མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར

2022-11-23 17:28:51   |   246

བྱང་སྲིད་གཞུང〔2022〕ཨང24པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།

《མཚོ་བྱང་ཁུལ་གྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ》ལ་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས15བའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ཡིད་འཐད་བྱུང་ཡོད་པས། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་བཞིན་ལག་བསྟར་དོན་འཁྱོལ་དང་དམ་འཛིན་ནན་ཏན་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
2022ལོའི་ཟླ5ཚེས10ཉིན།

མཚོ་བྱང་ཁུལ་གྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ།

དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ་ལས་དོན་སྡོམ་འགོད་ཡག་པོ་བྱེད་པ་དང་། ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་དཀའ་གནད་ལས་སྒྲོལ་བ་དང་འཕེལ་རྒྱས་སླར་གསོ་བྱེད་པར་རོགས་རམ་བྱེད་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་གི《〈ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་འགའི〉བརྡ་སྦྱོར》(འཕེལ་བཅོས་ནོར་དངུལ〔2022〕ཨང271པ)དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་སོགས་སྡེ་ཁག་གི《〈མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་འགའི〉བརྡ་སྦྱོར》(འཕེལ་སྒྱུར་ཚོང་དོན〔2022〕ཨང231པ)ནན་ཏན་སྒོས་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་།  ཁུལ་གྱི་དོན་དངོས་གནས་ཚུལ་གཞིར་བཟུང་ནས་གཤམ་གྱི་བྱེ་བྲག་གི་བྱེད་ཐབས་གཏན་འབེབས་བྱས་པ་ཡིན།

གཅིག “ཁྲལ་འཕྲི་དངུལ་གཅོག”སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ངོས་ནས“ཁྲལ་འཕྲི་དངུལ་གཅོག”དང་། “གྲོན་དངུལ་ཉུང་དུ་བཏང་ནས་ཁེ་སྤོགས་སྤྲོད་པ”། “ལས་གནས་བརྟན་པོ་བྱས་ནས་ཁ་གསབ་ཕྱིར་སློག་པ”སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད་པ་དང་། སྲིད་ཇུས་དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང“མཐོ་བ་ལས་དམའ་རུ་མི་བྱེད་པ་”དང“ཡངས་བ་ལས་དོག་པོར་མི་བཟོ་བ”བཅས་ཀྱི་རྩ་དོན་ལྟར་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་ཁུར་པོ་ཚད་གཞི་མཐོ་ཤོས་ནས་ཇེ་ཡང་དུ་གཏོང་དགོས།

གཉིས། ཐོན་ལས་རོགས་སྐྱོར་མ་དངུལ་གྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་འོས་འཚམ་གྱིས་ཇེ་མང་དུ་བཏང་ནས། གཙོ་བོ་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་ལ་གཟིགས་སྐྱོང་བྱེད་པ་དང་། རིག་གནས་གནས་སྐོར་དང་བཟའ་བཏུང་ཞག་སྡོད། ཚོང་དོན་ཟོག་འགྲེམས་སོགས་ལས་རིགས་ཀྱི་དཀའ་ངལ་ཡོད་པའི་ཁེ་ལས་ལ་དངུལ་བུན་སྐྱེད་གསབ་དང་། མ་དངུལ་བྱ་དགའི་ཁ་གསབ། ནོར་སྲིད་ཀྱིས་རྗེས་སུ་ཁ་གསབ་བྱེད་པ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རོགས་སྐྱོར་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

གསུམ། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་གི་ཚབ་སྤྲོད་མ་དངུལ་འཁོར་རྒྱུག་བྱེད་རིམ་སྟབས་བདེ་རུ་གཏོང་བ་དང་། མ་དངུལ་འཁོར་རྒྱུག་མགྱོགས་སུ་གཏོང་བ། བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་དངུལ་བུན་གྱི་གནོན་ཤུགས་ཆུང་དུ་གཏོང་རོགས་བྱེད་དགོས། ཞིང་ཆེན་རིམ་པའི་ཚོང་དོན་འཁོར་རྒྱུག་དང་། རིག་གནས་གནས་སྐོར། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ནོར་སྲིད་ཆེད་དོན་མ་དངུལ་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་དཀའ་སེལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

