པ་དང་མཉམ་གཅིག་ཏུ་གཏེར་དོང་དུ་མི་འཛུལ་བ་དང་མཉམ་གཅིག་གཏེར་དོང་ལས་མི་འབུད་པ། ལས་འཛོལ་བྱུང་ཡུལ་དུ་ལས་རེས་མགོ་ཁྲིད་མེད་པ་བཅས་ཞུ་སྦྱོར་བྱེད་པའི་རིགས།

10.ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གི་དོ་དམ་མི་སྣས་སྒྲིག་སྲོལ་ལས་འགལ་ཏེ་བཀོད་འདོམས་བྱེད་པ་དང་། བཟོ་པར་ཉེན་ཁ་ཆེ་བའི་ལས་ཀ་བྱེད་དུ་འཇུག་པ། ནུས་པ་ལས་བརྒལ་བ། ཤུགས་ཚད་ལས་བརྒལ་བ། མི་གྲངས་གཏན་ཁེལ་ལས་བརྒལ་བ་བཅས་ཀྱིས་ཐོན་སྐྱེད་རྩ་འཛུགས་བྱས་པ་ཞུ་སྦྱོར་བྱེད་པའི་རིགས།

11.ཐོན་སྐྱེད་གཉེར་སྐྱོང་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་དང་། བདེ་འཇགས་ཐོན་སྐྱེད་དོ་དམ་མི་སྣ། དམིགས་བསལ་ལས་བཟོ་མི་སྣ་བཅས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བདེ་འཇགས་ཐོབ་ཐང་ལག་ཁྱེར་དང་དམིགས་བསལ་ལས་སྒྲུབ་ལག་ཁྱེར་སོགས་ལག་ཁྱེར་འཁྱེར་ནས་ལས་གནས་སུ་མ་ཞུགས་པ་དང་། ལས་བཟོ་པར་བདེ་འཇགས་སློབ་གསོའི་གསོ་སྦྱོང་གི་ཚད་ལོན་མེད་པར་ལས་གནས་སུ་ཞུགས་སུ་བཅུག་པ་ཞུ་སྦྱོར་བྱེད་པའི་རིགས།

12.བདེ་འཇགས་གདེང་འཇོག་དང་རྟོག་འཇལ་སོགས་མཚམས་སྦྱོར་ལས་ཁུངས་ཀྱིས་འབྲེལ་ཡོད་ཚད་གཞི་དང་ཚད་ལྡན་བཅས་གཞིར་མི་འཛིན་པར་བབ་མཚུངས་ཀྱི་མཚམས་སྦྱོར་ཞབས་ཞུ་སྒྲུབ་པ་དང་། དོན་དངོས་ཀྱི་གནས་ཚུལ་དང་མི་མཐུན་པའི་སྡོམ་ཚིག་རྫུན་མ་སྙན་ཞུ་དང་ཁྲིམས་འགལ་སྒྲིག་འགལ་དང་རྫུན་བཟོ་རྫུན་སྒྲིག་གི་བྱ་སྤྱོད་གཞན་དག་ཡོད་པ་ཞུ་སྦྱོར་བྱེད་པའི་རིགས།

13.བདེ་འཇགས་གསོ་སྦྱོང་ལས་ཁུངས་ཀྱིས་གཏན་འབེབས་ལྟར་གསོ་སྦྱོང་བྱས་མེད་པ་དང་། གསོ་སྦྱོང་གི་སྤུས་ཚད་འགན་ལེན་བྱས་མེད་པ། རྫུན་བཟོ་རྫུན་སྒྲིག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་བསལ་ལས་སྒྲུབ་ལག་ཁྱེར་དང་བདེ་འཇགས་ཐོན་སྐྱེད་དོ་དམ་མི་སྣའི་བདེ་འཇགས་ཐོབ་ཐང་ལག་ཁྱེར་སོགས་གཡོ་ལེན་ནམ་ཡང་ན་གཡོ་ལེན་བྱེད་རོགས་བྱས་པ་ཞུ་སྦྱོར་བྱེད་པའི་རིགས།