བཞི། དངུལ་རྩའི་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་འགན་བཅོལ་སྒྲིག་གཞིར་སྐུལ་ལྕག་བཏང་སྟེ། ཞབས་ཞུའི་ལས་རིགས་ཁེ་ལས་ལ་དམིགས་ནས་ཆེད་གཏོགས་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱེད་པ་དང་། དངུལ་རྩའི་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའམ་ཡང་ན་མ་དངུལ་བསྡུ་སྒྲིལ་བར་འདུག་ལས་ཁུངས་ཀྱིས་དངུལ་བུན་མ་དངུལ་བསྡུ་སྒྲིལ་གྱི་བར་འདུག་ལས་སྒོ་སྤེལ་རྗེས། ངོས་འཛིན་བྱས་པའི་དངུལ་བུན་གྱི་གྱོང་གུན་ནམ་ཡང་ན་བར་འདུག་གུན་གསབ་ཚབ་འཇལ་གྲུབ་ཏུ་འཇུག་དགོས་པ་མ་ཟད། ཉེན་ཁའི་ཁ་གསབ་ཐེབས་རྩ་ཡིས30%ཡི་ཐེངས་གཅིག་རང་བཞིན་གྱི་ཉེན་ཁའི་ཁ་གསབ་སྤྲོད་དགོས། དེའི་ནང་དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་ཁྱིམ་ཚང་རེར་སྒོར་ཁྲི80ལས་མི་བརྒལ་བ་དང་ཁེ་ལས་ཆུང་གྲས་ཀྱི་ཁྱིམ་ཚང་རེར་སྒོར་ཁྲི50ལས་བརྒལ་མི་ཆོག

ལྔ། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་བྱེད་པའི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས་ཞབས་ཞུའི་ལས་རིགས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མུ་མཐུད་དུ་དངུལ་བུན་གཏོང་བ་དང་དུས་ཚོད་ཕྱིར་འགྱངས་སོགས་ཀྱི་བྱེད་ཐབས་བརྒྱུད། ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་དགོས། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཚུར་སྒྱུར་རིམ་སྤར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མ་རྩའི་ཚོང་རའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་པ་དང་། ཧུར་ཐག་གིས་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་ནས། ཐད་ཀར་མ་དངུལ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་དགོས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་བར་འདུག་སྤྱི་གཉེར་གྱི་ཉེན་ཁ་འགན་ལེན་དང་ཡིད་རྟོན་ཇེ་ཆེ། ནུས་ཤུགས་སྦྱིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཞབས་ཞུ་འོས་འཐུས་ཀྱི་ཚད་གཞི་དམའ་རུ་བཏང་ནས་རང་ཁུལ་གྱི་ཞབས་ཞུའི་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་རྒྱུར་བར་འདུག་ཞབས་ཞུའི་དགེ་མཚན་འདོན་དགོས། རིམས་ནད་བྱུང་རིང་ཁོངས་གཏོགས་ས་གནས་སུ་སྡོད་པའི་སྲིད་གཞུང་རང་བཞིན་གྱི་བར་འདུག་སྤྱི་གཉེར་གྱིས་ས་གནས་དེ་གའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་བར་འདུག་ཞབས་ཞུ་མཁོ་འདོན་བྱེད་དགོས་རིགས་ལ་བར་འདུག་འགྲོ་གྲོན་མེད་པར་གཏོང་དགོས།

དྲུག ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། རིམས་ནད་བྱུང་རིང་། ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་ཁོང་ཡངས་ལྟོས་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་དགོས། “ཆད་པ་མི་འཇོག་པའམ་ཡང་མོ་གཅོད་པའི”གསལ་ཐོ་དང་མཐུན་པའི་སྲིད་འཛིན་ཆད་པ་དང་ཐོག་དང་པོར་ཁྲིམས་འགལ་ཨེན་ཙམ་བྱས་ཀྱང་དག་ཐེར་བྱས་པའི་སྲིད་འཛིན་ཆད་པ་གང་རུང་དེ། བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་མེད་ན། 《སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》གཞིར་བཟུང་ནས་ཆད་པ་ཡང་མོ་གཅོད་པའམ་ཡང་ན་ཆད་པ་མ་བཅད་ཀྱང་ཆོག ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་དེ་གཉེར་སྐྱོང་རྒྱུན་ལྡན་མིན་པའི་མིང་ཐོ་ལས་འཐེན་པའི་རེ་ཞུ་ལ། ཁ་པར་བློ་འདྲི་དང་ཟུར་ཁྲིད་ཞབས་ཞུ། “སྦྲག་ཐོག་ནས་སྒྲུབ་པ་དང་ངོ་འཕྲད་མི་བྱེད་པའི”གཉེར་སྒྲུབ་བྱེད་སྟངས་ཁྱབ་སྤེལ་བཏང་ནས་གཉེར་སྒྲུབ་ཀྱི་དུས་ཚོད་ཐུང་དུ་གཏོང་དགོས།

བདུན། ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྲིན་ཚོང་བྱེད་སྒོ་སྤེལ་བར་བསྔགས་སྐུལ་དང་བྲིན་ཚོང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་སྣ་ཚོགས“མཚོ་སྔོན་ངོ་འཕྲད་གྲོས་ཚོགས”སོགས་ཞིང་ཆེན་ཕྱི་ནང་གི་འགྲེམ་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་ནང་ཞུགས་རྒྱུར་སྐུལ་ལྕག་བཏང་ནས། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་འགྲེམ་གནས་དང་ཟོག་འགྲེམ་གྱི་ཁ་གསབ་སྤྲོད་དགོས།

བརྒྱད། ཁེ་ལས་གྲོན་བསྡུ་དང་འབྲེལ་བ་ཡོད་པའི་ཆེད་དོན་བཅོས་སྐྱོང་གི་བྱ་སྤྱོད་སྤེལ་བ། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། བསྡུ་ཆ་གང་བྱུང་དུ་རྒྱག་པ། དངུལ་ཆད་གང་བྱུང་དུ་གཅོད་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་ནན་མོ་བྱེད་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་སྒྲིག་འགལ་ངང་རིན་དངུལ་བསྡུ་བ་དང་ལས་རིགས་ཀྱི་དམིགས་བསལ་གནས་བབ་ལ་བརྟེན་ནས་བཙན་ཤེད་ཀྱིས་རིན་དངུལ་བསྡུ་བ་སོགས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཆུ་དང་གློག སོལ་རླངས། དྲོད་བཅས་མཁོ་འདོན་གྱི་ལས་གྲྭ་སྒྲིག་སྦྱོར་དང་ཉམས་གསོ་བདག་སྐྱོང་ཁྱབ་ཁོངས་ཀྱི་རིན་གོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱེད་པའམ་ཡང་ན་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་བསྟར་མི་བྱེད་པ་དང་། ལུགས་དང་མི་མཐུན་པའི་འགྲོ་གྲོན་བསྡུ་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས།

དགུ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྡེ་ཁག་དང་ཁེ་ལས། དོན་གཉེར་སྡེ་ཚན་གྱིས་སྤེལ་བའི་ཚོགས་འདུ་དང་ཚོགས་འགྲེམ། སློབ་གསོ་གསོ་སྦྱོང་། བཟའ་བཏུང་ཞག་སྡོད་སོགས་ཀྱི་ལས་སྒོ་དེ་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་པའི་རང་ས་གནས་ཀྱི་རིག་གནས་གནས་སྐོར་དང་བཟའ་བཏུང་ཞག་སྡོད་ཁེ་ལས་ལ་མངགས་བཅོལ་སྒོས་གཙོ་སྒྲུབ་བྱེད་དུ་བཅུག་པ་དེ། དམིགས་བསལ་སྒོས་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ནང་འཇུག་དགོས།

བཅུ། བོགས་དངུལ་འཕྲི་གཅོག་གཏོང་བའི་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་གཞུང་ཁོངས་ཁང་བ་བོགས་མར་བླངས་ནས་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་སྤེལ་བ་ཡིན་ན། 2022ལོའི་བོགས་དངུལ50%འཕྲི་གཅོག་བྱེད་རྒྱུ་དང་། ཞབས་ཞུའི་ལས་རིགས་ལ་དཀའ་ངལ་ཡོད་པའི་ཁེ་ལས་ལ100%འཕྲི་གཅོག་བྱེད་རྒྱུགཞུང་ཁོངས་ཁང་པ་ལག་བརྒྱུད་བོགས་མར་གཏོང་མཁན་ལ་རྩ་དོན་ཐོག་ནས་བོགས་གཏོང་ཁང་གླ་འཕྲི་གཅོག་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་མེད། ས་ཞིང་དང་རྒྱལ་ཁབ་ལ་དབང་བའི་སྒྲིག་ཆས་གཞན་དག་བོགས་མར་བླངས་པའི་རིགས་ལ་ཟུར་ལྟ་བྱས་ནས་ལག་བསྟར་བྱེད་རྒྱུ། བོགས་དངུལ་འཕྲི་གཅོག་བཏང་བའི་ཁང་བདག་ལས་ཁུངས་ལ་ལོ་དེའི་ཁང་པའི་དཔྱ་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་འཕྲི་གཅོག་གཏོང་བ་དང་། བོགས་དངུལ་འཕྲི་གཅོག་བཏང་བའི་དབང་གིས་ལས་ཁུངས་ཀྱི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་དབང་ཁེ་ལས་དང་དོན་གཉེར་སྡེ་ཁག་དེར། དཔྱད་ཞིབ་བྱེད་སྐབས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁས་ལེན་བྱེད་ཆོག