14.ཐོན་སྐྱེད་གཉེར་སྐྱོང་ལས་ཁུངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་བའི་འགན་ཁུར་བདའ་འདེད་དོན་འཁྱོལ་མ་བྱས་པ་ཞུ་སྦྱོར་བྱེད་པའི་རིགས།

15.བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་བམ་ལས་རིགས་ཀྱི་ཚད་གཞི་བཅས་སུ་གཏན་འབེབས་བྱས་པའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཞན་དག་དང་། གནས་ཚུལ་ཚབས་ཆེན་ཡིན་པ་ཞུ་སྦྱོར་བྱེད་པའི་རིགས་བཅས་ཡིན།

གསུམ།ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྦ་གསང་དང་རྫུན་ཞུ་བྱས་པ་ཞུ་སྦྱོར་བྱེད་པར། ལས་འཛོལ་མཐའ་མཇུག་ངོས་འཛིན་གྱི་རིམ་པ་དང་རྩད་ཞིབ་བྱུང་བའི་རྐྱེན་ལམ་དུ་ཤོར་བའི་ལས་བཟོ་བའི་མི་གྲངས་ལྟར་བྱ་དགའ་སྤྲོད་རྒྱུ། སྤྱིར་བཏང་གི་ལས་འཛོལ་སྦ་གསང་དང་རྫུན་ཞུ་བྱས་པ་ཞུ་སྦྱོར་བྱེད་པའི་རིགས་ལ་སྒོར3000གྱི་བྱ་དགའ་སྤྲོད་རྒྱུ། ལས་འཛོལ་ཅུང་ཆེ་བ་སྦ་གསང་དང་རྫུན་ཞུ་བྱས་པ་ཞུ་སྦྱོར་བྱེད་པའི་རིགས་ལ་སྒོར5000ཡི་བྱ་དགའ་སྤྲོད་རྒྱུ། ལས་འཛོལ་ཚབས་ཆེན་སྦ་གསང་དང་རྫུན་ཞུ་བྱས་པ་ཞུ་སྦྱོར་བྱེད་པའི་རིགས་ལ་སྒོར10000གི་བྱ་དགའ་སྤྲོད་རྒྱུ། ལས་འཛོལ་ཧ་ཅང་ཚབས་ཆེན་བྱུང་བ་སྦ་གསང་དང་རྫུན་ཞུ་བྱས་པ་ཞུ་སྦྱོར་བྱེད་པའི་རིགས་ལ་སྒོར20000ཀྱི་བྱ་དགའ་སྤྲོད་རྒྱུ།

རྫོང་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་བྱ་དགའ་སྤྲོད་དགོས་རིགས་ལ། བྱ་དགའ་སྤྲོད་པའི་ཚད་གཞི་དེ་གནས་ཚུལ་དངོས་ལ་གཞིགས་ནས་གཏན་ཁེལ་བྱེད་དགོས་པ་མ་ཟད། གོང་རིམ་འཚུབ་བསྟུན་སྡེ་ཁག་ལ་སྤྲད་ནས་ཞུ་ཚགས་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་གསུམ། ཞུ་སྦྱོར་བྱེད་མཁན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཅིག་གམ་ཡང་ན་བདེ་འཇགས་ཀྱི་བྱུར་རྐྱེན་གཅིག་འཚུབ་བསྟུན་དོ་དམ་སྡེ་ཁག་གཉིས་སམ་ཡང་ན་གཉིས་ཡན་ལ་ཞུ་སྦྱོར་བྱས་ཚེ་བྱ་དགའ་ཐེངས་གཅིག་ལས་ཐོབ་མི་ཆོག

ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་དང་བྱུར་རྐྱེན་གཅིག་ལ་མི་མང་པོས་ཞུ་སྦྱོར་ཐེངས་མང་བྱས་པ་མ་ཟད་ནང་དོན་གཅིག་མཚུངས་ཡིན་ན། གོ་རིམ་ལྟར་གྱི་ཐེངས་དང་པོའི་ཞུ་སྦྱོར་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་། ཞུ་སྦྱོར་གོ་རིམ་དེ་ཞུ་སྦྱོར་བདག་སྤྲོད་བྱེད་པའི་དུས་ཚོད་གཞིར་འཛིན་དགོས། མི་གཉིས་ཡན་གྱིས་མིང་མཉམ་བཀོད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཅིག་གམ་ཡང་ན་ལས་འཛོལ་གྱི་བྱུར་རྐྱེན་གཅིག་ཞུ་སྦྱོར་བྱས་ཚེ། བྱ་དགའི་དངུལ་ཆ་སྙོམས་ཀྱིས་བགོ་ཆོག་པ་ཡིན། མིང་ངོ་མ་བཀོད་ནས་ཞུ་སྦྱོར་བྱས་པའི་མི་སྣ་དང་པོའམ་ཡང་ན་མི་སྣ་དང་པོས་ཡིག་ཐོག་ནས་མངགས་བཅོལ་བྱས་པའི་མིང་ངོ་མ་འགོད་མཁན་གྱི་མི་གཞན་དག་གིས་བྱ་དགའི་དངུལ་ལེན་ཆོག ཞུ་སྦྱོར་བྱས་པའི་དོན་ཚན་དེ་ཕན་ཚུན་སྣོལ་བ་ཡོད་ཚེ། རྣམ་གྲངས་རྐྱང་པའི་བྱ་དགའ་མཐོ་ཤོས་ལྟར་བྱ་དགའ་བསྐྱར་ཟློས་སུ་མི་སྤྲོད།

དོན་ཚན་བཅུ་བཞི། འཚུབ་བསྟུན་སྡེ་ཁག་གིས་ཞུ་སྦྱོར་དོན་དག་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་མ་ཟད། ཆད་གཅོད་གཏན་འབེབས་ལག་བསྟར་བྱས་རྗེས་ཀྱི་བྱ་བའི་ཉིན་གྲངས10ཡི་ནང་བྱ་དགའ་ཐོབ་པའི་ཐོབ་ཐང་གི་ཆ་རྐྱེན་འཛོམས་པའི་ཞུ་སྦྱོར་བྱེད་མཁན་ལ་བྱ་དགའ་ལེན་རྒྱུའི་བརྡ་སྦྱོར་གཏོང་དགོས། ཞུ་སྦྱོར་བྱེད་མཁན་ལ་བྱ་དགའ་ལེན་པའི་བརྡ་སྦྱོར་འབྱོར་རྗེས་ཀྱི་ཉིན60ཡི་ནང་ཚུན་དུ་ཞུ་སྦྱོར་བྱེད་མཁན་གྱི་གོ་ཆོད་ལག་ཁྱེར་ལ་བརྟེན་ནས་དམིགས་འཛུགས་ས་གནས་སུ་བྱ་དགའི་དངུལ་ལེན་དགོས། ཞུ་སྦྱོར་བྱེད་མཁན་ལ་བརྡ་སྦྱོར་གཏོང་ཐབས་མེད་ཚེ། ཞུ་སྦྱོར་བདག་སྤྲོད་བྱེད་མཁན་གྱི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ཁྱབ་ཁོངས་ངེས་ཅན་གྱི་ནང་སྤྱི་བསྒྲགས་བྱེད་ཆོག དུས་ཡུན་ལོངས་ནས་བྱ་དགའ་ལེན་མཁན་མེད་ན། ལེན་དབང་དོར་བར་བརྩི་རྒྱུ།

དོན་ཚན་བཅོ་ལྔ། གཤམ་གསལ་གྱི་ཞུ་སྦྱོར་ནམ་ཡང་ན་བྱ་སྤྱོད་དེ་བྱེད་ཐབས་འདིའི་བྱ་དགའ་སྤྲོད་པའི་གཏན་འབེབས་ལ་མི་འཚམ་པ་ཡིན་ཏེ།

གཅིགབདག་སྤྲོད་བྱས་ཟིན་པའམ་ཞིབ་བཤེར་ཐག་གཅོད་བྱེད་བཞིན་པའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་བྱུར་རྐྱེན་གྱི་ལས་འཛོལ་ཞུ་སྦྱོར་བྱས་རིགས།

གཉིས།འཚུབ་བསྟུན་དོ་དམ་སྡེ་ཁག་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་དོ་དམ་འགན་འཁྲི་ཡོད་པའི་སྡེ་ཁག་གི་ལས་དོན་མི་སྣའམ་ཡང་ན་ཐད་ཀར་གཉེན་ཉེའི་འབྲེལ་བ་ཡོད་པ་ཡིས་ཞུ་སྦྱོར་བྱས་རིགས།