བཅུ་གཅིག འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ། འཛད་སྤྱོད་ཀྱིས་དཔལ་འབྱོར་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུབ་མཚོའི་ཟོང་འདུས་བསྡུས་ཚོང་ར་དང་། འཇུ་ལག་དམངས་སྲོལ་ཚོང་ལས་ཁྲོམ་གཞུང་། མདོ་ལའི་ཉམས་སྣང་ཁྲོམ་གཞུང་། མདའ་བཞིའི་འཆར་སྣང་རིག་གནས་གནས་སྐོར་ཚོང་ཁྲོམ། རྐང་ཚའི་མཚོ་འགྲམ་བོད་མཁར་གྱི་ལྟེ་བའི་ཁུལ་སོགས་ཀྱི་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཁྱད་ལྡན་བཟའ་བཏུང་ཁྲོམ་གཞུང་འཛུགས་པ་དང་། གཞིས་ཁུལ་གྱི་ཚོང་ལས་ཆ་སྒྲིག་སྒྲིག་ཆས་འཐུས་ཚང་དུ་གཏོང་བ།  བཟའ་བཏུང་ཞག་སྡོད་དང་ཁྱིམ་སྐྱོང་སྡེ་ལས། བདེ་ཐང་རྒན་གསོ་སོགས་ཀྱི་གཅིག་སྦྲེལ་ཐོན་ལས་མཉམ་སྤྱོད་འཕེལ་རྒྱས་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་དང་འབྲེལ་བའི་དཔལ་འབྱོར་གོང་འཕེལ་གྱི་གནས་ཡུལ་གསར་བ་གསོ་སྐྱོང་དང་རྒྱ་ཆེར་སྤེལ་དགོས། ཧུར་ཐག་གིས་ཞིང་ཆེན་རིམ་པས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་བརྩོན་ལེན་བྱེད་པ་དང་། གོང་བཅག་ནས་ཁེ་བཟང་སྤྲོད་པ་དང་འཛད་སྤྱོད་འཛིན་ཤོག་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། གཙོ་བོ་ས་གནས་དེ་གའི་ཚོང་ར་དང་ས་གནས་དེ་གའི་ཁེ་ལས་ལ་ཕྱོགས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྐུལ་སློང་བྱེད་དགོས།

བཅུ་གཉིས། དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམ་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། མྱུར་སྐྱེལ་ལས་རིགས་དེ་གྲོང་གསེབ་ཏུ་སྐྱོད་པའི་ལས་གྲྭ་ལག་བསྟར་བྱེད་པ། མཁར་གྲོང་གི་ཚོང་ལས་དྲ་ཚིགས་དང་ཟོག་འགྲེམ་སྒྲིག་བཀོད་ཀྱི་བར་སྟོང་གི་བཀོད་པ་ལེགས་སུ་གཏོང་བ། མྱུར་སྐྱེལ་ཟོག་འགྲེམ་རླངས་འཁོར་ཤར་བགྲོད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ཐད་གཏོང་ཚོང་འགུགས་ལ་སྐུལ་འདེད་བཏང་ནས། དེང་རབས་ཞབས་ཞུའི་ལས་རིགས་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

བཅུ་གསུམ། ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ནོར་སྲིད་མ་དངུལ་དང་སྲིད་གཞུང་གི་བུན་འཛིན། “འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས”། གྲོང་གསེབ་དར་སྤེལ་སོགས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། གནས་སྐོར་ཞབས་ཞུའི་ཕྱོགས་བསྡུས་བདག་ཉིད། ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་སོགས་ཀྱི་རྣམ་གྲངས་སྐོར་ཞིག་ལག་བསྟར་སྐུལ་འདེད་མགྱོགས་སུ་བཏང་སྟེ། གཙོ་བོ“221གནས་གཞིའི་གནས་རྙིང”སྲུང་སྐྱོང་བེད་སྤྱོད་དང་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱིAཅན5རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་དགོས། “འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས”ཀྱི་རྨང་གཞི་སྒྲིག་ཆས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ནས། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་ཕན་ནུས་ལྡན་པའི་དགོས་མཁོ་ཆེ་རུ་གཏོང་དགོས་ལ། དཔལ་འབྱོར་འཕེལ་རྒྱས་དང་ལས་རིགས་སླར་གསོ་བྱེད་པར་སྒུལ་ཤུགས་ཡོད་པར་བྱེད་དགོས།

བཅུ་བཞི། ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ། ཁོངས་གཏོགས་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ། སྐྱེ་ཁམས་དཔལ་ཡོན་སློབ་གསོ། མི་རིགས་དམངས་སྲོལ་རིག་གནས་ཐོན་ཁུངས་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་སློབ་གསོའི་རྟེན་གཞིའིསྒར་སདཔྱད་བསྡུར་གཏན་འབེབས་ལས་དོན་ཧུར་ཐག་གིས་སྤེལ་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་སློབ་གསོ་རྩ་འཛུགས་བྱས་ཏེ་མཚོ་བྱང་གི་དོན་དངོས་དང་མཐུན་ལ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་སློབ་གསོའི་རྩེ་གྲའི་ལམ་ཐིག་དང་ཁྱད་ལྡན་སྤུས་རྟགས་གཏོད་དགོས། ཁ་གཏད་རོགས་སྐྱོར་བྱ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཧྲན་ཏུང་དང་མཚོ་བྱང་ས་ཁུལ་གཉིས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྩ་འཛུགས་བྱས་ནས་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བ་དང་། ས་གནས་གཉིས་ཀྱི་སློབ་གསོ་དང་རིག་གནས་གནས་སྐོར་བྱ་གཞག་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས།

བཅོ་ལྔ། རིག་གནས་གནས་སྐོར་ཐོན་ལས་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཕོགས་ལྡན་གུང་གསེང་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ་དང་། དུས་ཆེན་དང་གུང་གསེང་གི་དུས་ཚིགས་ལ་དམིགས་ནས་གྲོང་གསེབ་གནས་སྐོར་དང་ཚ་གཡོལ་གནས་སྐོར་སོགས་སྐྱེ་ཁམས་ཁམས་གསོའི་རིགས་ཀྱི་རིག་གནས་གནས་སྐོར་ཀྱི་གཟིགས་སྐྱོང་བྱེད་སྒོ་སྤེལ་ནས། གསར་དར་རིག་གནས་གནས་སྐོར་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་གཏོང་བ་དང་། ཧུར་ཐག་གིས་ལུས་རྩལ་འཛད་སྤྱོད་སྐུལ་འདེད་གཏོང་དགོས།

བཅུ་དྲུག གཞུང་ལམ་འགྲུལ་སྐྱེལ་འཁོར་ལོ་གཉེར་སྐྱོང་གི་དུས་བཅད་དོ་དམ་ལྷོད་དུ་གཏོང་བ། རིམས་ནད་བྱུང་བའི་རིང་ལ། ཐག་རིང་སྐྱེལ་འདྲེན་ཁེ་ལས་ཀྱི་གཉེར་སྐྱོང་ལོ་ཚད་ལོན་པའི་འགྲུལ་སྐྱེལ་རླངས་འཁོར་ལ། རྟོག་འཇལ་བྱས་ནས་ཆ་རྐྱེན་དང་མཐུན་པའི་རིགས་ལ་གཉེར་སྐྱོང་དུས་ཚད་རིང་དུ་གཏོང་རྒྱུ་དང་། དུས་ཚོད་རིང་དུ་གཏོང་བ་དེ་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱེད་རྒྱུ།

བཅུ་བདུན། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་མ་དངུལ་དེས་རང་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་རེ་ཞུ་བྱེད་པ། “བྱ་དགའི་ཁ་གསབ་ཀྱི་ཚབ་བྱེད་པའི”དཔྱད་ཞིབ་མ་ལག་གི་ལས་སྟེགས་ལ་བརྟེན་ནས། ཀྲུང་དབྱང་གི་གཞུང་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་གཞུང་ལམ་གྱི་བྱ་དགའི་ཁ་གསབ་མ་དངུལ་བརྩོན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

བཅོ་བརྒྱད། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་གནད་ཁེལ་ལག་བསྟར་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་བྱ་བའི་ཕྱོགས་བསྡུས་ཚན་ཁག་གི་རིམས་འགོག་སྲིད་ཇུས་ཀྱི“མི་རུང་བ་ལྔ”ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་གཟབ་ནན་དང་། ཚན་རིག་དང་མཐུན་པ། གནད་སྨིན་བཅས་ཀྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། “འགོག་སྡོམ་ལྷོད་གཡེང”དང“འགོག་སྡོམ་དྲག་པའི”ཕྱོགས་ལྷུང་གཉིས་མཐའ་གཅིག་ཏུ་སྔོན་འགོག་དང་གཡོལ་བར་བྱེད་དགོས།