གསུམ།མིང་མ་བཀོད་པར་ཞུ་སྦྱོར་བྱས་པ།

དོན་ཚན་བཅུ་དྲུག ཞུ་སྦྱོར་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། ཞུ་སྦྱོར་གྱི་གནས་ཚུལ་ཤེས་རྟོགས་ཡོད་པའི་འབྲེལ་ཡོད་མི་སྣས་ཞུ་སྦྱོར་བྱེད་མཁན་གནས་ཚུལ་སྦ་གསང་བྱེད་དགོས། བྱེད་ཐབས་གང་རུང་ལ་བརྟེན་ནས་ཞུ་སྦྱོར་བྱེད་མཁན་མི་སྒེར་གྱི་འབྲེལ་ཡོད་དཔྱད་ཡིག་དང་གྱོད་གཞིའི་གནས་ཚུལ། དེ་བཞིན་བྱ་དགའ་བླངས་བ་སོགས་ཀྱི་གནས་ཚུལ་ཕྱིར་སྒྲོག་བྱེད་མི་ཆོག དེ་དང་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་པའམ་ཡང་ན་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

ཞུ་སྦྱོར་བྱེད་མཁན་གྱི་གནས་ཚུལ་ཤེས་བའི་འབྲེལ་ཡོད་མི་སྣས་ཞུ་སྦྱོར་བྱ་ཡུལ་ལ་གནས་ཚུལ་ལྐོག་བཤད་བྱས་ནས། ཆད་གཅོད་ལས་གཡོལ་ཐབས་བྱེད་དུ་བཅུག་པའི་རིགས་ཤེས་ཚེ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཐག་གཅོད་ནན་མོ་བྱེད་དགོས།

ཞུ་སྦྱོར་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་ཕོག་པའམ་ཡང་ན་ཕོག་སྲིད་པའི་རིགས་ལ། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་རྡུང་རྡེག་འཁོན་སློག་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། ཞུ་སྦྱོར་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱས་ནས་ཉེས་གསོག་གི་ཚད་དུ་སླེབས་པའི་རིགས་ཡོད་ན། ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་བདུན། ཁུལ་དང་རྫོང་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ཞུ་སྦྱོར་ཐོ་འགོད་ཡག་པོ་བྱེད་དགོས་ལ། དེའི་ནང་དུ་ཞུ་སྦྱོར་བདག་སྤྲོད་བྱས་ཚུལ་དང་། བརྟག་དཔྱད་གནས་ཚུལ། ཐག་གཅོད་བྱས་ཚུལ། བྱ་དགའ་སྤྲད་ཚུལ་བཅས་ཚུད་ཡོད།

རྫོང་སོ་སོའི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ཁོངས་གཏོགས་ས་གནས་ཀྱི་ཞུ་སྦྱོར་དང་དེ་བཞིན་བྱ་དགའ་སྤྲད་པའི་གནས་ཚུལ་དུས་ཚིགས་རེར་ཁུལ་རིམ་པའི་འཚུབ་བསྟུན་དོ་དམ་སྡེ་ཁག་ལ་སྙན་སེང་ཞུ་དགོས།

ཁུལ་དང་རྫོང་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་དུས་བཅད་ལྟར་སྤྱི་ཚོགས་ལ་ཞུ་སྦྱོར་བདག་སྤྲོད་དང་། བརྟག་དཔྱད་ཐག་གཅོད། བྱ་དགའ་སྤྲད་ཚུལ་བཅས་ཡོངས་བསྒྲགས་བྱེད་པའི་འགན་ཁུར་དགོས་པ་དང་། ལོ་ཕྱེད་རེར་འབྲེལ་ཡོད་སྨྱན་བྱད་དང་དྲ་ཚིགས་སྟེང་སྤྱི་ཚོགས་ལ་སྤྱི་སྒྲོག་བྱེད་པ་ཐེངས་གཅིག་ལས་ཉུང་མི་ཆོག