བཅུ་དགུ། ཉིང་སྐྱུར་བཤེར་འཇལ་སྟབས་བདེ་ཅན་གྱི་བྱེད་ཐབས་ལ་ཤུགས་སྣོན་བྱེད་པ། གནས་སྐོར་མཛེས་ལྗོངས་ཁུལ་དང་གནས་སྐོར་གསོལ་མགྲོན་ཁང་། དེ་བཞིན་རླངས་འཁོར་དང་དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སོགས་འབབ་ཚུགས་ཀྱི་མིག་མཐོང་ལག་ཟིན་གྱི་གནས་སུ་ཡོངས་བསྒྲགས་བྱང་བུ་བཙུགས་ནས་ཐག་ཉེ་སའི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་ཀྱི་ས་གནས་དང་། བཤེར་འཇལ་དུས་ཚོད། འབྲེལ་གཏུག་བྱེད་སྟངས་བཅས་གསལ་བཤད་ཞིབ་ཕྲ་བྱས་ཏེ་གནས་སྐོར་བར་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། མི20ཡན་གྱི་ཚོགས་པར་སྒོ་རྩར་དཔེ་སྒྲུག་གི་ཞབས་ཞུ་མཁོ་འདོན་བྱེད་དགོས། ཁུལ་དང་རྫོང་སྲིད་གཞུང་སྡོད་སའི་བཟའ་བཏུང་དང་ཚོང་ཁྲོམ། སིལ་འཚོང་། མཛེས་ལྗོངས་ཁུལ། རླངས་འཁོར་འབབ་ཚུགས། ཟོག་འགྲེམ་སྐྱེལ་འདྲེན་སོགས་ཞབས་ཞུའི་ལས་རིགས་ཀྱི་གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས་ལ་དུས་བཅད་ལྟར་ལས་ཞུགས་མི་སྣའི་ཉིང་སྐྱུར་བཤེར་འཇལ་དང་གནས་ཡུལ་དུག་སེལ་བྱེད་དགོས། 2022ལོར་ལས་ཞུགས་མི་སྣའི་དུས་བཅད་ཉིང་སྐྱུར་བཤེར་འཇལ་འགྲོ་གྲོན་གྱི50%ཁ་གསབ་རྒྱབ་སྐྱོར་བྱེད་རྒྱུ་དང་། དེར་མཁོ་བའི་མ་དངུལ་དེ་ཁུལ་དང་རྫོང་རིམ་པའི་ནོར་སྲིད་ཀྱིས50%ལྟར་སྤྲོད་རྒྱུ།

ཉི་ཤུ། ཞབས་ཞུའི་ལས་རིགས་ཀྱི་སྡོམ་རྩིས་རྟོག་འཇལ་ཞབས་ཞུར་ཤུགས་སྣོན་བྱེད་པ། ཞབས་ཞུའི་ལས་རིགས་ཀྱི་སྡོམ་རྩིས་རྟོག་འཇལ་དབྱེ་ཞིབ་བྱ་བར་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་ལས་རིགས་ཁེ་ལས་སུ་ཞུགས་པའི་ཞབས་ཞུ་རྒྱུན་མཐུད་ངང་སྤེལ་བ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྗེས་སྙེག་རྟོག་འཇལ་བྱེད་པ། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་དཀའ་ངལ་དང་གནད་དོན། རེ་བ་བཅས་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་ཧུར་ཐག་གིས་ཐག་གཅོད་བྱེད་དགོས། དུས་ཐོག་ཏུ་མཐིལ་རྟོགས་བརྟག་ཞིབ་བྱེད་པ་དང་། སྡོམ་རྩིས་བྱེད་དགོས་པ་དག་གཅིག་ཀྱང་མ་ལུས་པར་སྡོམ་རྩིས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “སྒེར་གཉེར་དེ་ཁེ་ལས་སུ་བསྒྱུར་བ་དང་། ཆུང་བ་དེ་གཞི་ཁྱོན་ཅན་དུ་འཕར་བའི”བསམ་ཕྱོགས་ལྟར། ཞབས་ཞུའི་ལས་རིགས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།



本期证报PDF文件