དོན་ཚན་བཅོ་བརྒྱད། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཞུ་སྦྱོར་བྱ་དགའི་གྲོན་དངུལ་དེ་རྫོང་རིམ་པ་ཡན་གྱི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ལོ་རེའི་ལོ་མཇུག་གི་སྔོན་དུ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་ལ་ཡིག་ཐོག་རེ་ཞུ་བྱེད་དགོས་པ་མ་ཟད། སྡེ་ཁག་གི་སྔོན་རྩིས་བཟོ་འགོད་ནང་གསལ་པོར་འགོད་དགོས། ནོར་སྲིད་ཀྱིས་ཞིབ་བཤེར་བྱས་ནས་ཡིད་འཐད་བྱུང་རྗེས། ཕྱི་ལོར་སྡེ་ཁག་གི་སྔོན་རྩིས་བཟོ་འགོད་ནང་ཆེད་དམིགས་རྣམ་གྲངས་བཀོད་སྒྲིག་བྱ་རྒྱུ་དང་། རྫོང་རིམ་པ་ཡན་གྱི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ཆེད་དམིགས་གྲོན་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་ཁུར་དགོས།

དོན་ཚན་བཅུ་དགུ། བྱ་དགའི་གྲོན་དངུལ་དོ་དམ་དང་བེད་སྤྱོད་བྱེད་པར་རྩིས་བཤེར་དང་ནོར་སྲིད་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱ་དགོས། རིམ་པ་སོ་སོའི་འཚུབ་བསྟུན་སྡེ་ཁག་དང་དེའི་ལས་དོན་མི་སྣས་བྱ་དགའི་མ་དངུལ་རྫུན་ཞུ་གཡོ་ལེན་དང་བཀག་ཉར་གཞན་སྤྱོད་བྱེད་རིགས་གཏན་འགོག་བྱས་ནས། གཏན་འབེབས་དང་འགལ་རིགས་ལ་ཁྲིམས་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་སྲོལ་གྱི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་བཟོས་བ་ཡིན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་ཉི་ཤུ། རྫོང་སོ་སོས་སྤྱི་ཚོགས་ཐོག་ཁོངས་གཏོགས་ས་གནས་ཀྱི་ཞུ་སྦྱོར་ཞུ་གཏུག་དང་འཕྲིན་གཏོང་ས་གནས། བདག་སྤྲོད་ཁ་པར། གློག་རྡུལ་ཡིག་སྒམ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། ཐབས་ལམ་དང་བྱེད་ཐབས་མང་པོ་སྤྱད་དེ་མང་ཚོགས་ཀྱི་ཁ་པར་དང་ཡིག་སྐུར་གྱི་ལམ་ནས་ཞུ་སྦྱོར་དང་ཞུ་སྦྱོར་བྱེད་དུ་ཡོང་མཁན་བཅས་བདག་སྤྲོད་བྱེད་དགོས།

དོན་ཚན་ཉེར་གཅིག རྫོང་སོ་སོས་ཁོངས་གཏོགས་ས་གནས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ཞུ་སྦྱོར་བྱ་དགའི་བྱེད་ཐབས་བཟོ་ཆོག་ལ། བྱེད་ཐབས་འདི་གཞིར་བཟུང་ནས་ལག་བསྟར་བྱས་ཀྱང་ཆོག

དོན་ཚན་ཉེར་གཉིས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། ལྕགས་ལམ་འགྲིམ་འགྲུལ་བདེ་འཇགས། ཆུ་ཐོག་འགྲིམ་འགྲུལ་བདེ་འཇགས། དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་བཅས་དང་དེ་བཞིན་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས། མེ་གསོད་མེ་འགོག་གི་བདེ་འཇགས་བཅས་ལ་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་བེད་སྤྱོད་བྱེད་ཆོག

དོན་ཚན་ཉེར་གསུམ། བྱེད་ཐབས་འདི་མཚོ་བྱང་ཁུལ་འཚུབ་བསྟུན་དོ་དམ་ཅུས་འགྲེལ་བཤད་རྒྱག་པའི་འགན་ཁུར་དགོས།

དོན་ཚན་ཉེར་བཞི། བྱེད་ཐབས་འདི2022ལོའི་ཟླ6ཚེས20ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།



本期证报PDF文件